མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨི་ཇིབ་གནས་སྟངས་ཛ་དྲག་ཆཊ་འདུག

བོད་ཀྱི་དུས་བབ།
༢༠༡༣/༠༨/༠༨
Share on FacebookShare on TwitterShare on EmailShare on Whatsapp

ཨི་ཇིབ་ནང་དམག་སྤྱི་ཆེན་མོས་རྒྱལ་ཁབ་ཀྱི་སྲིད་འཛིན་མོར་སི་འཛིན་བཟུང་བྱས་རྗེས་ཁོའི་ཕྱོགས་གཏོགས་ཁ་ཆེ་སྤུན་ཟླ་ཚོགས་པས་ངོ་རྒོལ་ཤུགས་ཆེན་བྱས་ཏེ་གནས་སྟངས་ཛ་དྲག་ཇེ་ཆེར་འགྲོ་བཞིན་འདུག

ཕྱི་ཚེས་ ༥ ཉིན་ཨ་རིའི་སྲིད་འཛིན་ཨོ་བྷ་མའི་ཆེས་མཐོའི་སྐུ་ཚབ། གྲོས་ཚོགས་གོང་མའི་འཐུས་མི་ཇོན་མད་ཀམ་ (John McCain) ལགས་དང་གྷིར་ཧམ་( Lindsey Graham) ལགས་གཉིས་ཨི་ཇིབ་ནང་གི་སྲིད་དོན་དཀའ་རྙོག་འདུམ་སྒྲིག་བྱེད་ཆེད་ཨི་ཇིབ་རྒྱལ་ས་ཁད་རོབ་ནང་འབྱོར་ཏེ། ཨི་ཇིབ་བར་བརྒལ་གཞུང་གི་སྲིད་འཛིན་མཱན་སོར་ ( Adli Mansour) ལགས་གཙོས་དམག་སྤྱི་ཆེན་མོ་སེ་སེ་( Abdel Fattah el-Sisi) དང་། ནང་སྲིད་བློན་ཆེན་ཧྥའ་མེ་ ( Nabil Fahmy) བཅས་ལ་ཐུག་འཕྲད་གནང་སྟེ། ཕྱིར་འཕུད་བཏང་བའི་སྲིད་འཛིན་མོར་སེ་ལགས་དང་སྲིད་དོན་བཙོན་མ་རྣམས་ཀློད་གྲོལ་བཏང་སྟེ། བར་བརྒལ་སྲིད་གཞུང་དང་སྲིད་འཛིན་མོར་སིའི་རྒྱབ་སྐྱོར་བྱེད་མཁན་མང་ཚོགས་བར་གྲོས་སྡུར་དང་ཨི་ཇིབ་ནང་དམངས་གཙོའི་སྲིད་གཞུང་ཞིག་གང་མགྱོགས་འཛུགས་རྒྱུའི་སྐོར་ལ་གྲོས་བསྡུར་གནང་འདུག

ཁ་སང་ཕྱི་ཚེས་ ༦ ཉིན། གོང་གི་སྐུ་ཚབ་དེ་གཉིས་ཀྱིས་ཨི་ཇིབ་རྒྱལ་སར། གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་། སྐུ་ཚབ་ཇོན་མད་ཀམ་ལགས་ཀྱིས་ “ ཨི་ཇིབ་སྲིད་འཛིན་མོར་སི་ཕྱིར་ཕུད་བཏང་བ་དེ་དམག་མིའི་གྱེན་ལངས་ཡིན་པ་དང་བར་བརྒལ་གཞུང་གིས་མི་མང་གི་མངོན་འདོད་ལྟར་ཁ་ཆེ་སྤུན་ཟླ་ཚོགས་པའི་མི་སྣ་ཀློད་གྲོལ་བཏང་ནས་ཕྱོགས་གཉིས་ཀྱིས་གྲོས་མོལ་བྱེད་དགོས་པའི་ལམ་སྟོན་བྱས་ཡོད། དེ་མིན་ཨ་རིའི་གཞུང་གིས་ཨི་ཇིབ་ཀྱི་དམག་མིར་རོགས་སྐྱོར་མ་དངུལ་ཨ་སྒོར་ཐེར་འབུམ་ ༡།༣ སྤྲོད་བཞིན་ཡོད་པ་དེ་མཚམས་འཇོག་བྱེད་རྒྱུ་ཡིན”ཞེས་དང་། དེ་བཞིན། གྷིར་ཧམ་ལགས་ཀྱིས་ཀྱང་ “ དམངས་གཙོའི་རྒྱལ་ཁབ་ནང་ཕྱོགས་གཉིས་ཀྱིས་མཉམ་དུ་གྲོས་མོལ་བྱེད་དགོས་པ་ལས་ཕྱོགས་གཅིག་བཙོན་ཁང་ནང་བསྡད་ནས་ཕྱོགས་གཅིག་གིས་གྲོས་མོལ་བྱ་ཐུབ་མེད་པ་མ་ཟད། མི་མང་གིས་བདམས་པའི་མི་དེ་བཙོན་ཁང་ནང་བཅུག་སྟེ་འོས་འདེམས་མ་བྱས་པའི་མི་ཞིག་གིས་སྲིད་གཞུང་འཛིན་སྐྱོང་བྱས་ན་མི་མང་གིས་ངོས་ལེན་བྱེད་ཐབས་མེད། ཡིན་ནའང་ཨ་རིའི་གཞུང་གིས་རྒྱལ་ཁབ་གཉིས་ཀྱི་ཕྱི་སྲིད་འབྲེལ་ལམ་གལ་ཆེན་དུ་བརྩིས་ཏེ་རྒྱུན་འཁྱོངས་བྱེད་བཞིན་ཡོད” ཅེས་བཤད་འདུག 

