མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༸གོང་ས་མཆོག་གི་ཆིབས་བསྒྱུར།

བོད་ཀྱི་དུས་བབ།
༢༠༡༣/༠༦/༠༦
Share on FacebookShare on TwitterShare on EmailShare on Whatsapp

ཟླ་འདིའི་ཕྱི་ཚེས་ ༩ ནས་ ༢༣ བར་༸གོང་ས་མཆོག་གིས་ནེའུ་ཛི་ལན་ཌི་དང་ཨོ་སི་ཊི་ལི་ཡ་བཅས་རྒྱལ་ཁག་གཉིས་ནང་ཆོས་ཕྱོགས་ཀྱི་མཛད་འཕྲིན་བསྐྱང་རྒྱུ་ཡིན་འདུག

ཟླ་འདིའི་ཕྱི་ཚེས་ ༡ ནས་ ༤ བར་༸གོང་ས་མཆོག་གིས་བཞུགས་སྒར་དུ་རྒྱ་གར་གྱི་དད་ལྡན་པ་ ༡༢༠༠ ལྷག་དང་། ཧི་མ་ལ་ཡའི་རི་རྒྱུད་དང་རྒྱ་རིགས། ཉི་ཧོང་། ཨི་ཊ་ལི། དབྱིན་ཇི། དེ་བཞིན་ངྷ་ས་ཁུལ་གྱི་བོད་རིཊ་སེར་སྐྱ་མི་མང་བཅས་མི་ ༧༠༠༠ ལྷག་ལ་རྒྱལ་སྲས་ཞི་བ་ལྷས་མཛད་པའི་༼སྤྱོད་འཇུག༽བཀའ་ཆོས་གནང་གྲུབ་ཏེ། དེ་རིང་ཕྱི་ཚེས་ ༦ ཉིན་གྱི་སྔ་དྲོ་དགའ་ལྡན་ཕོ་བྲང་ཡིག་ཚང་དང་བོད་མིའི་སྒྲིག་འཛུགས་བདེ་སྲུང་ལས་ཁུངས་ཀྱི་མགོ་ཁྲིད། བཞུགས་སྒར་སེར་སྐྱ་མང་མང་བཅས་ཀྱིས་ཕེབས་སྐྱེལ་ཁྲོད་ལྡི་ལིར་ཆིབས་བསྒྱུར་གནང་སོང་། ཕྱི་ཚེས་ ༩ ཉིན་༸གོང་ས་མཆོག་ནེའུ་ཛི་ལན་ཌིའི་ནང་ཆིས་བསྒྱུར་གྱིས་ས་གནས་ཀྱི་ཡེ་ཤུའི་ལྷ་ཁང་ (Christchurch) ཞེས་པའི་ནང་དད་ལྡན་པ་རྣམས་ལ་༼བདེན་པ་བཞི༽ ཆོས་འབྲེལ་དང་། ས་གནས་མི་མང་ལ་༼བྱམས་སྙིང་རྗེ་དང་ཞི་བདེའི་ཀ་བ༽ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་གནང་རྒྱུ་དང་། ཕྱི་ཚེས་ ༡༡ ཉིན་གྲོང་ཁྱེར་ཊོ་ནེ་ཌེན་ས་ (Dunedin) ས་གནས་སུ་༼ཆོས་ལུགས་ལས་བརྒལ་བའི་འཛམ་གླིང་སྤྱིའི་ཀུན་སྤྱོད༽ ཅེས་པའི་བརྗོད་གཞིའི་ཐོག་བཀའ་སློབ། ཕྱི་ཚེས་ ༡༢ ཉིན་རྒྱལ་ས་ཨོ་ཁི་ལན་ཌིར་ (Auckland) མི་མང་ལ་༼བདེ་སྐྱིད་ཀྱི་ལམ་བུ༽ ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་བཅས་གནང་རྒྱུ་ཡིན་འདུག

ཕྱི་ཚེས་ ༡༤ ཉིན་༸གོང་ས་མཆོག་ཨོ་སི་ཊི་ལི་ཡའི་གྲོང་ཁྱེར་སེ་ཌེ་ནེ་ (Sydney) ནང་ཆིབས་བསྒྱུར་གྱིས། ཉིན་གཉིས་རིང་གྲོང་ཁྱེར་དེའི་ལྟེ་གནས་ཁང་ (Sydney Entertainment Center) དུ་དད་ལྡན་ཆོས་ཞུ་བ་རྣམས་ལ་ཁུ་ནུ་བླ་མ་བསྟན་འཛིན་རྒྱལ་མཚན་གྱིས་མཛད་པའི་༼བྱང་ཆུབ་སེམས་ཀྱི་བསྟོད་པ་རིན་ཆེན་སྒྲོན་མེ༽ ཆོས་འབྲེལ་དང་། ཚེས་ ༡༦ ཉིན་དེར་ཡོད་མི་མང་ལ་༼རྒྱུན་ལྡན་གྱི་མི་ཚེའི་ནང་ཚུལ་ཁྲིམས་ཐོག་དྲན་ཤེས་ཇི་ལྟར་བསྟེན་དགོས༽ ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ། ཚེས་ ༡༨ ཉིན་གྲོང་ཁྱེར་མེལ་བྷོ་རོན་དུ་དད་ལྡན་པ་རྣམས་ལ་༼སྙིང་རྗེ་དང་གཞི་རྩའི་བདེ་ཐབས༽ ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་གནང་རྒྱུ་ཡིན་འདུག  ཚེས་ ༢༡ ནས་ ༢༣ བར་གྲོང་ཁྱེར་ཨ་དྷི་ལ་དྷི་ལྟེ་གནས་ཁང་དུ་མི་མང་ལ་༼ བདེ་སྐྱིད་འཚོལ་བ༽ ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་དང་བདེན་བཞིའི་ཆོས་འབྲེལ་བཅས་གནང་རྒྱུ་ཡིན་པ་མ་ཟད། དེར་ཡོད་མི་མང་ལ་༼ཐུན་མོང་ལ་དབང་བའི་འཛམ་གླིང་སྤྱིའི་ཀུན་སྤྱོད༽ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་བཅས་གནང་རྒྱུ་ཡིན་འདུག

ཟླ་འདིའི་ཕྱི་ཚེས་ ༢༧ དང་ ༢༨ བཅས་ཉིན་གཉིས་རིང་༸གོང་ས་མཆོག་གིས་ངྷ་སྟེང་བོད་ཁྱིམ་དུ་བོད་པའི་གཞོན་སྐྱེས་ཚོར་༼ལེགས་བཤད་བློ་གསལ་མིག་འབྱེད༽བཀའ་ཆོས་གནང་རྒྱུ་ཡིན་འདུག

 

གསར་འགོད་པ། དོན་གོ

 

 

འབྲེལ་ཡོད་གསར་འགྱུར།

བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

ཤེས་རིག་བཀའ་བློན་མཆོག་གིས་ལྷོ་བྱང་གི་བོད་མིའི་གཞིས་ཆགས་དང་སློབ་གྲྭ་ཁག་ཅིག་ཏུ་འཚམས་གཟིགས་གནང་།

ཆུ་ཚོད་ ༡༤ སྔོན་ལ།
Mobile App

སྐུ་ཚབ་དོན་གཅོད་གཉིས་བསྐོ་གཞག་གནང་། 

ཆུ་ཚོད་ ༡༧ སྔོན་ལ།
Mobile App

ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁ་མཆུ་ཨང་ ༢༣ པའི་མཐའ་མའི་བཅད་ཁྲ་བཏང་སོང་། 

༢༠༢༦/༡༠/༢༡
Photos: Official portraits, U.S. House of Representatives
Mobile App

ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་༧གོང་ས་རྒྱལ་བ་རིན་པོ་ཆེར་མཇལ་བཅར་ཞུས།

༢༠༢༦/༡༠/༢༡
བཀའ་ཤག་གི་གསར་འགོད་གསལ་བསྒྲགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ལྷོ་ཨ་ཧྥི་རི་ཁའི་དོན་གཅོད་ཁང་གི་གནད་དོན་ཁྲིམས་ཐོག་ནས་སེལ་བའི་རེ་སྐུལ་གནང་འདུག

༢༠༢༦/༡༠/༢༡
CFOTO/Future Publishing via Getty Images
Mobile App

ཨ་རིས་རྒྱ་ནག་གི་བཅོས་མའི་རིག་ནུས་ཌིབ་སིག་བཀག་སྡོམ་བྱས།

༢༠༢༦/༡༠/༢༠

མཆན། 1

  1. གནས་ཚང་། says:
    ལོ་ 13 སྔོན།

    ཇི་སྐད་དུ་བཀའ་ཟུར་ཐུབ་བསྟན་ལུང་རིགས་ཞལ་ལས།
    རྩ་བ་རུལ་པའི་སྡོང་པོ་ལ། །རྟེན་པར་བྱེད་པ་བླུན་པོའི་རྟགས། །རང་ཡང་འཁོར་བར་བྱིང་བ་ལ། །སྐྱབས་སུ་འཛིན་རྣམས་བླུན་པོའི་རྟགས། །

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese