མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཁུལ་སློབ་གསོའི་ལས་དོན་ཐོག་གི་གནད་དོན་འགའ།

བོད་ཀྱི་དུས་བབ།
༢༠༡༤/༠༡/༢༤
Share on FacebookShare on TwitterShare on EmailShare on Whatsapp

འདས་པའི་ཉིན་དྲུག་རིང་ཚོགས་པའི་མཚོ་སྔོན་ཞིང་ཆེན་གྱི་ཚོགས་ཆེན་གཉིས་ཀྱི་སྟེང་ར་རྒྱ་ཤེས་རིག་ནོར་བུའི་གླིང་གི་དབུ་འཛིན་རྒན་འཇིགས་མེད་རྒྱལ་མཚན་ལགས་ཀྱིས་བོད་ཁུལ་གྱི་སློབ་གསོའི་སྐོར་ལ་དགོངས་འཆར་དོན་ཚན་ ༩ བཏོན་འདུག

ཟླ་འདིའི་ཕྱི་ཚེས་ ༡༨ ནས་ ༢༣ བར་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དུ། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་ ༡༢ པའི་གྲོས་ཚོགས་ཐེངས་གསུམ་པའི་ཚོགས་ཆེན་ཐེངས་དང་པོ་དང་མཚོ་སྔོན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་གཉིས་པའི་ཚོགས་ཆེན་གཉིས་སྔ་གཞུག་ཏུ་སྐོང་ཚོགས་བྱས་པའི་སྟེང་། ར་རྒྱ་གངས་ལྗོངས་ཤེས་རིག་ནོར་བུའི་གླིང་གི་དབུ་འཛིན་འཇིགས་མེད་རྒྱལ་མཚན་ལགས་ཀྱིས། རྒྱ་གཞུང་གིས་བོད་ཁུལ་གྱི་སློབ་གྲྭ་ཁག་ཏུ་བོད་སྐད་ཡིག་གི་སློབ་གསོ་སྤེལ་སྟངས་ཐད་ཀྱི་ནོར་འཁྲུལ་དང་། བཅའ་ཁྲིམས་དང་སྲོལ་ཡིག་གི་ནང་དོན་ལྟར་བོད་ཁུལ་གྱི་སློབ་གསོའི་བྱ་བ་ལག་བསྟར་བྱེད་ཀྱི་མེད་སྐོར་དགོངས་འཆར་དོན་ཚན་ ༩ བཏོན་འདུག

དགོངས་འཆར་དོན་ཚན་ཁག་ལས་དང་པོ། བོད་ཁུལ་གྱི་སློབ་གྲྭ་མང་བོའི་ནང་དུ་བོད་ཀྱི་སྐད་ཡིག་གཅིག་པུ་བོད་སྐད་ཀྱིས་ཁྲིད་པ་ལས་གཞན་རྩིས་དངོས་རྫས་གསུམ་སོགས་རྒྱ་ཡིག་གི་སྟེང་དུ་ཁྲིད་བཞིན་ཡོད་པ་ནི་ནོར་འཁྲུལ་ཅིག་ཡིན་ཏེ་སློབ་མ་ལ་སློབ་སྦྱོང་སྤྲད་པའི་དམིགས་ཡུལ་གཙོ་བོ་ནི་སྦྱང་བྱའི་རིག་གནས་ཀྱི་ནང་དོན་ཤེས་སུ་འཇུག་པ་དང་མ་འོངས་པ་ན་བཀོལ་སྤྱོད་བྱེད་ཐུབ་རྒྱུ་དེ་ཡིན་པས། མི་རིགས་གང་ཞིག་ཡིན་ཀྱང་སྐད་རིགས་གཉིས་པའི་སྟེང་ནས་ཁྲིད་པ་ལས་རང་གི་ཕ་སྐད་ཀྱི་སྟེང་ནས་ཁྲིད་ན་གོ་སླ་བ་ཡིན་ཚུལ་དེ་མི་རིགས་ཚང་མའི་མྱོང་སྟོབས་ཀྱིས་གྲུབ་སྟེ། དཔེར་ན་ཟི་ལིང་གྲོང་ཁྱེར་གྱི་རྒྱའི་སློབ་མ་རྣམས་ལ་དབྱིན་ཇིའི་ཡི་གེའི་སྟེང་ནས་རྩིས་དངོས་རྫས་གསུམ་སོགས་ཀྱི་དཔེ་ཁྲིད་བྱས་ཚེ་གོ་བ་ལོན་མིན་གྱིས་རྟོགས་ཐུབ། གཞན་ཡང་བོད་ཁུལ་གྱི་སློབ་མ་རྣམས་ཀྱི་མ་འོངས་པའི་ཞབས་ཞུ་བྱེད་ཡུལ་གཙོ་བོ་ བོད་ཁུལ་གྱི་བོད་མི་རྣམས་ཡིན་པས་བོད་མི་ལ་བོད་སྐད་ཀྱིས་གོ་བརྡ་སྤྲད་པའི་སློབ་མ་སྐྱེད་སྲིང་བྱེད་རྒྱུ་དེ་མ་འོངས་པའི་བོད་ཁུལ་གྱི་སློབ་གསོ་དང་དཔལ་འབྱོར། ཚན་རིག་འཕེལ་རྒྱས་ཡོང་བའི་ཐབས་ལམ་ཉག་གཅིག་ཡིན།

གཉིས་པ། དགེ་རྒན་གྱི་གྲངས་ཀ་དང་སྤུས་ཚད་མཐོ་རུ་གཏོང་རྒྱུ་ནི་སློབ་གསོའི་སྤུས་ཚད་མཐོ་རུ་གཏོང་བའི་རྨང་གཞི་རེད། འོན་ཀྱང་བོད་ཁུལ་གྱི་སློབ་གྲྭ་མང་བོའི་དགེ་རྒན་གྱི་སྤུས་ཚད་དམའ་བར་མ་ཟད་གྲངས་ཀ་ཧ་ཅང་ཉུང་། དཔེར་ན་མགོ་ལོག་ཁུལ་གྱི་སློབ་གསོ་ཅུང་བཟང་བའི་རྫོང་ནི་རྨ་ཆེན་རྫོང་ཡིན། རྨ་ཆེན་རྫོང་གི་དགེ་རྒན་གྱི་གྲངས་ཀ་ལ་མཚོན་ན་སློབ་ལོ་མ་རན་པའི་བྱིས་པའི་སློབ་མ་ ༡༠༨༩ ཡོད། རྒྱལ་ཁབ་ཀྱི་ཚད་གཞི་ལྟར་ན་བྱིས་པ་ལྔ་ལ་དགེ་རྒན་གཅིག་དགོས་མོད། ད་ཡོད་དགེ་རྒན་ཉེར་ལྔ་ལས་མེད་པས་བྱིས་གཉོར་དགེ་རྒན་ ༡༩༣ ཆད། སློབ་ཆུང་ལ་སློབ་མ་ ༥༧༥༠ ཡོད། རྒྱལ་ཁབ་ཀྱི་ཚད་གཞི་ལྟར་ན་སློབ་མ་བཅུ་དྲུག་ལ་དགེ་རྒན་གཅིག་དགོས་མོད། ད་ཡོད་སློབ་ཆུང་དགེ་རྒན་ ༢༥༩ ལས་མེད་པས་སློབ་ཆུང་དགེ་རྒན་ ༦༤ ཆད། སློབ་འབྲིང་སློབ་མ་ ༢༠༦༩ ཡོད། རྒྱལ་ཁབ་ཀྱི་ཚད་གཞི་ལྟར་ན་སློབ་མ་ ༡༢ ཙམ་ལ་དགེ་རྒན་གཅིག་དགོས་མོད། ད་ཡོད་སློབ་འབྲིང་དགེ་རྒན་ ༡༡༧ ལས་མེད་པས་སློབ་འབྲིང་དགེ་རྒན་ ༥༩ ཆད། དེ་ལྟར་ན་རྨ་ཆེན་རྫོང་ལ་དགེ་རྒན་ ༣༡༦ ཆད་ཡོད་པས་བྱིས་པའི་སློབ་མ་ ༩༦༥ དང་སློབ་ཆུང་སློབ་མ་ ༡༠༢༤། སློབ་འབྲིང་སློབ་མ་ ༦༩༣ བཅས་ཁྱོན་སློབ་མ་ ༢༦༨༢ ལ་དགེ་རྒན་འདང་མེད་པས་ཧ་ཅང་འཇིགས་སུ་རུང་བའི་གནས་སུ་གྱུར་ཡོད།