ཐེངས་འདིར་སྐུ་ཚབ་གཉིས་ཀྱིས་ཨི་ཇིབ་ཀྱི་དམག་ཕྱོགས་ནས་རྒྱབ་སྐྱོར་ཡོད་པའི་བར་བརྒལ་གཞུང་ལ་སྣོན་ཤུགས་སྤྲད་ཡོད་པ་མ་ཟད། དམག་མིས་གྱེན་ལངས་བྱས་ཏེ་སྲིད་འཛིན་མོར་སི་ཕྱིར་འཕུད་བཏང་བར་ངོས་འཛིན་བྱས་པ་ཡོངས་བསྒྲགས་བྱས་ཡོད། ད་སྔ་ཨ་རིས་གཞུང་གིས་ཨི་ཇིབ་དང་ཇོར་ཌིན་གཉིས་བརྒྱུད་དེ་དཀྱིལ་ཤར་ཁུལ་གྱི་ཞི་བདེ་ལ་སྲུང་སྐྱོང་བྱེད་ཀྱི་ཡོད་པ་དང་། ཨི་ཇིབ་དམག་ཕྱོགས་ནས་སྲིད་འཛིན་མོར་སི་ཕྱིར་འཕུད་བཏང་བ་སོགས་ནི་ནོར་འཁྲུལ་ཞིག་ཏུ་ངོས་འཛིན་བྱས་མེད། ཡིན་ནའང་ཨ་རིའི་གཞུང་གིས་ཨི་ཇིབ་ནང་ངོ་རྒོལ་བྱེད་བཞིན་ཡོད་པར་ཁ་གཡར་ཏེ་ཨ་རིའི་འཐབ་འཁྲུག་གནམ་གྲུ་ ( F -16) རྟགས་ཅན་གྱི་རོགས་སྐྱོར་སྤྲོད་བཞིན་པ་དེ་ཕྱི་ཟླ་ ༧ ཚེས ༡༠ ཉིན་གནས་སྐབས་རིང་མཚམས་འཇོག་བྱས་པ་གསལ་བསྒྲགས་བྱས་འདུག

ཟླ་སྔོན་མའི་ནང་། ཨ་རིའི་གྲོས་ཚོགས་ནང་སྤྱི་མཐུན་ཚོགས་པའི་འཐུས་མི་ཇོན་མད་ཀམ་ལགས་དང་གྷིར་ཧམ་ལགས་གཉིས་ཀྱིས། ཨི་ཇིབ་ཀྱི་དམག་སྤྱིས་སྲིད་འཛིན་མོར་སི་ཕྱིར་འཕུད་འཛིན་བཟུང་བྱས་པ་དེར་མང་ཚོགས་ཀྱིས་ངོ་རྒོལ་ཤུགས་ཆེན་འབྱུང་བཞིན་ཡོད་སྟབས། ཨ་རིའི་གཞུང་གིས་ཨི་ཇིབ་གཞུང་ལ་དམག་དོན་རོགས་སྐྱོར་མ་དངུལ་གཏོང་བཞིན་པ་དེ་མཚམས་འཇོག་བྱེད་དགོས་པའི་གྲོས་གཞི་བཏོན་ཡོད་ཀྱང་གྲོས་ཚོགས་ནང་རྒྱབ་སྐྱོར་འཐོབ་མེད།

ཟླ་སྔོན་མའི་ཟླ་མཇུག་ནས་བཟུང་ཉིན་བཅུའི་རིང་། ཨ་རིའི་རྒྱལ་དོན་དྲུང་ཆེ་གཞོན་པ་བི་ལིམ་སྦིན་སི་ ( William Burns) དང་ཡུ་རོབ་མཐུན་ཚོགས་ཀྱི་དཀྱིལ་ཤར་ཡུལ་གྲུའི་སྐུ་ཚབ་བྷེ་ནཱར་ཊི་ནོལ ( Bernardino Leon) ལགས་གཉིས་ཀྱིས་ཀྱང་ཨི་ཇིབ་ནང་གི་དཀའ་རྙོག་སེལ་ཆེད། བར་བརྒལ་གཞུང་གི་གནད་ཡོད་མི་སྣ་དང་། བཟང་བཙོན་འོག་ཡོད་པའི་སྲིད་འཛིན་མོར་སི་ལགས་དང་ཁ་ཆེ་སྤུན་ཟླ་ཚོགས་པའི་མི་སྣ་སོགས་ལ་ཐུག་འཕྲད་གྲོས་མོལ་བྱས་ཡོད་ཀྱང་། ཨི་ཇིབ་ནང་ཞི་འགྲིག་གྲོས་མོལ་མ་བྱས་པར་ཁ་ཆེ་སྤུན་ཟླ་ཚོགས་པས་སྲིད་འཛིན་མོར་སི་ལ་རྒྱབ་སྐྱོར་བྱེད་པའི་ལངས་ཕྱོགས་ལ་འགྱུར་བ་གང་ཡང་མེད་ཚུལ་བརྗོད་ཡོད་འདུག ཨ་རིའི་རྒྱལ་དོན་དྲུང་ཆེ་གཞོན་པ་ཨི་ཇིབ་ནང་གཟིགས་སྐོར་བྱས་པའི་སྐོར་ལ། ཨ་རིའི་རྒྱལ་དོན་ལས་ཁུངས་ཀྱི་མགྲིན་པ་ལྕམ་མཱ་ཁུ་ར་ཡ་ཧར་ཧྥུ་ ( Marie Harf) ལགས་ཀྱིས་གསར་འགོད་ཚོར་བརྗོད་དོན། “ ཨི་ཇིབ་བར་བརྒལ་གཞུང་དང་ཁ་ཆེ་སྤུན་ཟླ་ཚོགས་པ་གཉིས་བར་གྲོས་མོལ་གནང་སྟེ། ཨི་ཇིབ་ནང་དམངས་གཙོའི་གཞུང་ཞིག་འཛུགས་པར་རོགས་ཕན་དང་ཛ་དྲག་གནས་སྟངས་ཞི་འཇགས་ཡོང་བའི་ཆེད་ཡིན།” ཞེས་བརྗོད་འདུག

དེ་བཞིན་རྒྱལ་སྤྱིའི་ནང་ཨི་ཇིབ་ཀྱི་གནས་བབ་ཛ་དྲག་ཆེན་པོ་ཆགས་སྟབས། ཨ་ཧྥི་རི་ཁ་མཐུན་ཚོགས། ཁ་ཆེ་རྒྱལ་ཁབ་མཐུན་ཚོགས་བཅས་ཀྱིས་ཀྱང་དམིགས་བསལ་སྐུ་ཚབ་ཆེད་གཏོང་གནང་སྟེ། ཨི་ཇིབ་བར་བརྒལ་གཞུང་ལ་གནོན་ཤུགས་སྤྲད་དེ་གང་མགྱོགས་ཨི་ཇིབ་ནང་གི་སྲིད་དོན་དཀའ་རྙོག་ཞི་འཇགས་ཡོང་རྒྱུར་འབོད་སྐུལ་ཞུ་བཞིན་ཡོད་པ་མ་ཟད། ཧྥ་རན་སི་དང་ལྷོ་ཨ་ཧྥེ་རི་ཀ འཇར་མན་བཅས་ཀྱིས་སྲིད་འཛིན་མོར་སི་གང་མགྱོགས་ཀློད་གྲོལ་བཏང་སྟེ་མི་མང་ཞི་འཇགས་ཡོང་ཐབས་བྱེད་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག

དེ་རིང་ཕྱི་ཚེས་ ༧ ཉིན། ཨི་ཇིབ་བར་བརྒལ་སྲིད་འཛིན་ལས་ཁུངས་ཀྱིས། ཨ་རི་དང་ཡུ་རོབ་མཐུན་ཚོགས་གཙོས་རྒྱལ་སྤྱིའི་སྲིད་དོན་མི་སྣ་ཚོས་ཨི་ཇིབ་ནང་གི་སྲིད་དོན་དཀའ་རྙོག་སེལ་རྒྱུར་འབད་བརྩོན་བྱས་པར་གྲུབ་འབྲས་མ་སོན་པ་དེ་ཁ་ཆེ་སྤུན་ཟླ་ཚོགས་པར་འགན་འཁུར་ཡོད་ཅེས་གསལ་བསྒྲགས་སྤེལ་འདུག

ཕྱི་ཟླ་ ༧ ཚེས་ ༣  ཉིན་ཨི་ཇིབ་དམག་ཕྱོགས་ཀྱིས་སྲིད་འཛིན་མོར་སི་ཕྱིར་འཕུད་བཏང་རྗེས། ཁོང་གི་ཕྱོགས་གཏོགས་ཁ་ཆེ་སྤུན་ཟླ་ཚོགས་པ་དང་། སྲིད་འཛིན་མོར་སི་ལ་རྒྱབ་སྐྱོར་བྱེད་མཁན་མང་ཚོགས་ཚོས་ཨི་ཇིབ་རྒྱལ་ས་གཙོས་པའི་གྲོང་ཁྱེར་མང་པོའི་ནང་ངོ་རྒོལ་ཤུགས་ཆེན་བྱས་ཏེ། སྲིད་འཛིན་མོར་སི་ཕྱིར་འཕུད་བཏང་བ་ནི་དམངས་གཙོར་རྡོག་རོལ་བཏང་བ་ཞིག་ཡིན་པ་དང་། ཁོང་གི་སྲིད་འཛིན་གོ་གནས་བསྐྱར་གསོ་དགོས་པ་སོགས་ཀྱི་འབོད་ཚིག་བསྒྲགས་ཡོད། ད་སྔ་རྙོག་ཟིང་དེའི་ཁྲོད་ ༢༥༠ ཙམ་གྱི་ཚེ་སྲོག་ཤོར་ཡོད་འདུག

གསར་འགོད་པ། ལྷ་སྐྱབས་རྒྱལ།

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་རྐང་རྩེད་སྤོ་ལོའི་མཐུན་ཚོགས་སྒྲིག་ཁྲིམས་འགན་འཛིན་ཟུར་པར་ལོ་ ༡༠ ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

རྒྱ་ནག་རྐང་རྩེད་སྤོ་ལོའི་མཐུན་ཚོགས་ནང་ལྐོག་ཟ་རུལ་སུངས་ཀྱི་གནད་དོན་བསྟུད་མར་བྱུང་།

ཆུ་ཚོད་ ༥ སྔོན་ལ།
Mobile App

དབྱིན་ཡུལ་གྲོས་ཚོགས་འོག་མས་རྒྱ་ནག་ཉིན་རེའི་ཚགས་པར་འགྲེམས་སྤེལ་བཀག་འགོག་གནང་།

ཆུ་ཚོད་ ༥ སྔོན་ལ།
དྲ་ལམ་གྱི་པར།
Mobile App

ཁུང་ཙིའི་སློབ་གླིང་ཁག་སྒོ་རྒྱག་རྒྱུ་ཡིན་པའི་ཉེན་བརྡ་བཏང་།

ཆུ་ཚོད་ ༥ སྔོན་ལ།
Former Pakistan prime minister Imran Khan, gestures as he speaks with Reuters during an interview, in Lahore, Pakistan March 17, 2023. REUTERS/Akhtar Soomro
Mobile App

པཱ་ཀི་སི་ཐན་གྱི་གྲོས་ཚོགས་འཐུས་མི་ཟུར་བ་ ༡༠༨ ལ་ལོ་བཅུ་རེའི་ཁྲིམས་ཐག་བཅད།

༢༠༢༥/༠༨/༠༡
ལྷོ་སོག་གི་མགོ་ཁྲིད་ཟུར་བ་ཏུའུ་ཙེ་ལ་ལོ་ ༡༥ ཡི་ཁྲིམས་ཐག་བཅད་འདུག
Mobile App

ལྷོ་སོག་གི་མགོ་ཁྲིད་ཟུར་བ་ཏུའུ་ཙེ་ལ་མི་ལོ་ ༡༥ ཡི་ཁྲིམས་ཐག་བཅད་འདུག

༢༠༢༥/༠༨/༠༡
Mobile App

ལོ་ངོ་ ༡༢༧ རྗེས་ནས་སངས་རྒྱས་ཀྱི་རིག་དངོས་ཕྱིར་སློག་བྱས།

༢༠༢༥/༠༧/༣༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese