མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་དམག་གི་ཐབས་ཇུས་ལ་རྟོག་ཞིབ།

བོད་ཀྱི་དུས་བབ།
༢༠༡༤/༠༢/༡༧
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་རྒྱ་གར་ཤར་ཕྱོགས་དམག་སྤྱི་ཁང་གིས་གསལ་བསྒྲགས་སྤེལ་ཏེ་དམིགས་བསལ་དམག་དོན་རུ་ཁག་ཅིག་རྩ་འཛུགས་བྱས་ཏེ་རྒྱ་དཀར་ནག་གི་ས་མཚམས་སོགས་སུ་རྟོག་ཞིབ་བྱ་རྒྱུ་ཡིན་ཚུལ་བརྗོད་འདུག

རྒྱ་གར་གྱི་སྤྱི་ཁྱབ་དམག་དཔོན་ཆེན་མོ་བྷི་ཁམ་སིང་ ( Bikram Singh) ལགས་ཀྱི་བཀོད་འདོམས་ལྟར། ཀ་ལི་ཀ་ཌར་ཡོད་པའི་རྒྱ་གར་ཤར་ཕྱོགས་དམག་སྤྱི་ཁང་གིས་རྒྱ་གར་གྱི་ཨུ་བྷམ་པུར་ ( Udhampur) དང་ལཱག་ནོ་ ( Lucknow) ཡི་དམག་སྒར་ནས་མདའ་དཔོན་རེ་དང་དམག་མི་གསུམ་རེ་འདེམས་སྒྲུག་གིས་དམིགས་བསལ་དམག་དོན་རུ་ཁག་ཟེར་བ་ཞིག་གསར་འཛུགས་བྱས་ཡོད་སྐོར་དེ་རིང་གསལ་བསྒྲགས་སྤེལ་འདུག

དེ་ནི་ཉེ་ལམ་རྒྱ་ནག་གི་མཐའ་སྲུང་དམག་མིས་རྒྱ་དཀར་ནག་གི་ས་མཚམས་( Line of Actual Control) སོགས་བརྒྱུད་ནས་སྤྱི་ལེ་ ༤༠༥༩ ཙམ་ཡོད་པའི་ལ་དྭགས་མངའ་ཁུལ་དུ་བཙན་འཛུལ་དང་། པ་ཀི་སི་ཐན་དང་མཉམ་འབྲེལ་ཐོག་རྒྱ་གར་ལ་རྣམ་འགྱུར་མི་ལེགས་པ་བསྟན་པ། དེ་བཞིན་ཤར་ཞི་བདེ་རྒྱ་མཚོའི་མངའ་ཁུལ་དུ་མཁའ་དབྱིངས་དབྱེ་མཚམས་ཐིག་ཚད་བཟོས་པ་བཅས་ལ་རྟོག་ཞིབ་གདོང་ལེན་བྱ་ཆེད་ཡིན་འདུག

རྒྱ་གར་གྱི་མཐོ་རིམ་དམག་དཔོན་ཞིག་གིས། ང་ཚོས་རྒྱ་གར་གྱི་དབུས་ཤར་དང་ནུབ་ཕྱོགས་ས་ཁུལ་དུ་འཕྲད་བཞིན་པའི་ས་མཚམས་རྩོད་རྙོག་དང་། རྒྱ་ནག་གི་དམག་དོན་རྒྱ་སྐྱེད་ཐབས་ཇུས་གཙོས་རྒྱ་ནག་མཐའ་སྲུང་དམག་མིའི་ཉིན་རེའི་བྱ་སྤྱོད་ལ་ཉུལ་ཞིབ་བྱས་ཏེ་དམག་དོན་སྤྱི་ཁྱབ་ལ་སྙན་སེང་ཞུ་རྒྱུ་ཡིན་ཞེས་བརྗོད་འདུག

རྒྱ་ནག་ཕྱི་སྲིད་ལྷན་ཁང་གིས། རྒྱ་གར་གྱིས་རྒྱ་ནག་གི་དམག་དོན་ཐབས་ཇུས་ཐོག་རྟོག་ཞིབ་བྱེད་མཁན་ཚན་པ་ཞིག་གསར་འཛུགས་བྱས་པ་དེ་ནི་རྒྱ་གར་གྱིས་རྒྱ་ནག་ལ་ཁ་གཏད་ལྕོག་གི་ཡོད་སྐོར་བརྗོད་འདུག རྒྱ་ནག་གི་དམག་ཇུས་ཆེད་མཁས་པ་ནཱེ་ལིན་ཤུང་ (Ni Lengxiong) གིས། རྒྱ་གར་གྱིས་རྒྱ་ནག་གི་དམག་དོན་སྲིད་ཇུས་ཉེན་ཁ་ཞིག་ལ་བརྩིས་ཏེ། ཆེད་དུ་རྒྱ་ནག་གི་དམག་དོན་ཐབས་ཇུས་ལ་རྟོག་ཞིབ་བྱེད་མཁན་ཞིག་བཙུགས་པ་ཡིན་ཚུལ་བརྗོད་འདུག

༢༠༡༣ ལོའི་ཟླ་ ༡༠ པའི་ནང་རྒྱ་གར་སྲིད་བློན་མན་མ་ཧཱན་སིང་དང་རྒྱ་ནག་གི་སྲིད་བློན་ལི་ཁཱེ་ཆིང་གཉིས་ཀྱིས་མཐའ་མཚམས་སྲུང་སྐྱོབ་སྐོར་གྱི་ཡིག་ཆར་མིང་རྟགས་བཀོད་དེ། ས་མཚམས་ཁུལ་དུ་ཞི་བདེ་བརྟན་བརླིང་དང་དམག་འཐབ་མི་འབྱུང་བ། མཉམ་ལས་དམག་སྦྱོང་བྱ་རྒྱུ་སོགས་ལ་གྲོས་ཆོད་བཞག་ཡོད་པ་དང་། བདུན་ཕྲག་ཅིག་སྔོན་ལ་རྒྱ་གར་གྱི་རྒྱལ་སྲུང་སློབ་སྟོན་པ་ཤང་ཀར་མེ་ཎོན་ (Shiv Shankar Menon) ལགས་ཀྱིས་རྒྱ་ནག་གི་སྐུ་ཚབ་ཡང་ཇེ་ཆི་ (Yang Jiechi) ཐུག་སྟེ་ས་མཚམས་སྐོར་གྱི་གྲོས་མོལ་ཐེངས་ ༡༧ པ་དེ་ཚོགས་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

ཆུ་ཚོད་ ༡༨ སྔོན་ལ།
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡
སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་མུས་ཡིན་འདུག

༢༠༢༦/༠༧/༣༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese