མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འཕྲུལ་སྐར་གྱི་དམིཊ་འབེན་གཞན།

བོད་ཀྱི་དུས་བབ།
༢༠༡༣/༡༢/༢༣
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གིས་བར་སྣང་ཕྱོགས་སྟོན་འཕྲུལ་སྐར་མ་ལག་བརྒྱུད་དེ་ལྷོ་ཤར་ཨེ་ཤའི་རྒྱལ་ཁབ་ཁག་ལ་བརྡ་འཕྲིན་ཚོང་འབྲེལ་རྒྱ་སྐྱེད་བཏང་སྟེ་ཨ་རིར་ཁ་གཏད་གཅོག་འཆར་ཡོད་པ་རེད་ཟེར།

ཟླ་འདིའི་ཚེས་ ༢༢ ཉིན་རོའི་ཌིར་གསར་ཁང་གིས་རྒྱ་ནག་གི་བར་སྣང་ཕྱོགས་སྟོན་འཕྲུལ་སྐར་མ་ལག་སྐོར་ལ་གནས་ཚུལ་སྤེལ་བ་ལྟར་ན། ཡུ་རོབ་མཐུན་ཚོགས་ཀྱི་རྒྱབ་སྐྱོར་འོག་རྒྱ་ནག་གིས་པེ་ཊེའོ་ (Beidou) ཕྱོགས་སྟོན་འཕྲུལ་སྐར་མ་ལག་ཨང་གཉིས་པ་ཞེས་པ་ཞིག་བར་སྣང་དུ་བཏང་བ་ལེགས་འགྲུབ་བྱུང་ཡོད་ཅིང་། དེ་ནི་དམག་དོན་སྟོབས་ཤུགས་དང་ས་ཁམས་བརྟག་དཔྱད། ལྷོ་ཤར་ཨེ་ཤ་ཡའི་རྒྱལ་ཁབ་ཁག་གི་ནང་བརྡ་འཕྲིན་སོགས་ཀྱི་ཚོང་ལས་ཐོག་བཀོལ་སྤྱོད་བྱེད་འཆར་ཡོད་འདུག  གནས་ཚུལ་དཔྱད་བརྗོད་པ་ཚོས་ཕྱོགས་སྟོན་འཕྲུལ་སྐར་མ་ལག་འདིས་ལོ་མང་རིང་ཨ་རིའི་འཛམ་གླིང་ཕྱོགས་སྟོན་མ་ལག་ (GPS) དང་། ཡུ་རོབ་མཐུན་ཚོགས་ཀྱི་གྷ་ལེ་ལེའོ་(Galileo)། ཨུ་རུ་སུའི་གྷུ་ལོབ་ནྰ་སི་(Glonass)བཅས་ཀྱིས་བར་སྣང་བརྡ་འཕྲིན་ལག་རྩལ་ལ་དབང་བསྒྱུར་བྱེད་བཞིན་པར་ཁ་གཏད་བཅག་པ་ཞིག་ཡིན་སྐོར་བརྗོད་འདུག

ལྷོ་ཤར་ཨེ་ཤ་ཡའི་ནང་ཐེ་ལན་ཌི་ནི་རྒྱ་ནག་གི་པེ་ཊེའོ་ཕྱོགས་སྟོན་འཕྲུལ་སྐར་མ་ལག་གི་ཚོང་འབྲེལ་བྱེད་མཁན་རྒྱལ་ཁབ་ཐོག་མ་དེ་ཆགས་ཡོད་ཅིང་། དེ་ནི་ད་ལོའི་ཕྱི་ཟླ་ ༣ པའི་ནང་རྒྱ་ནག་དང་ཐེ་ལན་ཌིའི་གཞུང་གཉིས་ཀྱིས་ཨ་སྒོར་ས་ཡ་ ༣༠༠ ལྷག་གི་ཚོང་འབྲེལ་གྲོས་ཆོད་བཞག་སྟེ། ལོ་རྗེས་མའི་ལོ་མགོ་ནས་བཟུང་ཐེ་ལན་ཌིའི་གཞུང་གིས་ཚོང་ཟོག་སྐྱེལ་འདྲེན་དང་གློག་ཤུགས་བགོ་འགྲེམས། དེ་བཞིན་རང་བྱུང་གནོད་འཚེ་ཆར་རླུང་སྔོན་འགོག་སོགས་ལ་བེད་སྤྱོད་གཏོང་རྒྱུ་ཡིན་འདུག

ཡུ་རོབ་ཀྱི་འཛམ་གླིང་ཕྱོགས་སྟོན་འཕྲུལ་སྐར་མ་ལག་ཁང་(GNSS)གིས་གནས་ཚུལ་སྤེལ་བར། ད་ལོར་འཛམ་གླིང་བརྡ་འཕྲིན་ཕྱོགས་སྟོན་འཁོར་ལོའི་ཚོང་རའི་ཡོངས་སྒོ་བརྒྱ་ཆ་ ༡༠ ཙམ་འཕར་ཡོད་སྟབས། ༢༠༢༠ ལོར་ཨ་སྒོར་ཐེར་འབུམ་ ༢༢༠ ལྷག་འཕར་རྒྱུ་ཡིན་པའི་ཚོད་དཔག་བྱེད་ཀྱི་ཡོད་ཅིང་། རྒྱ་ནག་གཞུང་གིས་ལྷོ་ཤར་ཨེ་ཤ་ཡའི་རྒྱལ་ཁབ་ཚོར་ཚོང་འབྲེལ་བྱས་ཏེ། ༢༠༢༠ ལོར་པེ་ཊེའོ་ཕྱོགས་སྟོན་འཕྲུལ་སྐར་མ་ལག་གི་ཚོང་འབྲེལ་ཡོངས་སྒོ་ཨ་སྒོར་ཐེར་འབུམ་གཅིག་ལྷག་བཟོ་ཐུབ་པའི་དམིགས་ཚད་བཟུང་ཡོད་པ་མ་ཟད། རྒྱལ་སྤྱིའི་བརྡ་འཕྲིན་ཚོང་རྭའི་ནང་འཛུལ་ཞུགས་བྱེད་ཐབས་སུ་འབད་བརྩོན་བྱེད་ཀྱིན་ཡོད་འདུག

ཡུ་རོབ་བར་སྣང་ས་ཚིགས་ཉམས་ཞིབ་པ་ཞིག་གིས། རྒྱ་ནག་གིས་ད་བར་ཨ་རིའི་འཛམ་གླིང་ཕྱོགས་སྟོན་འཕྲུལ་སྐར་དང་ཨུ་རུ་སུའི་གྷུ་ལོབ་ནྰ་སི་གཉིས་ཀྱི་བརྡ་འཕྲིན་རིན་མེད་ཐོག་བེད་སྤྱོད་གཏོང་གི་ཡོད་ཀྱང་། དེའི་བརྡ་རྟགས་ཚད་ལྡན་མིན་པ་དང་ཁྱད་ལས་རང་བཞིན་གྱི་ཆ་རྐྱེན་མེད་སྟབས། རྒྱ་ནག་དམག་དོན་ལས་ཁུངས་ཀྱིས་རྒྱ་ནག་གི་མགོ་ཁྲིད་ཏིན་ཞོ་ཕིན་ནས་བཟུང་རྒྱལ་ཁབ་སྲུང་སྐྱོབ་ཆེད་རང་སྐྱ་འཕེར་བའི་བར་སྣང་ཕྱོགས་སྟོན་འཕྲུལ་སྐར་མ་ལག་བཟོ་སྐྲུན་ལག་རྩལ་ཐོག་འབད་བརྩོན་བྱས་པའི་གྲུབ་འབྲས་ཤིག་ཡིན་སྐོར་བརྗོད་འདུག

སྔ་ལོར་རྒྱ་ནག་གིས་པེ་ཊེའོ་ཕྱོགས་སྟོན་འཕྲུལ་སྐར་མ་ལག་ཨང་གཉིས་པ་བར་སྣང་དུ་བཏང་བ་ལེགས་འགྲུབ་བྱུང་ཡོད་སྟབས། རྒྱ་ནག་བཅིང་འགྲོལ་དམག་ཟེར་བས་ཤར་ལྷོ་རྒྱ་ནག་རྒྱ་མཚོའི་མངའ་ཁུལ་དུ་དམག་དཔུང་རྒྱ་སྐྱེད་དང་། ཉི་ཧོང་དང་ལྷོ་ཀོ་རི་ཡ་གཉིས་ནང་རྟེན་གཞི་བྱས་པའི་ཨ་རིའི་མཚོ་དམག་གི་འཇབ་རྒོལ་ལ་གདོང་ལེན་བྱེད་ཐུབ་པའི་ཡིད་ཆེས་བྱེད་ཀྱི་ཡོད་ཅིང་། ཆབ་སྲིད་དབྱེ་ཞིབ་པ་ཚོས་རྒྱ་ནག་གིས་ཕྱོགས་གང་ཐད་ནས་ལྷོ་ཤར་ཨེ་ཤ་ཡའི་རྒྱ་མཚོའི་ནང་གཏན་སྡོད་བྱེད་བཞིན་པའི་ཨ་རིའི་དམག་དཔུང་ལ་གདོང་ལེན་བྱེད་ཀྱི་ཡོད་སྟབས། ཨ་རིའི་གཞུང་གིས་ཀྱང་ལྷོ་ཤར་ཨེ་ཤ་ཡའི་རྒྱལ་ཁབ་ཚོ་དང་མཉམ་དུ་ཕྱི་འབྲེལ་གཙོ་བོར་བཟུང་སྟེ་དཔལ་འབྱོར་འབྲེལ་ལམ་སྔར་ལས་ཤུགས་ཆེ་རུ་གཏོང་ངེས་ཡིན་སྐོར་བརྗོད་འདུག

༢༠༠༠ ལོར་པེ་ཊེའོ་བར་སྣང་ཕྱོགས་སྟོན་འཕྲུལ་སྐར་མ་ལག་ཨང་དང་པོ་དེ་བར་སྣང་དུ་བཏང་སྟེ། དེའི་ནང་མིས་བཟོས་སྐར་ཚོགས་འཕྲུལ་སྐར་རིམ་པ་གཉིས་ཡོད་འདུག ༢༠༡༡ ལོར་པེ་ཊེའོ་བར་སྣང་ཕྱོགས་སྟོན་འཕྲུལ་སྐར་མ་ལག་ཨང་གཉིས་པ་བར་སྣང་དུ་བཏང་སྟེ་མིས་བཟོས་འཕྲུལ་སྐར་ ༡༠ མཉམ་དུ་ཟླ་སྒྲིལ་བཏང་ཡོད་སྟབས། རྒྱ་ནག་གིས་ལྷོ་ཤར་ཨེ་ཤ་ཡའི་མངའ་ཁོངས་སུ་བརྡ་འཕྲིན་གྱི་མཐུན་རྐྱེན་སྐྲུན་ཡོད་འདུག

གསར་འགོད་པ། ལྷ་སྐྱབས་རྒྱལ།

འབྲེལ་ཡོད་གསར་འགྱུར།

Mobile App

བཙན་བྱོལ་བོད་མིའི་འོས་བསྡུ་ཆེན་མོ་དང་། དྲྭ་ཐོག་གནས་ཚུལ་ལོག་སྤེལ་གྱི་ཉེན་ཁ།

ཆུ་ཚོད་ ༨ སྔོན་ལ།
༧སྐྱབས་རྗེ་ཡང་སྟེང་རིན་པོ་ཆེ་མཆོག་གིས་མོན་ཡུལ་མི་མང་གིས་གོ་སྒྲིག་ཞུས་པའི་༧གོང་ས་མཆོག་གི་གོ་སྟོན་སྲུང་གཙིའི་སྐབས་གསུང་བཤད་གནང་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༠༧།༠༩།༢༠༢༤
Mobile App

༸རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་མཆོག་གི་དགོངས་རྫོགས་མཆོད་འབུལ་སྨོན་ལམ་འཚོགས།

ཆུ་ཚོད་ ༢༤ སྔོན་ལ།
བོད་ཀྱི་གཞུང་ཁོངས་མིན་པའི་ཚོགས་པ་ལྔས་རྒྱ་གཞུང་ལ་ངོ་རྒོལ་བྱས། ༢༠༢༥།༡༢།༡༩ དུས་བབ་ཀྱི་པར།
Mobile App

བོད་ཀྱི་གཞུང་ཁོངས་མིན་པའི་ཚོགས་པ་ལྔས་རྒྱ་གཞུང་ལ་དགོས་འདུན་དོན་ཚན་ལྔ་བཏོན་ཏེ་མཚན་རྟགས་བསྡུ་བཞིན་འདུག

༢༠༢༥/༡༢/༡༩
Chinese Ambassador Chen Pays Farewell Call on Prime Minister Karki. diplomatnepal.com
Mobile App

བལ་ནང་བོད་མི་སྐྱབས་བཅོལ་བའི་ལས་འགུལ་སོགས་ལ་དམ་དྲག་བྱེད་དགོས་པའི་སྐུལ་མ་བྱས།

༢༠༢༥/༡༢/༡༩
Mobile App

 དགུང་གྲངས་ ༡༣༠ སྐོར་བཞུགས་རྒྱུའི་གསུངས་ལ་མཇལ་ཐབས།

༢༠༢༥/༡༢/༡༩
Chinese Embassy at Delhi
Mobile App

རྒྱ་ནག་གཞུང་ཚབ་ཁང་གི་ལས་བྱེད་དྷ་རམ་ས་ལར་ཡོང་ནས་སོ་ཉུལ་བྱས་འདུག

༢༠༢༥/༡༢/༡༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese