མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འཇིགས་སྐུལ་དྲག་སྤྱོད་པ་མ་རེད་ཟེར།

བོད་ཀྱི་དུས་བབ།
༢༠༡༤/༠༢/༡༤
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཕྱི་ཚེས་ ༡༣ ཉིན་ཨབ་གྷན་གཞུང་གིས་དེ་སྔོན་ཨ་རིའི་དམག་མིས་འཛིན་བཟུང་བྱས་ཡོད་པའི་འཇིགས་སྐུལ་རིང་ལུགས་པ་ ༦༥ ཙམ་ལ་འཇིགས་སྐུལ་དྲག་སྤྱོད་ཀྱི་ནག་ཉེས་གང་ཡང་མེད་པའི་ངོས་འཛིན་འོག་བྷ་གྷི་རམ་བཀག་ཉར་ཁང་ནས་ཀློད་གྲོལ་བཏང་ཡོད་འདུག ཨ་རིའི་གཞུང་གིས་ཐེངས་འདིར་ཨབ་གྷན་གཞུང་གིས་བཙོན་པ་དེ་དག་ལ་འཇིགས་སྐུལ་དྲག་སྤྱོད་སྤེལ་བའི་བདེན་དཔང་ཁག་ལ་ཞིབ་འཇུག་ཡག་པོ་མ་བྱས་པར་ཀློད་གྲོལ་བཏང་བ་དེ་ནི། དེ་སྔ་ཨ་རི་དང་ཨབ་གྷན་བར་བཙོན་པ་དེ་དག་ཐོག་བཞག་པའི་གྲོས་དོན་ལ་རྡོག་རོལ་བཏང་བ་ཞིག་ཡིན་པའི་སྐྱོན་བརྗོད་ཤུགས་ཆེན་བྱས་ཡོད་འདུག

ཨབ་གྷན་སྲིད་འཛིན་ཁཱར་ཛེ་ (Hamid Karzai) ཡིས་ཊུར་ཀེའི་ནང་འཚོགས་བཞིན་པའི་ཚོགས་འདུའི་སྟེང༌། ཨབ་གྷན་ནི་རང་བཙན་རྒྱལ་ཁབ་ཡིན་སྟབས།ཨ་རི་གཞུང་གིས་ངེས་པར་དུ་ཨབ་གྷན་གྱི་ཁྲིམས་ཁང་གི་འགྲོ་སྟངས་དང་དབང་ཚད་ལ་མཐོང་ཆུང་བྱེད་པ་མཚམས་འཇོག་བྱེད་དགོས་པ་དང༌། བྷ་གྷི་རམ་བཀག་ཉར་ཁང་དེར་ཊི་ལི་བྷན་འཇིགས་སྐུལ་རིང་ལུགས་པའི་བཟོ་གྲྭ་ཞིག་རེད་ཅེས་སོགས་བརྗོད་ཡོད་འདུག

ཨབ་གྷན་ནང་ཡོད་པའི་ཨ་རིའི་གཞུང་ཚབ་ཁང་གིས། བཙོན་པ་དེ་དག་གིས་ཨབ་གྷན་དང་ཨ་རི་གཙོས་ནུབ་ཕྱོགས་ཀྱི་མཉམ་འབྲེལ་དམག་དཔུང་ལ་འཇབ་རྒོལ་བྱས་ཏེ་དམག་མི་དང་མི་སེར་དཀྱུས་མ་དམར་གསོད་བྱས་པའི་ནག་ཉེས་ཀྱི་དཔང་རྟགས་ཆ་ཚང་ཡོད་མ་པ་ཟད། ཁོ་ཚོའི་ཁྲོད་འབར་གས་བཟོ་མཁན་དང༌། ཊ་ལི་བྷན་འཇིགས་སྐུལ་ཚོགས་པར་འབྲེལ་བ་བྱེད་མཁན་སོགས་ཡོད་སྟབས། འབྱུང་འགྱུར་ཁོ་ཚོས་མི་གསོད་ཁྲག་སྦྱོར་དང་འཇིགས་སྐུལ་བྱ་སྤྱོད་མི་སྤེལ་རྒྱུར་ཨབ་གྷན་གཞུང་གིས་ཁག་ཐག་བྱེད་དགོས་ཞེས་བརྗོད་འདུག དེ་བཞིན། ཨ་རིའི་བདེ་སྲུང་ལྷན་ཁང་གིས་རྒྱལ་སྤྱིའི་གསར་འགོད་མཐུན་ཚོགས་ལ། ཀློད་གྲོལ་བཏང་བའི་བཙོན་པ་དེ་དག་ཁྲོད་ནས་བཙོན་པ་ ༡༧ ནི་ཚོང་ར་དང་ལམ་འགྲམ་དུ་བྱུང་བའི་འབར་གས་དོན་རྐྱེན་དང་ཐད་ཀར་འབྲེལ་བ་ཡོད་སྐོར་བརྗོད་འདུག

ཁ་སང་ཨ་རིའི་གྲོས་ཚོགས་གོང་མའི་གོ་མཚོན་ཞབས་ཞུ་ཚོགས་ཆུང་གི་ཚོགས་འདུའི་སྐབས།འཐུས་མི་གྷིར་ཧམ་ ( Lindsey Graham) ལགས་ཀྱིས་ཨབ་གྷན་སྲིད་གཞུང་གིས་དོགས་ཡོད་འཇིགས་སྐུལ་རིང་ལུགས་པའི་བཙོན་པ་མུ་མཐུད་ཀློད་གྲོལ་གཏོང་བའི་སྲིད་བྱུས་ཐེར་འདོན་དང་ཁོང་གིས་གྲོས་ཚོགས་གོང་མའི་འཐུས་མི་ཚོ་རེ་སྐུལ་ཞུས་ཏེ་ཨ་རིའི་གཞུང་གིས་ཨབ་གྷན་གྱི་དཔལ་འབྱོར་དང་ཤེས་ཡོན། འགྲིམ་འགྲུལ་སོགས་ལ་དཔལ་འབྱོར་གྱི་རོགས་སྐྱོར་སྤྲོད་བཞིན་པ་དེ་གནས་སྐབས་རིང་མཚམས་འཇོག་བྱེད་དགོས་པའི་གྲོས་ཆོད་འཇོག་ཐུབ་པ་བྱ་རྒྱུ་ཡིན་ཚུལ་བརྗོད་འདུག

ཨབ་གྷན་ནང་ཨ་རིའི་དམག་དཔུང་མུ་མཐུད་སྡོད་ཆེད་ཨ་རི་གཞུང་གིས་དེ་སྔོན་ཨ་རི་དང་ཨབ་གྷན་གཉིས་བར་བཞག་པའི་བདེ་འཇགས་མཉམ་འབྲེལ་གྲོས་ཆོད་ལ་ཡང་བསྐྱར་མིང་རྟགས་འགོད་དགོས་པར་ནན་སྐུལ་བྱས་ཀྱང༌། སྲིད་འཛིན་ཁཱར་ཛེ་ཡིས་ཁས་ལེན་མ་བྱས་པ་མ་ཟད། དམག་འཁྲུག་སྐབས་འཛིན་བཟུང་བྱས་པའི་དོགས་ཡོད་བཙོན་པ་དག་ཀློད་གྲོལ་བཏང་ཡོད་སྟབས་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་ཇེ་སྡུག་ཏུ་ཕྱིན་ཡོད་འདུག

གསར་འགོད་པ། ལྷ་སྐྱབས་རྒྱལ།

འབྲེལ་ཡོད་གསར་འགྱུར།

Mobile App

བོད་ཀྱི་འགྲེམས་སྟོན་ཁང་ཁག་གིས་འགྲེམས་སྟོན་བྱེད་ཕྱོགས་སྐོར་ལ་གྲོས་བསྡུར་གནང་།

ཆུ་ཚོད་ ༤ སྔོན་ལ།
བཀྲ་ཤིས་བདེ་ལེགས་ལགས་ཀྱིས་སྐབས་བཅུ་བདུན་པའི་ཡུ་རོབ་སྤྱི་འཐུས་ཀྱི་ལས་ཁུར་དམ་འབུལ་ཕུལ།  བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༡༨
Mobile App

བཀྲ་ཤིས་བདེ་ལེགས་ལགས་ཀྱིས་སྐབས་བཅུ་བདུན་པའི་ཡུ་རོབ་སྤྱི་འཐུས་ཀྱི་དམ་བཅའ་ཕུལ། 

ཆུ་ཚོད་ ༩ སྔོན་ལ།
Mobile App

ཨ་མའི་དུས་ཆེན་ཉིན་མོར་ཨ་མར་ཕྱིར་དྲན་གསོན་པོ་ཞིག

༢༠༢༦/༠༥/༡༧
Mobile App

འདི་ལོ་བོད་པའི་སློབ་གྲྭ་ཁག་གི་ཡིག་རྒྱུགས་འཕྲོད་པའི་བརྒྱ་ཆ་ ༩༨།༥༨ རེད་འདུག

༢༠༢༦/༠༥/༡༥
ttt
Mobile App

རྩོད་རྙོག་ཟེར་བ་དེ་བཟང་ཕྱོགས་སུ་བསྒྱུར་རྒྱུའི་ཐབས་ལམ་ཡོད།

༢༠༢༦/༠༥/༡༥
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་གིས་ཌ་སི་མོན་ཊུ་ཊུ་དམ་པ་དེ་ཉིད་སྙིང་ནས་བརྩེ་བའི་གྲོགས་པོ་ཞིག་ཡིན་གསུངས།

༢༠༢༦/༠༥/༡༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese