མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་པའི་བུ་མོ་ཞིག་ལ་གསེར་གྱི་རྟཊ་མ་ཐོབ།

བོད་ཀྱི་དུས་བབ།
༢༠༡༣/༠༩/༡༢
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་རྒྱལ་ཡོངས་སྐབས་བཅུ་གཉིས་པའི་ལུས་རྩལ་འགྲན་ཚོགས་ཁྲོད། བོད་རིགས་བུ་མོ་མཚོ་མོ་སྐྱིད་ལ་རྨིད་ཆིག་ཁྲིའི་རྒྱང་རྒྱུག་གི་གསེར་གྱི་རྟགས་མ་ཐོབ་འདུག

ཟླ་འདིའི་ཕྱི་ཚེས་ ༩ ཉིན་རྒྱ་ནག་ལོ་ལིན་ཞིང་ཆེན་ཧྲིན་དབྱང་གྲོང་ཁྱེར་དུ་སྐབས་བཅུ་གཉིས་པའི་རྒྱ་ནག་རྒྱལ་ཡོངས་ལུས་རྩལ་འགྲམ་ཚོགས་བསྡུས་ཡོད་པ་དང་། འགྲན་ཚོགས་ཐོག་མཚོ་སྔོན་ཞིང་ཆེན་ལུས་རྩལ་རུ་ཁག་གི་བོད་རིགས་བུ་མོ་མཚོ་མོ་སྐྱིད་ཀྱིས་སྐྱེས་མའི་རྨིད་ ༥༠༠༠ རྒྱུག་འགྲན་ལས་དངུལ་གྱི་རྟགས་མ་བླངས་ཡོད་པ་དང་། ཕྱི་ཚེས་ ༡༡ ཉིན་རྨིད་ཆིག་ཁྲིའི་མཐའ་མའི་འགྲན་བསྡུར་ཁྲོད་ཁོ་མོའི་སྐར་མ་ ༣༡ དང་སྐར་ཆ་ ༥༥ ཡི་གཟེངས་སུ་ཐོན་པའི་གྲུབ་འབྲས་བླངས་ཏེ་ཨང་དང་པོ་གསེར་གྱི་རྟགས་མ་ཐོབ་ཡོད། དེ་ནི་འདས་པའི་ལོ་ངོ་ ༢༠ ལྷག་གི་མཚོ་སྔོན་གྱི་རྒྱལ་ཡོངས་ལུས་རྩལ་བའི་རྒྱང་རྒྱུག་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་ཞིག་ཡིན་འདུག 

ལུས་རྩལ་བ་མཚོ་མོ་སྐྱིད་ནི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདའ་བཞི་རྫོང་ནས་ཡིན་ཞིང་། ད་ལྟ་རང་ལོ་ ༢༡ ཡིན་པ་དང་། ཁོ་མོ་ད་ལོའི་རཱ་ཤི་ཡའི་རྒྱལ་ས་མཱོ་སུ་ཁོ་རུ་ཚོགས་པའི་རྒྱལ་སྤྱིའི་མཆོང་རྒྱུག་འཕེན་གསུམ་གྱི་འགྲན་ཚོགས་ཁྲོད་ཨང་ ༣༤ པ་དང་། རྒྱ་ནག་རྒྱལ་ཡོངས་མཱ་ལཱ་སཱོང་འགྲན་ཚོགས་ཁྲོད་ཨང་བཞི་པ། ༢༠༡༡ ལོའི་རྒྱ་ནག་ཧྲན་ཏུང་ཞིང་ཆེན་ཅི་ནན་གྲོང་ཁྱེར་དུ་སྐོང་ཚོགས་བྱས་པའི་རྒྱལ་ཡོངས་སྐབས་ ༧ པའི་ལུས་རྩལ་འགྲན་ཚོགས་ཀྱི་རྨིད་༥༠༠༠ རྒྱང་རྒྱུག་ཁྲོད་ཨང་གཉིས་པ་དང་། རྨིད་ཆིག་ཁྲིའི་རྒྱང་རྒྱུག་གི་ཨང་དང་པོ་བཅས་ཐོབ་ཡོད་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

The Chinese People’s Liberation Army (PLA) Photo:ORF
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་བསྐྱར་བཅོས་བྱས་པའི་རྒྱལ་སྲུང་གི་ཁྲིམས་ཡིག་ཅིག་ལག་བསྟར་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༩ སྔོན་ལ།
Joshua Wong gets arrested by the police after protesting along with other activists at the Golden Bauhinia for the release of Liu Xiaobo at the Hong Kong Convention and Exhibition Centre in Wan Chai. 28JUN17 SCMP / David Wong
Mobile App

ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་ལ་ཚེ་བཙོན་ཁྲིམས་ཆད་འཕོག་སྲིད་སྐོར་བརྗོད་འདུག

ཆུ་ཚོད་ ༩ སྔོན་ལ།
པར་བློ་བཟང་ལུང་རྟོགས་ལགས་ཀྱིས་མཁོ་འདོན་བྱས།
Mobile App

ཨོ་གླིང་གནས་མཁར་གསར་བོད་རིགས་མཐུན་ཚོགས་ཀྱིས་དམངས་གཙོའི་དུས་དྲན་སྲུང་གཙི་བྱས། 

ཆུ་ཚོད་ ༡༢ སྔོན་ལ།
དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། དུས་བབ་ཀྱི་པར།
Mobile App

དམངས་གཙོའི་དུས་དྲན་ཐེངས་ ༦༦ པ་སྲུང་གཙི་གནང་། 

༢༠༢༦/༠༩/༠༢
Mobile App

བལ་བོད་ས་མཚམས་ཀྱི་ཆུ་ལོག་ལས་བོད་ནང་གི་དངོས་ཡོད་གནས་ཚུལ་ཁ་གསལ་བཟོ་དགོས་པའི་འབོད་སྐུལ་ཞུས་སོང་།

༢༠༢༦/༠༩/༠༡
པར་མིས་བཟོས་རིག་ནུས་ཀྱིས་བསྒྲིགས།
Editorials

ཟ་བཅུག་ནས་ཁ་ལ་བལྟ། འགྲོ་བཅུག་ནས་རྗེས་ལ་བལྟ།

༢༠༢༦/༠༩/༠༡

མཆན། 6

  1. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ཨ་མའི་ནུ་རིན་དང་། ཨ་ཕའི་སྐུ་དྲིན་འཇལ་བ་རེད། མཚོ་སྐྱིད་རྟག་ཏུ་རྒྱལ་འགྱུར་ཅིག

    Reply
  2. བསྟན་འཛིན་ཕུན་ཚོགས། says:
    ལོ་ 13 སྔོན།

    རིགས་ཞེན་དཔག་མེད་ཀྱིས་ཕྱག་པའི་དྲ་གྲོགས་རྣམས་པར་སྙིང་ཐག་ནས་ཐུགས་རྗེ་ཆེ་ཞུ། རྒྱལ་ཡོངས་ཁྲོད་ནས་བོད་ཀྱི་བུ་མོ་མཚོ་མོ་སྐྱིད་ཀྱིས་འགྲན་བསྡུར་ཁྲོད་ནས་ཨང་དང་པོའི་གསེར་གྱི་རྟགས་མ་ཐོབ་པ་མ་ཟད་བོད་མི་རིགས་ཀྱི་ལ་རྒྱའི་མགོ་འཕང་དགུང་ལ་བསྟད་པར་དགའ་བསུ་དང་བསྔགས་བརྗོད་ཞུ། ད་དུང་ང་ཚོ་ཤ་ཁྲག་ཅིག་པའི་བོད་རིགས་སྤུན་ཟླ་དག་གིས་ཁོ་མོ་ལ་རྒྱབ་སྐྱོར་དང་ཡིད་རིང་བསྔགས་བརྗོད་བྱེད་དགོས་སོ།

    Reply
  3. ཤག་སྒང་པ། says:
    ལོ་ 13 སྔོན།

    ཤིན་ཏུ་ནས་ལེགས་སོ།། གཏམ་བཟང་དེ་སྙན་ནོ།།། ང་ཚོ་ནི་མཐོ་འོ།། ཁྱེད་རང་ནི་དཔའ་འོ།།

    Reply
  4. ཐོ་རེངས། says:
    ལོ་ 13 སྔོན།

    མཛེས་མ་མཚོ་མོ་སྐྱིད་ལ་བཀྲ་ཤིས་བདེ་ལེགས་ཞུའོ།

    Reply
  5. ཕུན་ཚོགས། says:
    ལོ་ 13 སྔོན།

    བོད་རིགས་བུ་མོ་མཚོ་མོ་སྐྱིད་ལ་བཀྲ་ཤིས་བདེ་ལེགས་ཞུ། བོད་མི་ས་ཡ་དྲུག་གིས་ཁྱོད་ལ་བསྟོད་སྔགས་བྱེད། གསར་འགོད་པ་པདྨ་མཚོ་ལ་བཀྲ་ཤིས་བདེ་ལེགས་ཞུ། ང་ཁྱོད་ཀྱིས་བྲིས་པའི་གསར་འགྱུར་ལ་ཧ་ཅང་དགའ།

    Reply
  6. བསྟན་འཛིན་ཕུན་ཚོགས། says:
    ལོ་ 13 སྔོན།

    མཐོ་སྒང་བ་ཚང་གི་ཁ་བའི་རླུང་རྟ་མཐོ་རུ་བཏེགས་པའི་མཛངས་མ་ལགས།
    ཁྱེད་ཀྱིས་ཡང་བསྐྱར་བོད་པ་ཚང་གི་མཚན་སྙན་ལ་ཟིན་ཐོ་གསར་བ་ཞིག་བཀོད་པར་ངེད་ཅག་ཡུལ་གྱར་སྤུན་ཟླ་དག་གི་སེམས་ཁུངས་ལ་རྒྱ་དང་སྤོབས་པས་ཁེངས་ཏེ་མདའ་བཞིའི་བུ་མོ་མཚོ་མོ་སྐྱིད་དང་ཡང་ན་ཁ་བའི་མཛངས་མ་ཁྱེད་ལ་བཅོས་མིན་སེམས་ཀྱིས་རྟེན་འབྲེལ་ཞུ། ད་དུང་ཁྱེད་ཀྱིས་ཁ་བ་བོད་པ་ཚང་གི་ལ་རྒྱའི་མགོ་འཕང་མཐོ་རུ་འདེགས་པའི་ཡིད་ཆེས་དང་ཆོལ་སེམས་དེ་ནི་ངེད་སྤུན་ཟླ་དག་གི་སྙིང་དབུས་ན་དུས་རྟག་ཏུ་མཆིས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese