མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ང་ཚོར་དམངས་གཙོ་དགོས་ལབ་ན་ལམ་ཁ་མང་པོ་ཞིག་འགག་འགྲོ་བ་རེད།

བོད་ཀྱི་དུས་བབ།
༢༠༡༣/༡༠/༠༧
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཕྱི་དྲོར་བོད་རྒྱལ་ཡོངས་མང་གཙོ་ཚོགས་པས་༼མང་གཙོ་གླེང་བ༽ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ཞིག་གོ་སྒྲིག་གནང་བའི་ཐོག དེང་སྐབས་ང་ཚོས་དམངས་གཙོ་རྩོད་ཀྱི་མེད་ལབ་པ་དེ་གསར་པ་གང་ཡང་མ་རེད། བཀའ་ཤག་སྔོན་མའི་སྲིད་བྱུས་ཤིག་རེད། འདྲོག་ལང་གི་ཡོད་ན་སྐབས་དེར་མ་གླེང་དོན་ཅི་ཡིན་གསུངས་སོང་།

ཁ་སང་ཕྱི་དྲོའི་ཆུ་ཚོད་ ༤ པ་ཡོལ་ཙམ་ལ་དྷ་ས་ཉིན་སློབ་རྒྱལ་ཡུམ་ཆེན་མོ་ཚོགས་ཁང་དུ། བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་གོ་སྒྲིག་འོག ༼ མང་གཙོ་གླེང་བ༽ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ཞིག་ཚོགས་ཡོད་པ་དང་། གཏམ་བཤད་པར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་། སྤྱི་འཐུས་འབའ་བ་སྐལ་བཟང་རྒྱལ་མཚན་ལགས། སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་བཅས་ཀྱིས། དམངས་གཙོའིི་དོན་སྙིང་ཅི་ཡིན་པ་དང་། རྒྱ་ནག་གི་རྩ་འཛིན་ཡིག་ཆར་མང་གཙོར་ངོས་འཛིན་ཇི་ལྟར་བྱེད་ཀྱི་ཡོད་པ། དེ་བཞིན། ༧གོང་ས་མཆོག་གིས་མང་གཙོར་ཐུགས་རེ་ཇི་ལྟར་གནང་གི་ཡོད་པའི་སྐོར་སོགས་ལ་བགྲོ་གླེང་གནང་སོང་། བགྲོ་གླེང་ཐོག་དྷ་ས་ཁུལ་གྱི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་དང་སེར་སྐྱ་མི་མང་ ༡༠༠ མ་ཟིན་ཙམ་འཛོམས་སོང་ལ། བགྲོ་གླེང་ཐོག་གསར་ཁང་དག་ནས་བཏོན་པའི་དྲི་བ་ཁག་ཅིག་ལ་ལན་འདེབས་ཀྱང་གནང་སོང་།

ཐོག་མར་དབུས་བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཙོ་དགེ་ལེགས་འཇམ་དབྱངས་ལགས་ཀྱིས་བགྲོ་གླེང་གི་དགོས་དམིགས་ངོ་སྤྲོད་གནང་དོན་ལྟར་ན། བོད་ཀྱི་དམངས་གཙོ་ནི་གངས་ལྗོངས་སྲུང་སྐྱོབ་དང་། བོད་མིའི་ཐོབ་ཐང་དང་མདུན་ལམ་རྩོད་ལེན་བཅས་ཀྱི་ཐད་དགོས་མཁོ་ཤིན་ཏུ་ཆེ་བའི་ལམ་ལུགས་ཤིག་ཏུ་ངོས་འཛིན་གསལ་བོ་ཡོད་ཐོག ཚོགས་པ་འདིའི་ངོས་ནས་ལོ་ངོ་ ༢༠ མ་ཟིན་ཙམ་གྱི་རིང་བོད་མིའི་དམངས་གཙོ་ཡར་རྒྱས་དང་རྒྱུན་འཛིན་བྱེད་པར་དམིགས་པའི་ལས་འགུལ་ཅི་སྙེད་ཅིག་བསྒྲུབས་དང་སྒྲུབ་མུས་ཡིན་ལ།  དེ་རིང་གི་བགྲོ་གླེང་འདི་ཡང་དམངས་གཙོའི་གོ་རྟོགས་སྤེལ་བའི་ལས་འགུལ་ཞིག་ཡིན་ཚུལ་སོགས་བརྗོད་སོང་།

དེ་རྗེས་མང་གཙོ་ཚོགས་པའི་དྲུང་ཆེ་སེར་སྨད་བློ་དགའ་ལགས་ཀྱི་གཙོ་སྐྱོང་འོག་བགྲོ་གླེང་དབུ་འཛུགས་གནང་སྟེ། སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་ཀྱིས་༼༧གོང་ས་མཆོག་གིས་མང་གཙོར་ཐུགས་རེ་ཇི་ལྟར་གནང་ཡོད་དམ།༽ཞེས་པའི་བརྗོད་གཞིའི་འོག ༧གོང་ས་མཆོག་དགུང་གྲངས་ ༡༦ ཐོག་བོད་ཀྱི་ཆོས་སྲིད་གཉིས་ཀྱི་ཐུགས་འགན་བཞེས་པ་ནས་བཟུང་བོད་དེ་དམངས་གཙོའི་ལམ་དུ་སྐྱོད་པའི་ས་བོན་བཏབ་པ་རྒྱལ་རབས་ལོ་རྒྱུས་ཀྱི་ནང་དུ་ཞིབ་ཕྲ་གསལ་བ་དང་།  དམིགས་བསལ་གྱིས་དགུང་ལོ་ ༡༧ ལ་ཕེབས་སྐབས་བོད་ནང་ལ་ལེགས་བཅོས་ལས་ཁུངས་གསར་འཛུགས་དང་འབྲེལ་བའི་ལས་གཞི་རབས་དང་རིམ་པ་མང་པོ་མགོ་འཛུགས་གནང་ཡོད་ཀྱང་། རྒྱ་ནག་གི་བཙན་འཛུལ་རྐྱེན་ངན་འོག་ལས་གཞི་དེ་དག་ལེགས་འགྲུབ་མ་བྱུང་བར་ ༡༩༥༩ ལོར་རྒྱ་གར་ལ་བཙན་བྱོལ་དུ་ཡོང་དགོས་བྱུང་བ་དང་། བཙན་བྱོལ་བོད་མི་ཚོའི་སེམས་ལ་སང་ཉིན་གནངས་ཉིན་དང་ཟླ་ཤས་རྗེས་བོད་དུ་ལོག་ཐུབ་པའི་རེ་བ་དང་དཀའ་ངལ་ཆེན་པོ་ཞིག་གི་གནས་བབ་འོག ༧གོང་ས་མཆོག་གིས་བོད་རྒྱལ་ཁབ་ཀྱི་མ་འོངས་འཛུགས་སྐྲུན་དང་བརྟན་བརླིང་ཡོང་བར་དམངས་གཙོའི་ལམ་ལུགས་གལ་ཆེན་དུ་གཟིགས་ཏེ། ཕྱི་ལོ་ ༡༩༦༠ ཟླ་ ༩ ཚེས་ ༢ ལ་འཐུས་མི་ ༡༣ ཀྱིས་གྲུབ་པའི་བོད་མི་མང་སྤྱི་འཐུས་ཐོག་མ་དེ་དབུ་འཛུགས་གནང་བ་དང་། ༡༩༦༣ ལོར་མ་འོངས་བོད་ཀྱི་རྩ་ཁྲིམས་གཏན་འབེབས་གནང་། ༡༩༩༠ ལོར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཟིན་བྲིས་ཚོགས་ཆུང་བསྐོ་གཞག་དང་། ༢༠༠༡ ལོར་མི་མང་གི་ཐད་ཀར་འོས་འདེམས་བརྒྱུད་བཀའ་བློན་ཁྲི་པ་པ་འོས་འདེམས་གནང་སྟེ། དམངས་གཙོའི་ལམ་ལུགས་འོག་སྐབས་གཉིས་རིང་ཟམ་གདོང་རིན་པོ་ཆེ་མཆོག་གིས་བཀའ་ཁྲིའི་ཐུགས་འགན་བཞེས་པ་དང་། ༢༠༡༡ ལོར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་སྐབས་གསུམ་པའི་བཀའ་ཁྲིར་འོས་འདེམས་གནང་རྗེས། ༧གོང་ས་མཆོག་གིས་དགོས་པ་དང་རྒྱུ་མཚན་མང་པོ་ཞིག་ལ་གཟིགས་ཏེ། དམངས་གཙོའི་ཀ་བ་གསུམ་ལྡན་གྱི་སྒྲིག་འཛུགས་འདི་ལ་འཛིན་སྐྱོང་དང་ཆབ་སྲིད་ཀྱི་སྐུ་དབང་ཆ་ཚང་གསོལ་རིས་སུ་གནང་སྟེ། བོད་ཙམ་མ་ཟད་འཛམ་བུ་གླིང་ལ་དམིགས་དཔེ་བསྟན་པའི་ཕྱག་ལས་རླབས་ཆེན་གནང་བ་དེ། ༧གོང་ས་མཆོག་གིས་དམངས་གཙོ་ལ་ཐུགས་རེ་ག་ཚོད་ཅིག་གནང་གི་ཡོད་པའི་དཔེ་མཚོན་གསལ་ཤོས་ཤིག་ཆགས་ཡོད་སྐོར་སོགས་བཙན་བྱོལ་བོད་མིའི་དམངས་གཙོའི་འཕེལ་རིམ་མདོར་བསྡུས་སུ་ངོ་སྤྲོད་གནང་སོང་།

དེ་ནས་སྤྱི་འཐུས་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་༼རྒྱ་ནག་གི་རྩ་འཛིན་ཡིག་ཆར་མང་གཙོར་ངོས་འཛིན་ཇི་ལྟར་གནང་ཡོད་དམ༽ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་གནང་དོན། “རྒྱ་ནག་གི་རྩ་འཛིན་ཡིག་ཆའི་ནང་དུ་ཁོ་ཚོའི་དམངས་གཙོ་ཡག་ཤོས་ཡིན་པའི་འགྲེལ་བཤད་གསུམ་རྒྱག་གི་ཡོད་པ་རེད། དང་པོ་དཔལ་འབྱོར་ལམ་ལུགས་ཀྱི་རྨང་གཞིའི་ཐོག་ནས་འགྲེལ་བཤད་བརྒྱབ་ཡོད། རྒྱ་ནག་གི་དཔལ་འབྱོར་ལམ་ལུགས་ཡོངས་རྫོགས་གཞུང་ལ་དབང་བ་དང་། གཞུང་ལ་དབང་བའི་དཔལ་འབྱོར་ལམ་ལུགས་ཀྱི་བདག་པོ་མི་མང་ཡིན་པ། མི་མང་གི་འཐུས་མི་མི་མང་འཐུས་མི་ཚོགས་ཆེན་གྱི་འཐུས་མི་ཚོ་ཡིན་ལ། དེས་རྒྱལ་ཁབ་ཀྱི་བདག་དབང་ཡོད་ཚད་བདག་པོ་བརྒྱབ་ཡོད་སྟབས། རྒྱ་ནག་གི་དམངས་གཙོ་དེ་རྒྱ་ཆེན་པོ་དང་མི་མང་ཡོངས་རྫོགས་ཀྱིས་ལག་བསྟར་བྱེད་བཞིན་པའི་དམངས་གཙོ་དེ་རེད། མ་རྩ་རིང་ལུགས་སྤྱི་ཚོགས་ཀྱི་དཔལ་འབྱོར་ལམ་ལུགས་ཡོངས་རྫོགས་སྒེར་ལ་དབང་བ་དང་། མི་ཉུང་ཤས་ཤིག་གིས་རྒྱལ་ཁབ་ཀྱི་དཔལ་འབྱོར་ལམ་ལུགས་ཡོངས་རྫོགས་བདག་བཟུང་དང་ཆབ་སྲིད་སྟངས་འཛིན་བྱེད་བཞིན་ཡོད་སྟབས། ཁོ་ཚོའི་དམངས་གཙོ་དེ་མི་ཉུང་ཤས་ཤིག་གི་རེད་ཟེར་གྱི་ཡོད་པ་རེད། གཉིས་པ། དམངས་གཙོའི་གྲུབ་ཆ་ཡི་ཐོག་ནས་ཤོད་ཀྱི་ཡོད་པ་རེད། རྒྱ་ནག་གི་དམངས་གཙོའི་གྲུབ་ཆ་དེ་བཟོ་བ་གྲལ་རིམ་དང་ཞིང་པ་གྲལ་རིམ་གཉིས་ཡིན་ལ། དམངས་གཙོ་ལག་བསྟར་བྱེད་པའི་གྲུབ་ཆ་ཆེ་ཤོས་དེ་རེད། དེ་གཉིས་ཀྱིས་ཐབས་ཤེས་ག་འདྲ་ཞིག་གི་ཐོག་ནས་དམངས་གཙོ་ལག་བསྟར་བྱེད་དགོས་པ་རེད་ཟེར་ན། བཟོ་པ་གྲལ་རིམ་དེ་རྒྱ་ནག་མགོ་ཁྲིད་མཁན་གྱི་གྲལ་རིམ་ཡིན་པ་དང་། ཞིང་བ་གྲལ་རིམ་དེ་བཟོ་པ་གྲལ་རིམ་གྱི་གནའ་འབྲེལ་གྲལ་རིམ་ཡིན་སྟབས། གྲལ་རིམ་དེ་གཉིས་རྒྱ་ནག་མགོ་ཁྲིད་མཁན་གྱི་གྲལ་རིམ་ཡིན་པ་དང་། གྲལ་རིམ་དེ་གཉིས་ཀྱིས་རྒྱ་ནག་ཀྲུང་ཁྲན་ཏང་དམར་ཤོག་ཚོགས་པ་བཙུགས་ཡོད་སྟབས། དམར་ཤོག་ཚོགས་པས་རྒྱ་ནག་རྒྱལ་ཁབ་དབང་བསྒྱུར་བཞིན་པ་དེས་བཟོ་བ་དང་ཞིང་པ་གྲལ་རིམ་གཉིས་མཚོན་ཡོད་ལ། མི་མང་ཆེ་བས་ལག་བསྟར་བྱེད་པའི་དམངས་གཙོ་དེ་དམངས་གཙོ་གཅིག་སྡུད་དང་སྲིད་དབང་སྒེར་འཛིན་ཆགས་ཀྱི་ཡོད་པ་རེད། དམངས་གཙོ་གཅིག་སྡུད་ག་རེ་རེད་ཟེར་ན། བཟོ་པ་གྲལ་རིམ་དང་ཞིང་བ་གྲལ་རིམ་ཡོངས་རྫོགས་ཀྱི་མང་ཚོགས་གཅིག་ཏུ་བསྡུས་ནས་ལག་བསྟར་བྱས་ཏེ། མི་ཉུང་ཤས་ལ་སྲིད་དབང་སྒེར་འཛིན་བྱེད་དགོས་པ་རེད། སྲིད་དབང་སྒེར་འཛིན་ཅིའི་ཕྱིར་བྱེད་དགོས་པ་རེད་ཟེར་ན། རྒྱལ་ཁབ་མགོ་གཏིང་སློག་མཁན་དང་ལོག་བཤད་རྒྱག་མཁན་ལ་སྲིད་དབང་སྒེར་འཛིན་བྱེད་དགོས་པ་དེ་དམངས་གཙོ་ཡང་དག་པ་ཡིན། མ་རྩ་རིང་ལུགས་ཀྱི་དམངས་གཙོའི་གྲུབ་ཆ་དེ་ཁོ་ཚོར་ཆབ་སྲིད་ཚོགས་པ་ཡོད་ཀྱང་། ཆབ་སྲིད་ཚོགས་པ་ཚང་མ་མ་རྩ་འབྱོར་ལྡན་ཅན་རྐྱང་རྐྱང་གི་རོགས་རམ་འོག་བཙུགས་ཡོད་སྟབས། ཁོ་ཚོའི་འདོད་པ་ལྟར་མ་བྱས་པ་ཡིན་ན། མི་སུ་ཡང་ཆབ་སྲིད་ཀྱི་དབང་ཆའི་ཐོག་ལ་བསླེབ་ཐུབ་ཀྱི་མེད་པས་ནུབ་ཕྱོགས་ཀྱི་དམངས་གཙོ་ཟེར་བ་དེ་དཔལ་འབྱོར་ཡོད་མཁན་ཉུང་ཤས་ཤིག་གི་དམངས་གཙོ་རེད་ཅེས་རྗོད་ཀྱི་ཡོད་པ་རེད། གསུམ་པ། དམངས་གཙོ་ལག་བསྟར་བྱེད་ཕྱོགས་མ་འདྲ་བ་རེད་ཟེར་གྱི་ཡོད་པ་རེད། རྒྱ་ནག་གི་དམངས་གཙོ་ལག་བསྟར་བྱེད་ཕྱོགས་དེ། རྒྱ་ནག་མི་མང་འཐུས་མི་ཚོགས་ཆེན་ཟེར་བ་དེ་རྒྱལ་ཁབ་ཀྱི་དབང་ཆ་མཐོ་ཤོས་ཀྱི་ལས་ཁུངས་ཤིག་ཡིན་ལ། དེར་མི་མང་གིས་འོས་ཤོག་བླུགས་པའི་གདམ་ག་ཡོད་པ་དང་། དེ་དང་མཉམ་དུ་རྒྱ་ནག་ནང་དམངས་གཙོ་ཚོགས་པ་མང་པོ་ཡོད་པ་རྣམས་མགོ་ཁྲིད་མཁན་དང་རྒྱ་ནག་གི་སྲིད་ཀྱི་དབང་ཆ་འཛིན་མཁན་གྱི་ཚོགས་པ་དེ་མིན་ཡང་། རྒྱ་ནག་གཞུང་མཉམ་དུ་ཆབ་སྲིད་གྲོས་མོལ་གྱི་ལམ་ལུགས་ཐོག་ནས་རྒྱལ་ཁབ་ཀྱི་སྲིད་བྱུས་ཡོངས་རྫོགས་གཏན་འབེབས་བྱེད་པའི་ལམ་ལུགས་དེ་དམངས་གཙོ་ཡག་ཤོས་ཡིན་ཟེར་གྱི་ཡོད་པ་རེད། ཡིན་ནའང་། བསྡུས་ཏེ་བཤད་པ་ཡིན་ན། འཛམ་གླིང་གི་རྒྱལ་ཁབ་ ༢༠༠ ཙམ་གྱི་ནང་ནས་མང་ཆེ་བ་དེ་དམངས་གཙོའི་རྒྱལ་ཁབ་ཆགས་ཀྱི་ཡོད་ལ། ཡོངས་གྲགས་ཀྱི་དམངས་གཙོར་འགྲེལ་བཤད་རྒྱག་སྟངས་ལྟར་ན།  དམངས་གཙོའི་སྤྱི་ཚོགས་ཁྲོད་འོས་ཤོག་ལྡུག་པའི་ལམ་ལུགས་ཡོད་མེད་དང་། སྨྲ་བརྗོད་དབང་རང་ཡོད་མེད། རྩོམ་འབྲི་རང་དབང་ཡོད་མེད་སོགས་ཆ་རྐྱེན་མང་པོ་ཞིག་ལ་བལྟ་དགོས་ཡོད། རྒྱ་ནག་གི་རྩ་ཁྲིམས་ནང་དུ་ཆ་རྐྱེན་དེ་ཚོ་གསལ་བོ་བཀོད་ཡོད་ཀྱང་། ལག་བསྟར་བྱེད་ཀྱི་ཡོད་མེད་ང་ཚོ་ཚང་མས་མཁྱེན་གསལ་རེད།”ཅེས་སོགས་གསུངས་སོང་།

མཇུག་ཏུ་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་༼དམངས་གཙོའི་དོན་སྙིང་ཅི་ཡིན༽ཞེས་པའི་ཐོག་གསུང་བཤད་མདོར་བསྡུས་ཤིག་གནང་རྗེས། གསར་ཁང་ཁག་ནས་བཏོན་པའི་ཆེད་དོན་དྲི་བར་ལན་འདེབས་གནང་སོང་། སྐབས་དེར་ཚོགས་གཙོ་མཆོག་ལ་བོད་མིའི་སྒྲིག་འཛུགས་ནས་རྒྱ་ནག་གཞུང་ལ་དམངས་གཙོ་རྩོད་ཀྱི་མེད་པའི་སྐོར་ལ་དགོངས་ཚུལ་ཅི་ཡོད་དྲིས་པར་ཁོང་གིས། “བར་སྐབས་ཤིག་ནས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་བཀའ་ལན་དེར་བོད་པའི་སྤྱི་ཚོགས་ནང་གསར་པ་ལྟ་བུའི་ངོ་བོའི་ཐོག་ནས་གླེང་སློང་མང་པོ་བྱུང་བ་རེད། དེས་ག་རེ་སྟོན་གྱི་ཡོད་པ་རེད་ཟེར་ན། ང་ཚོའི་སྤྱི་ཚོགས་ནང་ཤེས་ཡོན་ཡོད་ཟེར་མཁན་ཡིན་ན་འདྲ། ཆབ་སྲིད་ཀྱི་གོ་རྟོགས་ཡོད་ཟེར་མཁན་ཡིན་ཡང་རེད། གང་ལྟར་གནས་ཚུལ་དེ་འདྲ་ཞིག་བྱུང་སྐབས་འདྲོག་ཐེབས་བདེ་བ་དེ་ནམ་རྒྱུན་དོ་སྣང་སྤྲད་ཀྱི་མེད་པའི་རྟགས་རེད། གལ་སྲིད་དོ་སྣང་སྤྲད་ཡོད་ན། ཡིག་ཆ་སྤྲད་པའི་སྐབས་ལ་ཡོངས་བསྒྲགས་བྱས་པ་རེད། དེ་དུས་བསམ་ཚུལ་བཤད་དགོས་པ་ཞིག་ལས། ད་ལྟ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བཤད་པ་ཙམ་གྱིས་གནས་ཚུལ་དེ་གླེང་དགོས་པ་ཞིག་ཆགས་ཀྱི་མེད། ཡིན་ནའང་། ད་ལྟ་ཚོགས་གཙོ་སྒེར་གྱི་བསམ་ཚུལ་ག་རེ་ཡིན་འདྲི་ཡི་ཡོད་པ་རེད། གང་ལྟར་ད་ལྟའི་བོད་ནང་གི་གནས་སྟངས་འདི་འདྲ་ཞིག་གི་འོག ང་ཚོ་བོད་ལ་ལོག་སྟེ་སོ་སོའི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་སྲུང་སྐྱོབ་བྱེད་རྒྱུ་གཙོ་བོར་འཛིན་པའི་བསམ་བློ་འཁུར་དགོས་སྟབས། བོད་ནང་ལོག་པ་ཡིན་ན་ལམ་སང་ང་ཚོར་དམངས་གཙོ་དགོས་ཡོད། རྒྱ་ནག་གི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ངོས་ལེན་བྱེད་ཐུབ་ཀྱི་མི་འདུག་ཅེས་ལབ་པ་ཡིན་ན། རྒྱ་ནག་མཉམ་དུ་སྐད་ཆ་བཤད་སའི་ལམ་ཀ་ཞིག་འགག་འགྲོ་གི་ཡོད་པ་རེད། སྤྱིར་བཏང་བོད་རྒྱ་འབྲེལ་མོལ་གྱི་སྲིད་བྱུས་འཛིན་སྟངས་དེ་ཐད་ཀར་གྲོས་ཚོགས་དང་འབྲེལ་བ་ཆགས་མེད། འཛིན་སྐྱོང་བཀའ་ཤག་གི་ངོས་ནས་དབུ་མའི་ལམ་གྱི་ཐོག་ནས་དེར་སྲིད་བྱུས་འཛིན་གྱི་ཡོད་པ་རེད། ད་ལྟའི་འཛིན་སྐྱོང་བཀའ་ཤག་གིས་ཀྱང་བཀའ་ཤག་སྐབས་སྔོན་མས་དབུ་མའི་ལམ་གྱི་ཡིག་ཆ་ཕུལ་བ་དེའི་འགྲེལ་བརྗོད་ནང་དུ་བཀོད་པ་བསྐྱར་ལེན་གནང་བ་རེད་མ་གཏོགས་གསར་བ་བཟོས་པ་གང་ཡང་ཆགས་ཀྱི་ཡོད་པ་མ་རེད། རྒྱ་ནག་ནང་ཆབ་སྲིད་ཀྱི་འགྱུར་བ་གཏོང་བའི་སྐད་ཆ་བཤད་སྐབས་འགྲོ་ས་ཡོད་པ་མ་རེད། གང་ལྟར་དམར་ཤོག་ཚོགས་པ་དེས་མུ་མཐུད་ནས་རྒྱ་ནག་གཞུང་འཛིན་པ་དེ་དམར་ཤོག་ཚོགས་པའི་དམིགས་ཡུལ་གཙོ་བོ་ཡིན་སྟབས། དེ་ལ་འགལ་ཟླ་ག་རེ་བྱུང་ཡང་གདོང་ལེན་བྱེད་དགོས་བསམ་པ་མ་གཏོགས་གུ་ཡངས་བྱེད་དགོས་པའི་བསམ་བློ་ཞིག་ད་ལྟའི་བར་སླེབ་ཀྱི་མེད་པ་གསལ་བོ་རེད། གནས་སྟངས་འདི་འདྲ་ཞིག་གི་འོག ང་ཚོར་དམངས་གཙོ་དགོས་ཡོད་ཟེར་བ་དེ་མདུན་ལ་བཏོན་པ་ཡིན་ན། ཐབས་ལམ་གཞན་མང་པོ་འགག་གི་ཡོད་སྟབས། གཏན་འབེབས་དེ་འདྲ་བྱུང་བར་ང་རང་སྒེར་གྱིས་ངོས་འཛིན་བྱེད་ཀྱི་ཡོད་ “ཅེས་སོགས་གསུངས་སོང་།

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

TTT
Mobile App

རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་ཇུས་ཁག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

ཆུ་ཚོད་ ༡༨ སྔོན་ལ།
Daily Hunt གསར་ཁང་གི་པར།
Mobile App

རྒྱ་ནག་གིས་ཨི་རན་ལ་གསང་བའི་ངང་དམག་མཚོན་གྱི་རོགས་འདེགས་བྱས་འདུག

ཆུ་ཚོད་ ༡༩ སྔོན་ལ།
TTTT
Mobile App

སྲིད་སྐྱོང་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་ཞིག་གི་ནང་མིར་ཐུགས་གསོ་གནང་།

ཆུ་ཚོད་ ༢༣ སྔོན་ལ།
This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

༢༠༢༦/༠༤/༠༧
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

༢༠༢༦/༠༤/༠༧
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

༢༠༢༦/༠༤/༠༧

མཆན། 13

  1. བསྟན་ཆོས། says:
    ལོ་ 12 སྔོན།

    ཚོགས་གཙོའི་གསུང་འདི་སྐྱར་དང་ཡང་དུ་ཀློག་ན། ཆེད་དུ་རྩོམ་འབྲི་བ་དང་མཆན་འགོད་པ་སོགས་དོན་ནི་མེད་དགོས་མེད་རང་རེད་འདུག

    Reply
  2. བསྟན་ཆོས། says:
    ལོ་ 12 སྔོན།

    འབའ་སྐལ་ཀྱིས་གུང་བྲན་གྱིས་གཡོ་གཏམ་དག་རེད་ཅེས་གསུང་འདུག དེ་ལས་འདི་ལྟར་མགོ་གཡོ་མགོར་བསྐོར་གྱི་འགྲེལ་བརྗོད་བྱེད་ཀྱི་ཡོད་པ་རེད་ཅེས་ན་ལེགས་སྙམ། དོན་ལ་བཟོ་ཞིང་གཉིས་བྲན་དུ་བཀོདཔ་རེད།་དེས་ཅིག་ཅིག་མིག་མིག་ཟེར་ན་དམག་གཏོང་གི་རེད། ལྕག་ལས་བྱུང་བའི་བཙས་ལྕག་ཟ་བཞིན་རེད། བཟོ་ཞིང་མི་མང་དང་འཛམ་གླིང་མི་མང་ལ་མགོ་སྐོར་གཏོང་ཐུབ་ཀྱི་ཐབས་ལམ་འཁྲབ་སྟོན་ཙམ་ལ་མི་མང་འཐུས་ཚོགས་ཞེས་དབྱིབས གཟུགས་ཁོ་ན་ལས་གྲུབ་པའི་བེམ་རོག་སྟོན་གྱིན་འདུག་ཀ

    Reply
  3. བསྟན་ཆོས། says:
    ལོ་ 12 སྔོན།

    མང་གཙོ་དགོས་ཀྱི་ཡོད་པ་མ་རེད་དང། མང་གཙོ་རྩོད་ཀྱི་ཡོད་པ་མ་རེད་ཟེར་བ་ཁ་ཁ་རེད། ད་དུང་འདི་ལ་མཆན་འབྲི་བ་དང་རྩོམ་འབྲི་བ་དག་གིས་རང་གི་ཆབ་སྲིད་ཐད་ཀྱི་གོ་རྟོགས་འཕེལ་རྒྱས་སུ་འབད་རོགས་ཞུ།

    Reply
  4. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 13 སྔོན།

    ང་ཚོའི་ཆབ་སྲིད་དང་མ་འབྲེལ་བ། ཏང་གི་སྲིད་དབང་འཛིན་རྒྱུར་ཕོག་ཐུག་མི་འགྲོ་བའི་སྒོ་ནས་བོད་དོན་བདེན་པའི་འཐབ་རྩོད་ཅིག་རྩོད་རྒྱུ་ཡོད་ན་ཏང་ཀྲུང་དབྱང་གིས་དགའ་བཞིན་དང་ལེན་མི་བྱེད་པ་ཅི་ཡིན་ནམ།
    ང་ཚོ་ཆབ་སྲིད་སྐྱབས་བཅོལ་བ་མ་ཡིན་ནམ། རྒྱ་ནག་གི་གནད་དོན་གཙོ་བོ་དེ་ཆབ་སྲིད་ཐད་ཀྱི་གནད་དོན་མ་ཡིན་ནམ། མི་རིགས་རང་སྐྱོང་གི་གནད་དོན་འདི་རྒྱ་ནག་གི་ཆབ་སྲིད་ཐད་ཀྱི་གནད་དོན་གལ་ཆེན་ཞིག་ཆགས་ཡོད། དེ་བས་མི་རིགས་རང་སྐྱོང་གི་སྲིད་བྱུས་ཐད་ལ་མཁྲེགས་འཛིན་བྱེད་ཀྱིན་ཡོད། གཡོ་ཐབས་སྤྱོད་ཀྱིན་ཡོད།
    ང་ཚོས་མར་ལེ་རིང་ལུགས་ཀྱི་ཆབ་སྲིད་ལྟ་གྲུབ་ལ་དགག་པ་རྒྱག་གི་ཡོད་པ་མ་རེད། འོན་ཀྱང་མར་ལེའི་དར་ཆ་རྫུན་མ་ཕྱར་མཁན་གྱི་དབང་འཛིན་པར་ངོ་རྒོལ་བྱེད་ཀྱིན་ཡོད་པ་རེད། བྱེད་དགོས་པ་རེད། རྒྱ་ནག་རང་གི་མཐོ་རིམ་མི་སྣས་གཙོས་དམངས་གཙོ་དོན་གཉེར་བ་ཇེ་མང་ལ་འགྲོ་བཞིན་ཡོད། ང་ཚོས་ཆབ་སྲིད་ཀྱི་གནད་དོན་དང་མ་འབྲེལ་བའི་རང་དབང་འཐབ་རྩོད་ཅིག་བྱེད་ཐབས་མེད་པ་རེད་ལ། ཏང་ཀྲུང་དབྱང་ལ་ཕོག་ཐུག་འགྲོ་རྒྱུར་དོགས་འཛེམ་གནང་འོས་པ་ཞིག་ཀྱང་མིན།
    རང་སྐྱོང་བསམ་འཆར་དེ་དམངས་གཙོའི་དགོས་འདུན་མེད་པའི་རང་སྐྱོང་ཞིག་མིན་ཚུལ་ལ་ཟུར་དུ་གསལ་བཤད་རྩོམ་ཐུང་ཞིག་འབུལ་ཆོག

    Reply
  5. ཀླུ་ཚང་། ཨ་འཕྲིན། says:
    ལོ་ 13 སྔོན།

    གྲོགས་པོ་ཚོར་གསལ་འདེབས་ཤིག་བྱ་འདོད་བྱུང་། ཚོགས་གཙོས་རང་ཉིད་ཀྱི་བསམ་ཚུལ་བཤད་པ་དེ་ཁོ་རང་ཉིད་ཙམ་གྱི་བསམ་ཚུལ་མ་ཡིན་པར། ང་ཚོའི་གནས་བབ་དངོས་དང་། གནས་བབ་དངོས་གཟིགས་མཁན་གྱི་རྒྱལ་བ་རིན་པོ་ཆེའི་དབུ་ཁྲིད་པའི་སྔ་མའི་བཙན་བྱོལ་གཞུང་དང་། ད་ལྟའི་བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་ངོ་མ་དེ་ཡིན་པ་རེད། བོད་མིའི་སྒྲིག་འཛུགས་ཀྱིས་ད་ལྟའི་རྒྱ་ནག་གི་སྲིད་བྱུས་འོག་ལ་ཆ་རྐྱེན་གང་ཡང་མེད་པར་འཛུལ་ཡོང་གི་ཡིན་ལབ་ཀྱི་ཡོད་པ་མ་རེད། རྒྱ་ནག་གུང་ཁྲན་ཏང་གི་རྩ་ཁྲིམས་དང་མི་རིགས་ས་གནས་རང་སྐྱོང་བཅའ་ཁྲིམས་ན་ཅི་ལྟར་གཏན་འབེབ་གནང་བའི་ཡིག་ཆ་དག་གཞིར་བཟུང་ཡང་དག་པར་ལག་ལེན་ལ་འཁེལ་ན། སང་ཉིན་ཡིན་ཡང་ང་ཚོ་ཐོན་ཆོག་ཆོག་གི་གྲ་སྒྲིག་ཨང་གསར་ཡོད་ཅེས་གསུང་བཞིན་ཡོད་རེད། དེ་ནི་བོད་པར་ཆ་མཚོན་ན། རིག་གཞུང་གལ་ཆེ་བས། ད་ལྟའི་ཉེན་ཁའི་གནས་བབ་འོག་ནས་འདི་ལྟར་བློས་གཏང་བྱ་དགོས་བྱུང་བ་རེད། གནས་བབ་དེ་ཤེས་དགོས་པ་གལ་ཆེ་བར་འདོད།

    Reply
  6. སྣང་གསལ། says:
    ལོ་ 13 སྔོན།

    གནས་ཚང་་་བོད་རྒྱ་ཆེའི་མི་དམངས་་་་ལས་ང་རང་ལ་སེམས་ཕྲལ་ཆེ་བ་འདུག་་་

    Reply
  7. འཇམ་གཅེས ། says:
    ལོ་ 13 སྔོན།

    ཚོགས་གཙོ་དང་འབའ་སྐལ་གཉིས་ཀྱིས་གོ་བདེ་པོ་དང་དོན་ཡོད་པ་གསུངས་འདུག དེ་མིན་ཟླ་བ་ཕུན་སྐྱིད་ཀྱི་སྐད་ཆ་ལ་དུས་ནམ་ཡང་ནམ་ཡང་རྒྱུ་མཚན་ལྡན་པ་དང་། གནད་ལ་འཁེལ་བ་ཞིག་བཤད་མྱོང་ཡོད་པ་མ་རེད་ཟེར་ཡང་ཐལ་ཆ་གང་ཡང་མེད།

    དེ་མིན་དྲ་མཆན་པ་གནས་ཚང་མིང་ཅན་སྤྱི་ཚོགས་དྲ་འབུ་འདིས་སྨྱོས་བཤད་དང་འཁྱོག་བཤད་ལ་རིན་ཐང་ཅི་ཡང་མི་ལྡན།

    Reply
  8. སེར་བྱེས་རྟོག་ལྡན། says:
    ལོ་ 13 སྔོན།

    བགྲོ་གླེང་དང་གཏམ་བཤད་དག་གི་ནང་དོན་གལ་ཆེན་ཁག་ཞིབ་འབྲི་བྱེད་པ་འདི་བོད་ཀྱི་དུས་བབ་ཚང་གི་སྲོལ་རྒྱུན་བཟང་པོ་ཞིག་ཡིན། ཧ་ཅང་སྣང་བར་འགྲོ་བོ་དང་བློ་ལ་འབབ་པོ་འདུག་མུ་མཐུད་དུ་རྒྱུན་འཁྱོང་གནང་རོགས། གནད་ཡོད་མི་སྣ་ཚོས་ག་རེ་གསུང་གི་འདུག ཚིག་དོན་ག་རེ་རེད། རྣམ་འགྱུར་དང་ཤུགས་བསྟན་གང་དག་འདུག་སོགས་ཀློག་པ་པོ་ཚོས་ལྟ་ཉན་བྱེད་འདོད་པ་གཙོ་བོ་དེ་རེད། དེ་ལྟར་ཞིབ་འབྲི་བྱས་པ་ཡིན་ན་བསམ་གཞིགས་བྱེད་རྒྱུ་དང་དཔྱད་པ་གཏོང་རྒྱུ། དེ་བཞིན་སྤྱི་ཚོགས་ནང་གླེང་སློང་དང་བསམ་ཚུལ་སྣ་ཚོགས་ཡོང་རྒྱུར་ཕན་ཐོག་ཆེན་པོ་ཡོད་རེད།

    Reply
  9. གཅན་བཟོད་རྒྱམ། says:
    ལོ་ 13 སྔོན།

    ཚོགས་གཙོས་གསུང་འགྲོས་ལས་ང་ཚོར་དམངས་གཙོ་ཡང་དགོས་ཀྱི་ཡོད་ཟེར་གི་མེད་པ་འདྲ། ད་རྒྱ་ནག་དང་མཉམ་དུ་བཀའ་མོལ་ག་རེ་གནང་ཡ་ལྷག་བསྡད་ཡོད་ན།
    རང་གིས་རང་ལ་དྲི་བ་བཟོས། རང་གིས་རང་ལ་ལན་འདེབས་བྱས། རང་གིས་རང་ལ་དོགས་པ་བཟོས། དོགས་གཅོད་བྱས། ད་དུང་འདི་ལྟར་མི་ལོ་ལྔ་ཅུ་འགོར་རྒྱུ་རེད།

    Reply
  10. ཕུར་རྡོ། says:
    ལོ་ 13 སྔོན།

    ཚོགས་གཙོ་མཆོག་དང་ཟླ་བ་ཕུན་སྐྱིད་གཉིས་ཀྱི་བཀའ་མོལ་དེ་ནམ་རྒྱུན་གནང་བསྡད་པ་ཞིག་རེད། དེ་ནས་འབའ་པ་ལགས་ཀྱི་སྐད་ཆ་དེ་དག་མདོ་བསྡུས་གནད་དུ་འཁེལ་བ་ཞིག་རེད། དོན་དག་གསར་པ་དང་ནང་དོན་ཆེན་པོ་འདུག ལྷག་པར་དུ་ང་ཚོའི་ཁ་གཏད་རྒྱ་ནག་གཞུང་གི་བྱེད་ཕྱོགས་མང་པོ་ཞིག་ལ་ང་ཚོས་རྒྱུས་ལོན་བྱེད་དགོས་པ་དེ་ཧ་ཅང་གལ་ཆེན་པོ་རེད།

    Reply
  11. ཁ་བ་རི་བ། says:
    ལོ་ 13 སྔོན།

    གསར་འགོད་པ་པདྨ་མཚོ་ལགས་ཁྱོད་ཀྱི་གསར་འགྱུར་འདི་ཀློག་ནས་ཡོང་ན་དྲོ་བ་ཆེན་པོ་འདུག གསར་འགྱུར་ཧ་ཅང་གཟབ་ནན་དང་ཞིབ་ཚགས་མོ་བྲིས་གནང་འདུག ཐུགས་རྗེ་ཆེ། བོད་ཀྱི་དུས་བབ་ཚང་གི་གསར་འགོད་པ་རྒན་པ་ཚོའི་གསར་འགྱུར་ཚད་གཞི་མཐོ་བོ་དག་དང་འདྲ་མཚུངས་འདུག བར་སྐབས་ཤིག་ནས་གསར་འགོད་པ་བནྟེ་སྐྱབས་ཟེར་བ་སོགས་གསར་འགོད་པ་གསར་པ་ཁ་ཤས་ཀྱི་གསར་འགྱུར་མང་པོ་ཞིག་འགྲོ་ཐབས་འདུག་ཐབས་འདྲ་བོ་རྐྱང་རྐྱང་སྤེལ་ནས་བོད་ཀྱི་དུས་བབ་ཀྱི་རིན་ཐང་ཉམས་གི་བཅུག་སོང་།

    Reply
  12. ལྷག་པ་ཚེ་རིང་། says:
    ལོ་ 13 སྔོན།

    སྤེན་པ་ཚེ་རིང་གིས་གནད་ལ་འཁེལ་བའི་བཀའ་མོལ་གནང་འདུག སྤྱི་ལོ་ ༢༠༠༨ ལོར་རྒྱ་ནག་ལ་སྤྲད་པའི་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆའི་ནང་དུ་མ་འོངས་པར་བོད་པ་ཚོར་ཆབ་སྲིད་ཀྱི་རང་བཞིན་གང་འདྲ་ཞིག་དགོས་མིན་གསལ་ཁ་ཡོད་པ་མ་རེད། ཡིག་ཆ་དེའི་ནང་གཙོ་བོ་སྐད་ཡིག་དང་འཕྲོད་བསྟེན། ཁོར་ཡིག་སོགས་གཙོ་བོར་བཟུང་ཡོད་པ་རེད། དེ་བཞིན་སྤྱི་ཚོགས་ཀྱི་སྐོར་ནས་ཀྱང་དེ་ཙམ་ཞིབ་ཚགས་བསྟན་ཡོད་པ་མ་རེད། སྐབས་དེར་མང་པོ་ཞིག་གིས་དགག་རྐྱང་བྱས་ཏེ་ཡིག་ཆ་དེའི་ནང་དོན་དངོས་གནས་གང་འདྲ་ཡིན་མིན་ལ་ཞིབ་འཇུག་བྱས་ཡོད་པ་མ་རེད། ཐ་ན་ཡིག་ཆ་དེར་དགག་པ་རྒྱག་མཁན་ཚོས་ཡིག་ཆ་དེ་མགོ་ནས་མཇུག་བར་ཀློག་ཀྱང་ཨེ་ཡོད་མི་ཤེས། ལོ་བཞི་ལྔ་ཞིག་འགྲོ་བཞིན་པའི་སྐབས་སུ་གཞི་ནས་ཧང་སང་མདོག་གིས་ང་ཚོར་དམངས་གཙོ་མི་དགོས་ལབ་འདུག་ཟེར་ནས་སྐད་ཤོར་གྱི་ཡོད་པ་རེད། བཙན་བྱོལ་བོད་གཞུང་གི་ཡིག་ཆ་ཁག་དང་བཀའ་ཤག་སྐབས་སྔ་མ། དེ་བཞིན་རྒྱ་ནག་ལ་སྤྲད་ཟིན་པ་སོགས་རྒྱལ་སྤྱིའི་སྡིངས་ཆའི་ཐོག་འཁྱེར་རྒྱུ་ཡིག་ཆ་ཁག་ནང་བོད་པ་ཚོས་དམངས་གཙོ་རྩོད་ཀྱི་མེད་པ་དང་། མ་འོངས་པར་རྒྱ་ནག་གཞུང་དང་གྲོས་མོལ་མགོ་འཛུགས་བྱས་པའི་ཉིན་མོ་ད་ལྟ་བཙན་བྱོལ་བོད་མིའི་དམངས་གཙོའི་ལག་ལེན་འདི་ཡང་ཕྱིར་འཐེན་བྱེད་ཆོག་པ་དང་བྱེད་འདོད་ཡོད་པ་གསལ་བོ་གསལ་རྐྱང་བསྟན་ཡོད་པ་རེད།

    Reply
  13. གནས་ཚང་། says:
    ལོ་ 13 སྔོན།

    ད་ཤེས་སོང་། ཡིག་ཆ་དེ་གྲོས་ཚོགས་ལ་བསྟན་ཡོག་མ་རེད། གོང་སས་དགོངས་བཞེས་གནང་ཡོག་རེད། མང་གཙོ་དགོས་ཀྱི་ཡོག་མ་རེད། ཡིན་ནའི། བོད་ནང་ནས་ངོས་ལེན་གནང་སྲིད་དམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese