ཟླ་འདིའི་ཕྱི་ཚེས་ ༦ ཉིན་གྱི་མཚན་མོར་རྒྱ་ནག་གི་དམངས་གཙོ་དོན་གཉེར་བ་མིག་གཉིས་ལོང་པ་ཡིན་པའི་ཁྲིན་ཀང་ཁྲུན་གྱི་ལོ་ན་ ༨༠ ཡིན་པའི་ཨ་མ་དང་ཕུ་བོ་ཁྲིན་ཀང་ཧྥུས་གཉིས་ཨ་རིའི་ནེའུ་ཡོག་གནམ་ཐང་དུ་འབྱོར་ཡོད་པ་དང་། སྐབས་དེར་ཁྲིན་ཀང་ཁྲུན་གྱི་ཆུང་མ་དང་བྱིས་པ་གཉིས་ཀྱིས་ཕེབས་བསུ་བྱས་ཡོད་པ་མ་ཟད། ཕྱི་རྒྱལ་གྱི་གསར་འགོད་པ་མང་པོས་བསུ་མ་དང་བཅར་འདྲི་བྱས་ཡོད་འདུག
སྐབས་དེར་ཕུ་བོ་ཁྲིན་ཀང་ཧྥུས་ཡིས་གསར་འགོད་པར། ཁོ་རང་ཆུང་དུས་ནས་ཨ་རིའི་ལམ་ལུགས་ཡག་པོ་མེད་པ་དང་། སྤྱི་ཚོགས་མུན་ནག་ཡིན་པའི་སློབ་གསོ་ཐོབ་པར་བརྟེན། ད་རེབ་ཨ་རིའི་སྤྱི་ཚོགས་ཀྱི་གནས་སྟངས་ཅི་ཙམ་མུན་ནག་ཡིན་པ་དང་། ཨ་རིའི་འགྲོ་བའི་ཐོབ་ཐང་གི་གནས་བབ་རྒྱ་ནག་ལས་ལྡབ་ ༥ ཡིས་ཞན་པའི་སྐད་ཆ་དེར་དངོས་སུ་མྱོང་འདོད་ཡོད་ལུགས། ནུ་བོ་ཁྲིན་ཀང་ཁྲུན་གྱིས་མ་འོངས་པར་རྒྱ་ནག་གི་ཉམ་ཐག་མི་མང་ལ་རོགས་རམ་བྱེད་ཐུབ་པའི་རེ་བ་ཆེན་པོ་ཡོད་སྐོར་སོགས་བརྗོད་འདུག
གསར་འགོད་པ། པདྨ་མཚོ།