གསུམ་པ། མགོ་བ་ལ་ལ་ཞིག་གིས་དམངས་སྒྲུབ་སློབ་གྲྭ་ཡོད་ཀྱང་རུང་ལ་མེད་ཀྱང་ཆོག་པའི་བསམ་ཚུལ་བཟུང་ཡོད་སྟབས། དམངས་སྒྲུབ་སློབ་གསོ་ནི་རྒྱལ་ཁབ་ཀྱི་སློབ་གསོ་འཕེལ་རྒྱས་ཀྱི་ཁྲོད་དུ་མེད་དུ་མི་རུང་བའི་གྲུབ་ཆ་ཞིག་ཡིན་ཚུལ་དམངས་སྒྲུབ་སློབ་གསོའི་བཅའ་ཁྲིམས་སུ་གསལ་ལ། མི་མང་དམངས་ཚོགས་ལ་དགོས་མཁོ་ཆེ་ཚུལ་ཡང་ངེད་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ལོ་ངོ་ ༢༠ རིང་བསགས་པའི་ཉམས་མྱོང་གིས་ཤེས་ཐུབ་སྟེ། དཔེར་ན། ལོ་རེར་གསར་ཞུགས་སློབ་མ་སྟོང་ཁ་ལྷག་གིས་ཕྲེང་བསྒྲིགས་ནས་ལོ་ནས་ལོར་བསྒུགས་ཡོད་པ་འདིས་སྤྱི་ཚོགས་ལ་དགོས་མཁོ་ཆེ་བ་མཚོན་ཐུབ།

བཞི་བ། རྒྱ་མི་རིགས་ལ་མཚོན་ན་གནའ་སྔ་མོ་ནས་སྲོལ་རྒྱུན་གྱི་རིག་གནས་ཕུན་སུམ་ཚོགས་པ་ཞིག་ཡོད་པའི་མི་རིགས་ཁྱད་པར་བ་ཞིག་ཡིན་མོད། དེང་སྐབས་ཀྱི་རྒྱའི་སློབ་གྲྭ་སོ་སོའི་ནང་དུ་དེང་རབས་ཀྱི་རིག་གནས་མང་དུ་ཡོད་ཀྱང་རྒྱ་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་སློབ་ཁྲིད་མེད་པས་སློབ་གྲྭའི་ནང་གི་སློབ་མ་མང་བོ་ཞིག་ལ་རྒྱ་མི་རིགས་རང་གི་སྲོལ་རྒྱུན་རིག་གནས་ལ་དུང་བ་ཤིན་ཏུ་ཞན་ལ། སྲུང་སྐྱོབ་བྱེད་པའི་འདུན་པ་ཡང་ཧ་ཅང་ཆུང་། རེ་བ་ལ་རྒྱལ་གཉེར་གྱི་སློབ་གྲྭ་སོ་སོའི་ནང་དུ་རྒྱ་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་བསླབ་ཏུ་བཅུག་ནས་ཀྲུང་གོའི་རྒྱལ་སྤྱིའི་རང་བཞིན་གྱི་སློབ་གསོའི་ནང་སྙིང་དེ་རྒྱལ་ཁབ་རང་གི་མི་རིགས་ཀྱི་རིག་གནས་ཀྱིས་ཟིན་པར་བྱེད་དགོས། དེ་བཞིན་དུ་བོད་མི་རིགས་ཀྱི་རྒྱལ་སྤྱིའི་རང་བཞིན་གྱི་སློབ་གསོའི་ནང་སྙིང་ཡང་བོད་པའི་རིག་གནས་ཀྱིས་བྱེད་དགོས་པ་རིགས་པས་གྲུབ།

ལྔ་བ། ས་གནས་ཤིག་གི་ལས་ཞུགས་དང་ལས་ཤོར་གྱི་གནས་ཚུལ་གྱིས་ས་གནས་དེའི་དཔལ་འབྱོར་སྒྲིག་གཞི་ལེགས་མིན་དང་མགོ་ཁྲིད་ཀྱི་ནུས་པ་རྟོགས་ཐུབ། རོང་འབྲོག་མང་ཚོགས་ཀྱི་དངོས་པོའི་གནས་ཚུལ་དང་མཐུན་པའི་སྒོ་ནས་བྱ་བ་བཀོད་སྒྲིག་བྱེད་རྒྱུ་ནི་མང་ཚོགས་ཀྱི་འདོད་བློ་སྐོང་བའི་བྱ་བ་གལ་ཆེན་ཞིག་ཡིན། ཡིན་ན་ཡང་བྱ་བ་བཀོད་སྒྲིག་བྱེད་ཚེ་བྱ་བ་ལས་མཁན་གྱི་མི་སྣའི་རིག་གནས་ཆུ་ཚད་དང་འཚོ་བའི་གནས་ཚུལ་ལ་གཞིགས་ཏེ་བཀོད་སྒྲིག་བྱེད་པ་ལས་གང་བསམ་དུ་བཀོད་སྒྲིག་བྱེད་མི་རུང་། དཔེར་ན་ ༢༠༡༢ ཞིང་ཆེན་སྲིད་གྲོས་ཀྱིས་འཆར་གཞི་དང་བཀོད་སྒྲིག་ལྟར་ཁུལ་སོ་སོ་ནས་ལས་ཤོར་དང་བྱ་བ་མེད་པའི་མི་སྣ་མང་བོ་ཞིག་ལ་བྱ་བ་ཐག་གཅོད་བྱས་པས་དངོས་གནས་ཕན་ནུས་ལྡན་པའི་བྱ་བ་མང་བོ་བསྒྲུབས། ཡིན་ན་ཡང་རོང་འབྲོག་གི་གནས་སྤོར་ཁྱིམ་མི་མང་བོ་ཞིག་ནང་ལོག་གི་ཁེ་ལས་རྣམས་སུ་ལས་དཀའ་ལས་རྒྱུའི་གོ་སྐབས་སྤྲད་མོད། ཁོ་ཚོའི་རྒྱ་ཡིག་དང་རྒྱ་སྐད་མི་ཤེས་པའི་དབང་གིས་དཀའ་ངལ་མི་ཉུང་བ་ཞིག་འཕྲད། རྗེས་ཕྱོགས་དེ་འདྲའི་བྱ་བ་བཀོད་སྒྲིག་བྱེད་ཚེ་ཁོ་ཚོའི་རིག་གནས་ཆུ་ཚད་དང་བསམ་བློའི་འདུ་ཤེས། ལུས་སེམས་བདེ་ཐང་བཅས་ལ་ལྟ་ཞིབ་ནན་མོ་བྱས་ཏེ་བཀོད་སྒྲིག་བྱེད་རྒྱུ་ནི་ཁོ་ཚོའི་འཚོ་བ་ལ་ཡུན་རིང་དུ་ཕན་མི་ཕན་གྱི་གནད་འགག་རེད།

དྲུག་པ། མཉམ་སྒྲུབ་ཚོང་སྡེ་འཛུགས་རྒྱུ་ནི་རྒྱལ་ཁབ་ཀྱི་ཞིང་གསུམ་གནད་དོན་ཐག་གཅོད་བྱེད་པའི་ཐབས་ལམ་ཉག་གཅིག་ཡིན། རང་ཞིང་ལ་མཚོན་ན་ལོ་གསུམ་བཞིའི་རིང་ལ་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་སྐྱེ་ཁམས་མཉམ་སྒྲུབ་ཚོང་སྡེ་བསྒྲུབས། ལོ་ངོ་དེ་དག་གི་རིང་ལ་སྡེ་བ་རེར་སྐྱེ་ཁམས་མཉམ་སྒྲུབ་ཚོང་སྡེ་རེ་བསྒྲུབ་ཏུ་བཅུག ཡིན་ན་ཡང་ས་གནས་ལ་ལར་མཉམ་སྒྲུབ་ཚོང་སྡེ་མིང་སྟོང་ཙམ་ལས་དཔལ་འབྱོར་གྱི་ཡོང་སྒོ་སྒྲུབ་ཐུབ་མཁན་ཤིན་ཏུ་ཉུང་ལ། རྒྱལ་ཁབ་ཀྱིས་བྱིན་པའི་རྣམ་གྲངས་ཀྱི་སྒོར་ཁྲི་ཉི་ཤུ་བོ་ཡང་མི་སྒེར་ལ་བགོས་པའི་གནས་ཚུལ་བྱུང་ཡོད། རོང་འབྲོག་མང་ཚོགས་ཁྲོད་དུ་རང་རྟོགས་ཀྱིས་བསྒྲུབས་པའི་མཉམ་སྒྲུབ་ཚོང་སྡེ་ལ་རྣམ་གྲངས་ཀྱི་སྒོར་མོ་ཐོབ་ཀྱིན་མེད་སྟབས། གོང་རིམ་གྱིས་མང་ཚོགས་ཀྱི་བསམ་བློ་ལ་སྒུལ་ཤུགས་དང་སྐུལ་མ་ཐེབས་ཆེད་རང་རྟོགས་ཀྱིས་སྒྲུབ་མཁན་དང་སྲིད་གཞུང་གིས་བཀོད་སྒྲིག་ལྟར་སྒྲུབ་མཁན་གཉིས་ལ་འདྲ་མཉམ་གྱི་ལྟ་སྟངས་འཛིན་རྒྱུ་ནི་ས་གནས་འཕེལ་རྒྱས་ལ་སྐུལ་འདེད་ཐེབས་མིན་གྱི་དོན་ཆེན་ཞིག་ཏུ་གྱུར་ཡོད།

བདུན་པ། སྤྱི་ཚོགས་བདེ་འཇགས་ཡོང་རྒྱུ་ནི་མི་རིགས་མཐུན་སྒྲིལ་དང་དཔལ་འབྱོར་འཕེལ་རྒྱས་ཡོང་བའི་གཞི་རྩ་ཞིག་ཏུ་གྱུར་ཡོད་པས་སྲིད་གཞུང་དང་གོང་རིམ་མགོ་ཁྲིད་ཀྱིས་འདིའི་ཕྱོགས་ལ་དབྱེ་ཞིབ་ནན་མོ་བྱེད་དགོས། དེང་སྐབས་བོད་ཁུལ་བདེ་འཇགས་མིན་པའི་གོ་སྐབས་དང་བསྟུན་ནས་མི་ལ་ལ་ཞིག་གིས་དབྱེན་རྫུན་གྱི་བྱ་བ་ཁོ་ནར་འབད་དེ་མི་དང་མིའི་བར། མགོ་ཁྲིད་དང་འབངས་མིའི་བར། ཚོགས་པ་དང་ཚོགས་པའི་བར། སྡེ་ཁག་དང་སྡེ་ཁག་གི་བར་བཅས་ལ་དབྱེན་རྫུན་བཤད་ནས་བསྡད་ཡོད། དཔེར་ན། ༢༠༡༢ ལོར་ངེད་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གིས་རྩོམ་བསྒྲིགས་བྱས་ཤིང་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་དཔར་བསྐྲུན་བྱས་པའི་གསར་བྱུང་རྒྱུན་བཀོལ་ཐ་སྙད་ཕྱོགས་བསྒྲིགས་ཀྱི་དཔེ་ཆའི་རྒྱབ་ཤོག་སྟེང་བཀོད་ཡོད་པའི་ནོར་བུ་མེ་འབར་གྱི་རི་མོ་ལ་ཆབ་སྲིད་ཀྱི་ཉེས་སྐྱོན་བཀལ་བ་བཞིན་རེད། དེང་སྐབས་བོད་ཁུལ་དུ་མི་ལ་ཕྲག་དོག་བྱེད་པ་དང་མི་ལ་ངན་བཤད་ལྐོག་གཡོ་བྱེད་པའི་ཐབས་ལམ་གཙོ་བོ་ནི་ཆབ་སྲིད་ཀྱི་ཉེས་སྐྱོན་འགེལ་རྒྱུ་དེ་རེད། དེའི་ཕྱིར་མཐའ་ཕྱོགས་གཅིག་གྱུར་ལས་ཁུངས་དང་རྒྱལ་ཁབ་བདེ་འཇགས་ལས་ཁུངས་སོགས་འབྲེལ་ཡོད་ལས་ཁུངས་ཀྱིས་བྱ་བ་ལ་དབྱེ་ཞིབ་ནན་མོ་བྱེད་པ་ལས་སྐད་ཆ་གོ་ཚད་བདེན་པར་བཟུང་ནས་ཉེས་ཆད་དང་ཁྲིམས་སྦྱོར་བྱས་ན་འཆམ་མཐུན་དང་བདེ་འཇགས་ཀྱི་ལྡོག་ཟླར་འགྱུར་བཞིན་ཡོད།

བརྒྱད་པ། དགོན་པའི་དོ་དམ་འཐུས་ཚང་དུ་གཏོང་བ་དང་དགོན་པའི་གྲྭ་བ་དང་མང་ཚོགས་ལ་བདེ་འཇགས་ཡོང་རྒྱུ་ནི་ཞི་འཇམ་འཆམ་མཐུན་དང་བདེ་སྐྱིད་ཀྱི་འཚོ་བ་ཡོང་བའི་ཆ་རྐྱེན་གལ་ཆེན་ཞིག་ཡིན། དེའི་ཕྱིར་ས་གནས་སྐོར་ཞིག་གིས་ཏང་ཡོན་ལས་བྱེད་པ་མང་བོ་དགོན་པའི་དོ་དམ་ཁང་གི་མགོ་ཁྲིད་ལ་བསྐོ་བཞག་བྱས་ཡོད་མོད། དགོན་པའི་དོ་དམ་གྱི་ཕྱོགས་ལ་ནུས་པ་ཆེན་པོ་ཐོབ་ཀྱིན་མེད་པར་མ་ཟད་དགོན་པ་ལ་ལར་གོང་རིམ་ནས་བསྐོ་བཞག་བྱས་པའི་ལས་བྱེད་པ་དང་དགོན་པ་གཉིས་དགྲ་གཤེད་ལྟ་བུར་གྱུར་ཡོད། རྒྱུ་མཚན་གཙོ་བོ་ནི་ཁོ་ཚོས་ཆོས་ལུགས་མི་ཤེས་པར་མ་ཟད་བོད་ཀྱི་རིག་གནས་དང་ཡུལ་སྲོལ་གོམས་གཤིས་གང་ཡང་མི་ཤེས་སྟབས། གྲྭ་མང་གི་སེམས་ལ་འབབ་པའི་སློབ་གསོ་གཏོང་མི་ཤེས་ཤིང་སྐབས་ལ་ལར་སྲིད་གཞུང་དང་དགོན་པའི་བར་ལ་ཕྲ་མ་བཤད་མཁན་དུ་གྱུར་ནས་མཐུན་སྒྲིལ་གྱི་བཀག་རྡོ་ལྟ་བུར་འགྱུར་བཞིན་ཡོད།

དགུ་བ། རང་སྐྱོངས་ལྗོངས་ཀྱི་སྲོལ་ཡིག་མང་བོ་ཞིག་ཡོད་མོད་ལག་བསྟར་བྱས་པ་ཧ་ཅང་ཞན་པས་ཞིང་ཆེན་གྱི་དམངས་ཆེན་བསྐོས་མི་ལྷན་ཚོགས་ཀྱིས་ཞིབ་དཔྱོད་ལེགས་པོ་བྱེད་རྒྱུ་གལ་ཆེ། དཔེར་ན། བོད་རིགས་རང་སྐྱོང་ཁུལ་སོ་སོའི་མི་དམངས་མང་ཚོགས་མང་བོས་བོད་ཡིག་གི་ཡར་ཞུ་དང་གཏུགས་ཡིག་སོགས་བྲིས་པ་ལ་ནུས་པ་མེད་པ། སྲིད་ཇུས་དང་ཁྲིམས་ལུགས་མང་བོ་བོད་ཡིག་ཏུ་བསྒྱུར་མེད་པ། གཞུང་ལམ་གྱི་ས་མཚམས་མང་བོར་བདེ་འཇགས་ཀྱི་ཁྱབ་བསྒྲགས་ཡི་གེ་བོད་ཡིག་ཏུ་བསྒྱུར་མེད་པ། ཚོགས་ཆེན་གཉིས་ཀྱི་ཡིག་ཆ་ཡང་བོད་ཡིག་སྟེང་དུ་ཆ་ཚང་བར་བསྒྱུར་ཐུབ་ཀྱིན་མེད་པ། སྒོ་བྱང་ལ་ཡིག་ནོར་མང་བ། ཟི་ལིང་གྲོང་ཁྱེར་གྱི་བོད་མི་ ༢༠༠༠༠༠ ལྷག་གི་བྱིས་པ་རྣམས་ལ་བོད་ཡིག་སློབ་པའི་གོ་སྐབས་མེད་པ་སོགས་ཀྱིས་མཚོན་ཐུབ། ཅེས་བཀོད་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

བོད་རིག་པའི་ཆེད་མཁས་པ་དང་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཟུར་བ་རྒན་བདེ་མཆོག་ལགས། པར་བོད་ནང་གི་དྲ་ལམ་ནས་བླངས། ༢༠༢༦།༧།༡༧
Mobile App

བོད་རིག་པའི་མཁས་དབང་བདེ་མཆོག་ལགས་སྐུ་གྲོངས།

སྐར་མ ༥ སྔོན་ལ།
རྒྱ་ནག་གཞུང་གིས་བོད་མགོ་ལོག་ཁུལ་དུ་ཆབ་སྲིད་སློབ་གསོ་སྤྲོད་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

ཉིན་གྲངས་ ༡༧ ནང་བོད་དུ་བྱུང་བའི་ཆོས་དང་ཆབ་སྲིད་ཀྱི་གནས་ཚུལ་ཁག་ཅིག

ཆུ་ཚོད་ ༣ སྔོན་ལ།
China completes building a fifth new border defence village few km from Arunachal border
Mobile App

རྒྱ་ནག་གཞུང་གིས་རྒྱལ་སྲུང་མཐའ་མཚམས་ཀྱི་གྲོང་ཚོ་ལྔ་པ་དེ་འཛུགས་སྐྲུན་བྱས་ཚར་ཡོད་ཟེར།

ཆུ་ཚོད་ ༧ སྔོན་ལ།
Chinese officials celebrate the 70th anniversary of the invasion of Tibet at Potala Palace in Lhasa, Tibet. Photograph: Xinhua/Rex/Shutterstock
Mobile App

རང་སྐྱོང་གི་འཁྲུལ་སྣང་། བོད་པ་ཚོས་དངོས་ཡོད་ལ་གདོང་ལེན་བྱ་དགོས་པའི་རྒྱུ་མཚན།

༢༠༢༦/༠༧/༡༦
དཀར་མཛེས་ཁུལ་སྐྱེས་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག དྲ་ལམ་གྱི་པར།
Mobile App

དཀར་མཛེས་ཁུལ་སྐྱེ་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག་ལ་ཞིབ་བཤེར་བྱེད་ཀྱིན་འདུག

༢༠༢༦/༠༧/༡༦
Tibetan monks hold a ceremony to mourn the death of Tibetan activist Lobga Rangzen in Liberty Square in Taipei last night. Lobga Rangzen set himself on fire outside the UN headquarters in New York on July 2 in protest of China’s occupation of Tibet and Beijing’s Ethnic Unity and Progress Promotion Law, which went into effect on July 1.
Photo: Tu Chien-rong, Taipei Times
Mobile App

 བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་གིས་རང་བཙན་བློ་དགའ་ལགས་སུ་གདུང་སེམས་མཉམ་སྐྱེད་ཞུས།

༢༠༢༦/༠༧/༡༦

མཆན། 3

  1. གནས་ཚང་། says:
    ལོ་ 12 སྔོན།

    རེད་ལགས། པཎ་ཆེན་ཐམས་ཅད་མཁྱེན་པའི་ཡིག་འབྲུ་ཁྲི་བདུན། ཀན་མཚོའི་བོད་དཔོན་དག་གི་ཤར་བོད་རང་སྐྱོང་། སྡེ་རོང་ཚེ་རིང་དོན་གྲུབ་མཆོག་གི་ང་ཡི་རེ་འདུན། འབའ་བ་ཕུན་དབང་གི་སྙན་ཞུ། མཚོ་སྔོན་གཞི་རིམ་དགེ་རྒན་རྣམས་ཀྱི་སྙན་ཞུ། ར་རྒྱའི་སློབ་སྤྱི་མཆོག་གི་དགོངས་འཆར་བཅས་ནི་རྒྱ་གཞུང་གི་རྩ་ཁྲིམས་འོག་གི་འཕག་འཚག་རེད། རྡ་རམ་ས་ལའི་འགོ་ལས་ཡོངས་ལ་ལམ་སྟོན་གསར་བ་ཞིག་ཅིས་མ་ཡིན་ནམ། ཡིན་ནའི། རྐང་རྗེས་ལག་བསུབ་ཚོགས་ཀྱིས་ཅི་ཤེས་སམ།

    Reply
  2. ཤར་ཕྱོགས་ཁུག་རྟ། says:
    ལོ་ 12 སྔོན།

    བོད་ནང་ནས་མཁྱེན་ལྡན་བློ་ཁོག་ཅན་དང། བློ་ཐག་ཆོད་པོ་རྣམས་ཀྱིས་འདི་ལྟར་གནང་ཡོང་དུས། ༸རྒྱལ་བ་རིན་པོ་ཆེའི་ཞབས་འོག་གི་ཁང་སྲུང་ཚོར་དྲི་རྟགས་ཧ་ལས་པའི་ཆེན་པོ་དེ་འདྲ་བྱིན་ཡོད་པ་རེད། ཉེ་བའི་ལོ་གཅིག་གཉིས་ནང་ཤེས་ཡོན་སྲིད་བྱུས་དང་ཤེས་རིག་ལས་ཁུངས་ལ་ཙག་སྒྲ་གས་སྒྲ་མང་པོ་ཡོད་ཙང། ཨ་རི་ནས་ཆེད་མངགས་གདན་ཞུ་གནང་བའི་ཤེས་རིག་དྲུང་ཆེ་ལགས་དང་གཞན་སྟོབས་རྒྱལ་ཚེ་རིང་གཉིས་ཀས་གནས་ཚུལ་འདི་ཚོ་སྲིད་སྐྱོང་མཆོག་ལ་ཞལ་པར་ཕུལ་ནས། རྒྱུད་ལམ་ཁག་ཏུ་གནས་ཚུལ་འདི་འདྲའང་འདུག་ཅེས་ཞུས་ན་ཕལ་ཆེར་ཡག་པོ་ཡོད་པ་རེད། བོད་ནང་དང་བོད་ནང་གི་བོད་མི་ཟེར་པ་འདི་མཁྱེན་རྟོགས་རེ་བྱུང་ན་དཔོན་པོ་ཚོས་བོད་ལ་ཕན་མ་ཐོགས་ཀྱང། རང་རང་གི་རྒྱུད་ལ་ངེས་ཤེས་ཅུང་ཙམ་རེ་སྐྱེ་ནས་ཚེ་མཇུག་ལ་མ་ཎི་དང་ཡིག་བརྒྱ་རེ་འདོན་སྲིད་མདོག་ཁ་པོ་རེད།

    Reply
  3. བསོད་ནམས། says:
    ལོ་ 12 སྔོན།

    པཎ་ཆེན་རིན་པོ་ཆེ་མཆོག་གིས་ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ་ཕུལ་བ་རེད། དེའི་རྗེས་ལ་ཀན་ལྷོ་ས་ཁུལ་གྱི་བོད་རིགས་ལས་བྱེད་བརྒྱད་ཀྱིས་བོད་པའི་རང་སྐྱོང་སྐོར་གྱི་དགོས་འདུན་ཡིག་ཆ་བྲིས་པ་རེད། ཨང་གསུམ་པ་དེ་ད་རེས་འཇིགས་མེད་རྒྱལ་མཚན་མཆོག་གི་དགོངས་འཆར་འདི་རྩ་ཆེ་ཤོས་སུ་མཐོང་སོང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese