ནམ་རྒྱུན་དུ་ང་རང་གིས་འདི་ལྟར་བསམ་བཞིན་ཡོད་ཀྱང་། ཁྱེད་ཀྱིས་འདི་ལྟར་བྱེད་ཀྱི་འདུག དེ་ལྟར་ཡིན་དོན་གང་ལ་ཐུག་པ་རེད།
འོ་ རེད། ཁྱེད་ལ་ཐུགས་ཁག་མི་འདུག རྒྱུ་མཚན་ནི་འཇིག་རྟེན་འདིས་སྟེང་གི་མི་མང་ཤོས་ཀྱི་ཚུལ་བཅོས་ཀྱི་འབག་ཞིག་ གོན་ནས་མི་ལུས་སྲུང་བཞིན་ཡོད་པ་དེ་ལ་ཁྱེད་རང་གིས་ཀྱང་གུས་བརྩི་དང་བསྟུན་ ཤེས་མ་བྱས་པ་ཡིན་ན་ཁྱེད་རང་ལ་དེ་དག་གི་ལྟ་སྟངས་ཡག་པོ་ཞིག་ཡོང་མི་སྲིད་ལ། ད་དུང་། ཁྱེད་ཉིད་ལ་མི་དེ་དག་གི་རྩ་མི་ཚང་བར་འབོད་པའམ། ཉིན་མོ་དེ་ནས་བཟུང་ཁྱེད་ཀྱི་གང་བྱས་དང་གང་བཤད་ལ་རིན་ཐང་མེད་པར་ཆགས་འགྲོ དེའི་སྟབས་ཀྱི་ཁྱེད་རང་གི་ང་ལ་ཉན་ནས་ལས་ཀ་བྱེད་རྒྱུ་ནི་དངོས་ནས་ཁག་པོ་ཡོད། འོན་ཀྱང་། ངས་རྟག་དུ་ཁྱེད་རང་བློས་གཏོང་འཕོད་ཀྱི་མེད། རྒྱུ་མཚན་ནི་ང་རང་ཁྱེད་ཀྱི་བྲང་ཁོག་ནང་དུ་ཡོད་པས་ཡིན་ལ། ང་རང་ཁྱེད་ཀྱི་བྲང་ཁོག་འདི་དང་ཁ་བྲལ་རེག་བར་དུ་ངས་ཁྱེད་ཀྱི་དགའ་སྐྱོ་ཆགས་ སྡང་གི་ཚོར་བ་ཡོད་ཚད་ལ་དང་ལེན་དང་བཟོད་བསྲན་དང་བསམ་ཤེས་བྱེད་དགོས་ཀྱི་ཡོད། དེ་ལྟར་མ་བྱས་པའི་ཉིན་མོ་དེར་འུ་གཉིས་ཁ་ཁར་ཆགས་ངེས་ཡིན་ལ། འུ་གཉིས་ཁ་ཁར་ཆགས་སོང་བ་ཡིན་ན་སླར་ཡང་འདི་འདྲའི་རྐ་རྐང་ལག་ཚང་མ་འཛོམ་པ་དང་ རྣམ་རིག་གསལ་བའི་མི་ཞིག་གི་ལུས་འདི་ཁྱེད་རང་ལ་སླར་ཡང་ཐོབ་མིན་མི་ཤེས་ལ། ནང་དགོས་སུ་ཁྱེད་རང་བོད་རིགས་ཤིག་ལ་སྐྱེ་བ་ལེན་ཐུབ་མིན་ཡང་དེ་ལས་ཀྱང་བཤད་ དཀའ། ཡིན་ཡང་། ང་རང་ལ་བསམ་ཚུལ་རང་དབང་དང་གར་འགྲོ་གར་འདུག་གི་རང་དབང་ཞིག་ཡོད་རྒྱུ་ནི་ང་རང་ བསྐལ་བ་མཐའ་ལ་ཐུག་རེག་བར་དུ་བོད་ལུས་ཤ་སྟག་གི་བྲང་ཁོག་དུ་འཛུལ་ནས་བོད་མི་ རིགས་འདི་ཉིད་ཀྱི་སྲོག་དབང་སྲུང་སྐྱོབས་བྱེད་མཁན་གྱི་མི་སྣ་ཞིག་བྱེད་འདོད་ ཡོད།
ཡ་ང་བ་ཞིག་ལ་ང་རང་གིས་ ཀྱང་ང་རང་གང་ནས་འོང་བ་དང་རྗེས་སུ་གང་དུ་འགྲོ་མིན་གྱི་གདམ་ག་དེ་ཉིད་ང་ལ་གཏན་ ནས་མེད་པ་ཞིག་རེད། དོན་དངོས་སུ་ང་རང་གང་ནས་འོང་བ་རེད། ངས་ཁྱེད་ཀྱི་བྲང་ཁོག་ན་འཛུབ་མོ་བཙུགས་ནས་བཙལ་ས་མེད་པའི་ཡུལ་གང་ཞིག་སྲུང་དེ་ བསྡད་ཡོད་པ་རེད། དོན་དངོས་ཐོག ང་ལ་དགོས་པ་དེ་ནི་ཁྱེད་རང་ཁོ་ན་སྲུང་སྐྱོབས་བྱེད་རྒྱུའི་ལས་འགན་དེ་གཅིག་བུ་ ཡིན་ནམ་ཅི།
གཡོ་དང་སྒྱུ་མའི་བྲན་དུ་གྱུར་ཉིན་ནས།།
ཚུལ་འཆོས་སྤང་བའི་མི་ཞིག་བྱེད་འདོད་ཀྱང་།།
མི་ལ་བསྟུན་ཤུགས་ཆེ་བས་བར་དོ་ནས།།
རང་ཉིད་རང་ལ་མི་དབང་ད་ལྟའི་ལུགས།།
ཨ་བུ་གངས་དཀར་ལགས། མི་རེ་ལ་གསོན་སྟངས་རེ་ཡོད་པ་་བཞིན་འདི་ནི་བདག་གི་གསོན་སྟངས་དང་འབྲེལ་ཡོད་པ་ཞིག་རེད་ལགས།
ཚུལ་འཆོས་ཆེ་ན་གྲགས་པའི་དཔལ་ཡང་འབར།།
རིགས་ཞེན་ཆེ་ན་སྲོག་འགོ་ཐོན་པར་དཀའ།།
གཞན་ལ་བསྟུན་ན་རང་རིག་བརྙེད་དཀའ་བས།།
སྲུང་སྐྱོབས་ལས་དེ་དཀའ་མོའི་འགན་ཁྲི་ཞིག།
གྲོགས་པོ་ལགས་ལ་དངོས་གནས་གསོན་ཤུགས་དང་སྙིངས་སྟོབས་མཚར་བོ་ཞིག་འདུག།
གངས་ཕྲུག་ལགས། ངེད་ཅག་གིས་རང་ཉིད་རྙེད་པར་བརྩོན་པ་བྱེད་རྒྱུ་དེ་ནི་གལ་ཆེན་ཞིག་དུ་མཐོང་ནས་ངས་ད་ལྟ་ནས་རྩིས་པའི་ལོ་ངོ་མང་བོ་ཞིག་གི་གོང་ནས་བཟུང་དེ་རང་ཉིད་བོར་ཟིན་པ་དེ་ཕྱིར་རྙེད་ཐུབ་ལ་འབད་བཞིན་ཡོད་ལགས། ཡིན་ཡང་། འུ་ཅག་གི་ལས་སྐལ་ཟེར་ན་འགྲིག ཁོར་ཡུག་དང་མི་བསྟུན་ཐབས་མེད་ཟེར་ན་ཆོག སྐབས་རེར་རང་དབང་མེད་པར་རང་ཉིད་རང་གིས་བོར་དུ་འཇུག་དགོས་པའི་དུས་ཀྱང་བྱུང་གི་ཡོད་པ་རེད་ལགས། དེས་ན་ངས་འདི་ནས་རང་ཉིད་ཕྱིར་རྙེད་ཐབས་ཀྱི་ཐབས་ཤེས་སྣ་ཚོགས་ཤིག་བརྟེན་བཞིན་ཡོད་པས་ཁུལ་ཡིན་ཡང་། ད་དུང་དངོས་ནས་ཧ་ཅང་ཐག་རིང་ཐག་རིང་ཞིག་ཡིན་སྣང་ཞིག་ཤར་གྱི་འདུག་ལགས། འུ་ཅག་གི་ལས་དབང་དང་སྐྱིད་སྡུག་གཅིག་སྟབས། འུ་ཅག་གིས་རང་གི་རིགས་ལ་འགན་ལེན་དང་རང་གི་རིགས་ལ་ཤ་ཚ་བྱེད་འདོད་ཀྱི་འདུན་པ་འུ་ཅག་གི་རིགས་སུ་གཏོགས་པ་ཚང་མ་ལ་ཡོད་ངེས་ཡིན་ལགས།
ཁྱོད་ཉིད་གངས་ཅན་པ་ཚང་གི་རིགས་རྒྱུད་སྐྱོང་བའི་བོད་ཀྲི་ཤ་ཁྲག་རུས་གསུམ་ཡིན་པས། ཁྱོད་ནམ་སྙུག་ཐོགས་པའི་དབའ་བོ་དེ་ལུས་ཡིན། ཁྱོད་ཁིས་བཤད་པ་རྒྱུ་མཚན་དངོས་གནས་འདུག་ང་་ཚོའི་ཁྲེལ་མེད་ཀྱི་མང་བོ་ཞིག་གིས་རང་ཉེད་བོར་འདུག།
འཇམ་མགོན་ལགས། ཉིན་མ་འདི་ཚོའི་རིང་དུ་རིག་རྒྱུ་མཐོང་རྒྱུ་ཞིག་མ་བྱུང་ཐལ། དེང་སང་ཁོམ་པོ་མེད་པར་ཆགས་པ་ཡིན་ནམ་སྙམ་སོང་། ཡིན་ཡང་། དེ་རིང་ཁོམ་ལོང་ཞིག་བྱུང་ནས་འདི་རུ་ཕེབས་པ་དགའ་སོང་། རྗེས་ཕྱོགས་ཀྱང་ཁོམ་དུས་སུ་ཡང་ཡང་ཕེབས་རྒྱུ་དང་བསམ་ཚུལ་ཐད་ཀར་གླེང་རོགས་ཞུ།
གངས་རིའི་གླིང་བུ་ལགས། འཇིག་རྟེན་འདི་ནི་ཤེལ་སྒོང་ལྟ་བུ་ཞིག་ལ་ཆགས་བཞག་པ་ཡིན་ན། དེ་ནི་གཙང་བཙོག་གི་དྲི་མའི་མ་གོས་པ་ཞིག་ཆགས་པར་འུ་ཅག་གིས་རང་རང་གི་ས་ནས་གང་ཐུབ་གཙང་མ་བཟོ་དགོས་པ་ལས། དེ་ཉིད་གཙང་མ་མེད་ན་མེད། ང་མི་གཅིག་ལ་ཅི་ཡོང་བསམ་ནས་རང་ཉིད་ཀྱང་རང་གི་སེམས་ལ་ཉན་ཐུབ་མཁན་དེ་བྱེད་མ་ཐུབ་པ་ཡིན་ན་དངོས་ནས་གྱོང་རྒུད་དེ་ནི་རང་ཉིད་གཙོ་བའི་མིའི་རིགས་ལ་འཕོག་སྲིད་པ་ཡིན་ལ། དམིགས་བསལ་གྱིས་རང་རིགས་ཀྱི་སྐྱེ་བོ་ཡོངས་ལ་ནད་དུག་དེ་འཕོག་སྲིད་པ་ཡིན། དེ་ཉིད་འཕོག་པའི་ཕྱིར་ཉིན་ནས་བཟུང་དེ་འུ་ཅག་གི་མི་རིགས་འདིའི་ཆེད་དུ་འཐབ་རྩོད་བྱས་ཀྱང་ཕན་ཐོག་མེད་པར་གྱུར་བ་རེད།
བསེ་རུ་ཉིད་ཀྱིས་སེམས་གཏམ་ཡིད་ལ་འཛིན།།
རང་གི་བུ་མོ་ཡག་པོ་ལྟ་སྐྱོང་བྱེད།།
ཞོར་དུ་ཉིད་ཀྱིས་འབོད་སྐུལ་དང་ལེན་ངང་།།
སྐད་ངག་མེད་ཀྱང་གླུ་དབྱངས་ཐར་ཐོར་ལེན།།
གྲོགས་ཤ་ཁྲག་གཙོས་བའི་དྲ་གྲོགས་ཚང་མས་རང་གི་བསམ་ཚུལ་གླེང་བ་བདེ་ལེགས་ཞུ། ཆ་ཚང་བཀླགས་ཟིན།
གངས་རིའི་གླིང་བུ་ལགས། ད་ལྟ་དྲ་ཐོག་ཏུ་ཡོད་དམ།
རྒན་རབས་པ་ལགས།ངོ་མས་བཤད་ན་འཇིག་རྟེན་འདིར་གདོང་འབག་མ་གྱོན་པར་སྐད་ཆ་བཤད་མཁན་ཉུང་ཉུང་རེད།དེ་བས་གདོང་འབག་གྱོན་པའི་མི་ལ་ཐུག་དུས་གདོང་འབག་གྱོན་ནས་སྐད་ཆ་བཤད་དགོས་དང།གཅེར་ཐེར་དུ་བུད་པའི་མི་ལཐུག་དུས་གཅེར་ཐེར་དུ་བུད་ནས་སྐད་ཆ་བཤད་དགོས་ཀྱིན་འདུག་བསམ་གི་་་་་་་
ཤ་ཁྲག་རུས་གསུམ་དྲ་རྒྱར་མགོ་འཁོར་ན།།
ཐར་མ་མཚོ་ལ་ཁ་ཡ་བྱ་རྒྱུ་ཉུང་།།
གངས་སྒྲོན་མ་ཡིས་ནུ་ཞོ་བསྣུན་པ་དང་།།
ཁྱེད་ཀྱིས་ཨོ་ལོ་ལོ་ཞེས་གླུ་ཞིག་ལོངས།།
བྲག་འགོ་དཀོན་མཆོག་དར་རྒྱས་ལགས། ངེད་ཅག་གང་དུ་ཡོད་ཀྱང་། ངེད་ཅག་གང་དུ་སོང་ཡང་། ངེད་ཅག་གིས་རང་ཉིད་ནམ་ཡང་མི་རིགས་བོད་ལ་སྐྱེ་བ་བརྗེད་མི་རུང་བ་ཡིན་ལ། དེ་ལྟར་བརྗེད་ཀྱང་མི་སྲིད་པ་རེད་ལགས། མགོ་བོ་འདི་ས་ལ་མ་བཞག་བར་དུ་རང་ཉིད་བོད་པ་ཡིན་པ་དེ་བརྗེད་མི་སྲིད་པ་དེ་ཙམ་གྱིས་ཆོག་གམ་ཟེར་ན་ཡང་གཏན་ནས་མི་ཆོག་པར། རང་ཉིད་བོད་མི་རིགས་འདི་ལ་སྐྱེ་བའི་འགན་ཞིག་ཡོད་པ་དེ་ཡང་འཁུར་དགོས་ཀྱི་ཡོད་པ་རེད་ལགས། དེ་ཡང་རྒྱུ་ཡོད་མེད་ཀྱི་སྐད་ཆ་དང་དབང་ཤུགས་ཡོད་མེད་ཀྱི་སྐད་ཆ་ཡང་མིན་པར། རང་རང་གནས་སའི་ཁོར་ཡུག་དང་ས་ཆ་གང་དུ་ཡིན་ཡང་། རང་ཉིད་བོད་ཟེར་བའི་མི་ཞིག་ཡིན་དུས་ངའི་བྱ་སྤྱོད་འདུག་གསུམ་གང་ཡིན་ཡང་བོད་དང་འབྲེལ་བ་ཡོད་པ་ཤ་སྟག་ཡིན་བསམ་ནས་རང་གིས་རང་ལ་བརྟག་དཔྱད་དང་རང་གིས་རང་ལ་བདག་པོ་རྒྱག་ཐུབ་པ་ཡིན་ན་དེ་ནི་རང་ཉིད་བོད་ལ་སྐྱེ་བའི་བོད་པ་ལ་འགན་འཁུར་བའི་གོམ་པ་སྤོ་སྟངས་ཤིག་ལ་ངོས་འཛིན་བྱེད་ཆོག་པར་སྙམ་ལགས། སྐུ་ཉིད་ཀྱིས་དེའི་བསྐོར་ལ་ག་རེ་དྲན་གྱི་ཡོད་དམ་ལགས།
སྐྱི་གཡའ་བའི་གཏམ་རྒྱུད་རེ་དང་།་ བོད་གངས་ཅན་ལ་དང་བའི་ལ་རྒྱ་དང་ཟུག་ངུ་ཁྱེར་ནས་ཕེབས་ཤོགས་གངས་ཕྲུག་ཚོ།
ཆབ་སྲིད་རིག་པའི་གཞུང་ལུགས་བརྩམས་མྱོང་མེད་ན་ཡང་།།
ལྷ་སྲས་བཞིན་དུ་འཁོར་དང་ལོང་སྤྱོད་མེད་ན་ཡང་།།
ཆབ་སྲིད་རིག་པའི་གཞུང་ལུགས་མ་བརྩམས་ཡང་།།
སྤྱིན་པར་གང་ཡང་འཕོད་པའི་སྙིང་སྟོབས་ཅན་གྱི་གྲོགས།།
པ་སངས་དྲི་མེད་སེམས་དེར་སྙིང་ནས་གུས་མདུད་ཞུ།།
གྲོགས་པོ་ཤ་ཁྲག་ལགས།་ད་ནི་ཁྱོད་ཀྱི་ཚིགས་བཅད་ལ་ཡར་རྒྱས་ཆེན་པོ་སོང་འདུགདེའི་སྟབས་ཀྱིས་གྲོགས་པོ་ང་ཧ་ཅང་དགའ་ཡོད།
རི་དྭགས་བསེ་རུ་བཞིན་དུ་དཀོན་པ་ཡི།།
བསེ་རུ་ལྟ་བུ་མི་གཤིས་དྲང་ཚུགས་ཅན།།
འུ་ཅག་ཀུན་གྱི་དམིགས་དཔེ་འཛིན་འོས་སྟབས།།
ནམ་ཡང་ཁོང་གི་རམ་འདེགས་བྱེད་དགོས་སོ།།
གངས་ཅན་ལྗོངས་སུ་གནའ་མི་གྲགས་ཅན་གསུམ།།
རྡེའུ་སྤུན་ཟླུན་གསུམ་ཟེར་བའི་ལོ་རྒྱུས་ཤིག།
རྣ་བུའི་ལམ་དུ་ཡང་ཡང་སྤྱོད་མྱོང་དེ་།།
མཇལ་མྱོང་མེད་ཀྱང་ཡིད་སྨོན་བྱེད་ས་ཡིན།།
གངས་རྡེའུ་ལགས། ཁྱེད་ཀྱི་རེ་བ་དང་གདེང་འཇོག་གནང་བར་རྗེས་སུ་ཡི་རངས་ཞུ།
ངས་རང་རང་གི་ས་ནས་འཕག་འཚག་རེ་རྒྱག་གིན་ཉི་མ་བུད་བཞིན་ཡོད་པས་དེ་དོན་ཐུགས་གཡེང་མི་དགོས།།
སལོབ་གྲྭ་ཟེར་བ་སལོབ་གྲྭ་ལ་བཅོས་རོགས་ཞུ
ཨ་ཁུ་ཤ་ཁྲག་རུས་གསུམ་ཁྱོད་ལ་ཐུགས་རྗེ་ཞུ་བ་ཡིན། ངོ་མ་ཁྱོད་ཀྱིས་ཟིན་བྲིས་མང་བོ་སྤེལ་ཐུབ་ཀི་ད་དུང་དོན་སྙིང་མི་ཆུང་གི། གྲོགས་བསེ་རུ་ཟེར་བ་འདི་ངོ་མ་ཡིག་ནོར་ལ་གཟབ་ཀི ཧ་ཅང་དགའ་དགོས་ནི་ཞིག་རེད། ད་འདི་གཙུག་ལག་སལོབ་གྲྭ་ཟེར་བའི་མིང་རྫུག་པོ་ཅན་དང་ལས་ཁུང་ག་གེ་མོ་ཞིག་ལ་སོང་ནས་བྱ་བ་བསྒྲུབ་ན་ཧ་ཅང་བཟང་རྒྱུ་ཞིག་རེད། ཨ་ལ་ངས་ངོ་མ་བཤད་པ་ཡིན་ཀི་རེ་རྩེད་པ་མིན་ད།
གཉའ་གནོན་ཐུབ་ཚོད་འོག་གི་མི་རིགས་འདི།།
འབྲོང་གི་སྙིང་རྩ་ཅན་གྱི་མི་རིགས་འདིས།།
ཐུ་ཞིག་མེད་ཀྱང་རང་ནུས་གང་ཡོད་ཀྱིས།།
བུ་ལ་སྐྱེ་བའི་དོན་གོ་བརྗེད་མི་རུང་།།
ཤ་ཁྲག་ཟུང་གཅིག་བྲང་གི་ངོས་སུ་བབས། ། རུས་པའི་ལྷུ་ལག་ལ་རྒྱའི་ཚིགས་ལ་བརྟེན། །
ཆོལ་གསུམ་གཅིག་ཏུ་སྒྲིལ་བའི་སྟོབས་ཤུགས་ཀྱིས། །
རང་དབང་བདེ་སྐྱིད་བསུས་ན་ཨེ་མ་སྐྱིད། །
མི་ཡི་ཡུལ་ནས་ངེད་ཅག་སྐྱེ་འདྲ་ཡང་།།
མི་ཡུལ་འདི་ནས་མི་ཐོབ་མེད་པ་འདིས།།
བོད་རིགས་མི་ཡི་སེམས་ཀྱི་ནད་ཚ་འདི།།
འགན་དུ་ལེན་རྒྱུར་འུ་ཅག་ཚང་མར་ཡོད།།
བོ༷ད་ཀྱི་བསྟན་སྲིད་ཆེད།།
ཤ༷་ཁྲག་ཕོངས་པ་མེད།།
རུ༷ས་ཞེན་སྐྱེ་བོ་འདི།།
ཆོ༷ལ་གསུམ་བོད་ལ་མཁོ།།
མཆོག་གསུ༷མ་སྐྱབས་སུ་བསྙེན།།
སྙིང་རུས་བོད་ལ་བསྐྱེད།།
གཅེས་པའི་ཤ༷་ཁྲ༷ག་འདི།།
གདོང་དམར་བོ༷ད་ཀྱི་བརྒྱུད།།
ཧཧ་་་ཧ་ཅང་སྒྲ་སྦྱོར་ལ་དགའ་བའི་བོད་ཤ་ཁྲག་རུས་གསུམ་ལ་ཕུལ
ལྷ་མི་ཀུན་ལ་མཁོ་བའི་གཏམ་གླེང་མཁན།།
ཆབ་སྲིད་རིག་གཞུང་བསྔོག་བཞིན་བོད་དོན་དུ།།
སྤྱིན་པའི་ཡོན་བདག་ལྟ་བའི་བྱམས་བརྩེ་ཅན།།
པ་སངས་ལྷག་བསམ་དེ་ཉིད་རྒྱལ་གྱུར་ཅིག།
དབྱངས་ཅན་ལྷ་མོའི་བྱིན་རླབས་ཤིག།
བདག་གི་རྒྱུད་དུ་ཞུགས་པའི་ཉིན་མོ་དེ།།
ད་ནི་བར་ཐག་རིང་ལ་མི་ཚེ་འདིར།།
དེ་འདྲའི་བསྐལ་བ་ཡོད་མེད་དཀའ་མོ་ཡིན།།
ཡིན་ཡང་སྐྱེ་བ་འདི་ལ་མ་ཞུགས་ཀྱང་།།
རྗེས་པ་རྗེས་མར་རྒྱུད་དུ་ཞུགས་དུས་སུ།།
འགྲོ་བའི་སེམས་ངལ་འདྲེན་པའི་སྙན་ངག་མཁན།།
རིགས་རུས་དབྱེ་བ་མེད་མཁན་བྱེད་འདོད་ཡོད།།
བསེ་རུའི་ལྷག་བསམ་དྭངས་མོ་འདིས།།
ཤ་ཁྲག་རུས་གསུམ་དར་ལ་བབ།།
ཀློག་མཁན་ཁྲི་མ་འབུམ་ཕྲག་གིས།།
དགའ་བསུའི་ཐལ་སྒྲ་བར་མེད་སྒྲོག།
དྲ་གྲོགས་རེ་རེའི་མཚན་གྱི་ཚིག་བཟུང་སྟེ།།
སེམས་དང་བསམ་པས་བརྗོད་པའི་སྙིང་གཏམ་རྣམས།།
རྦབ་ཆུ་བཞིན་དུ་དལ་མེད་བཞུར་བ་འདི།།
དབྱངས་ཅན་ལྷ་མོས་རྗེས་སུ་བཟུང་ངམ་ཅི།།
ཆུ་དང་ཆར་བའི་ཁྲོད་དུ་འདུར་ན་ཡང་།།
ཐིགས་པ་རེ་རེ་བསགས་ནས་ཁང་ཆུང་གཏོར།།
སྔོན་དང་བསྡུར་ན་དར་རྒྱས་སོང་ཡོད་ཀྱང་།།
མོ་དྲི་ཐུལ་བའི་མལ་ནས་བླངས་འདོད་མེད།།
སྐར་ཚོགས་འོད་ཆེམ་མུན་ནག་མཚན་མོར་རྒྱུ།།
ཁྲི་བདག་རལ་བ་གནའ་བོའི་རྒྱན་དུ་བཟུང་།།
བཙན་པོའི་ཤུལ་བཞག་སྐྱོང་ཆེད་རང་སྲོག་ཀྱང་།།
གཏོང་ལ་གྲྭ་སྒྲིག་ཅན་གྱི་སྤུན་ཟླ་ལགས།།
ཨ་སྔོན་དགུང་དུ་འཁྱུགས་ཤིང་རྩེན་ན་ཡང་།།
འབྲུག་གི་གནས་ཚང་མ་རེག་བུ་ལོ་ཁྱེད།།
དཀོན་པའི་རིགས་ལ་ཞེན་པ་ཆེ་ན་ཡང་།།
མཆོག་གི་རྗེས་མཇུག་ཉན་མིན་རང་ལ་དཔྱོད།།
དྲི་མེད་དག་གཙང་སེམས་ཀྱི་མཁའ་དབྱིངས་སུ།།
རིག་ཞེན་སྐད་དང་ཡི་གེ་དུངས་ཟབ་པའི།།
འགན་ལེན་ཁ་དང་ལག་ལེན་མྱུང་མཛད་མཁན།།
བསེ་རུ་ལྷག་བསམ་ཅན་ཁྱེད་བརྩེ་བས་མདུད།།
ལྷ་ཡི་རིགས་སུ་སྐྱེ་མིན་མི་ཤེས་ཀྱང་།།
ཆབ་རྒྱུན་གཙང་མའི་སེམས་གཤིས་དར་མ་འདིས།།
སྤྱིན་གཏོང་བྱེད་པར་ཐེ་ཚོམ་མེད་མཁན་གྱི།།
པ་པ་ཆགས་པའི་ཕ་རྒན་ཉིད་ལ་བསྟོད།།
གྲོགས་པོ་ལགས་ཀྱིས་སྐད་ཆ་དངོས་གནས་ཤིག་བཤད་འདུག མང་ཆེ་ཤོས་དེ་འདྲ་ཞིག་རེད། ཡིན་ནའང་ང་་་་ཧཧཧཧཧཧཧཧཧཧཧཧ
ཨོ་རེད་དྲ་གྲོགས་ཤ་ཁྲག་རུས་གསུམ་ལགས། གངས་ལྗོངས་འགྲོ་བའི་གཏམ་དཔེ་ལ། ཚིག་མངོན་ནས་བཤད་ན་ངོ་མི་ཚ།། རལ་བ་ལྟག་ནས་མདུད་ན་གངོང་མི་ཡོལ། སྤྱིར་སྟངས་ང་ཚོའི་སེམས་ན་མི་ལ་ཕོག་ཐུག་རེ་གཏོང་ཨེ་ཐུབ་བསམ་པའི་ཀུན་སློང་མེད་མོད། སྡུག་བཤད་ཁ་ཁེར་ཤོར་འགྲོ་ག ཡིན་ཡང་སྐྱོན་གི་མ་རེད་འགྲོ་གི་འདུག ང་ཚོར་གཡོ་དང་སྒྱུ་མའི་གོས་མེད་པས་སུ་ལའང་སྐྲག་དགོས་དོན་མེད། ཁྱེད་ཀྱི་སྔོན་མ་བྱོས་དང་། གུས་པ་རྗེས་ན་ཡོག་གི་ལ་ཡོད།
ཤམ་བྷ་ལའི་ཡུལ་གྱི་དམངས་གཙོའི་ལས་འགུལ་དང་དམིགས་བསལ་ཚོགས་འདུ།
སྲིད་པ་གསུམ་གྱི་གསར་འགོད་པས།
༄༅།།་མདངས་ནུབ་ཤམ་བྷ་ལའི་ཡུལ་དུ་དམངས་གཙོའི་ལས་འགུལ་ཤུགས་ཆེན་ཞིག་བྱུང་ཞིང། མ་འོངས་པར་འཛམ་གླིང་གི་རྒྱལ་བོ་དེ་ནི་རིགས་ལྡན་རྒྱལ་པོ་རིམ་བྱོན་གྱིས་བྱས་ན་མི་ཆོག་པར་དེ་ནི་ངེས་པར་དུ་དམངས་ཀྱིས་འོས་འདེམས་བྱེད་དགོས་ཞེས་མང་ཚོགས་ཀྱིས་སྐད་འབོད་བྱས་པ་ནི་ལས་འགུལ་དེའི་ངོ་བོ་ཡིན་འདུག མ་གཞི་རིགས་ལྡན་རྒྱལ་པོ་ལའང་དེ་ལྟ་བུའི་དགོངས་བཞེས་ཡོད་འདུག འོན་ཀྱང་སྟབས་ཉེས་པ་ཞིག་ལ་ཤམ་བྷ་ལའི་ཡུལ་དུ་མང་གཙོའི་ལས་འགུལ་ཐོག་མ་ཡིན་པའི་རྒྱུ་མཚན་གྱིས་ཡིན་ནམ། གང་ལྟར་ཡུལ་མི་མང་པོ་ཞིག་གིས་སླར་ཡང་རིགས་ལྡན་རྒྱལ་པོ་ཉིད་འོས་འདེམས་མ་བྱས་ཚེ་ང་ཚོ་ཤམ་བྷ་ལའི་མི་སེར་ནས་གླིང་ཕྲན་དང་གོ་ལ་གཞན་ལ་སྐྱབས་བཅོལ་དང་གནས་སྤོས་བྱེད་རྒྱུ་ཡིན་ཞེས་སྦྱར་ཡིག་ཀྱང་གང་སར་བཀྲམས་ཡོད་འདུག་ཅིང།ཁ་ཤས་ཤིག་ཟླ་བའི་གོ་ལར་གནས་སྤོས་བྱེད་པའི་གྲ་སྒྲིག་ཀྱང་བྱས་ཏེ།རྒྱུ་སྐར་གཞན་བགྲོད་ཀྱི་ལས་གཞིའི་གཞུང་བསྒྲུབ་ས་ཚུགས་སུ་རྡོག་ཐོན་ཀྱང་བྱས་འདུག མ་གཞི་ཁོང་ཚོ་ལ་འགྲོ་འདོད་པས་ཡིན་པའང་འདྲ།
མཇུག་མཐར་ཟླ་བའི་གོ་ལའི་ནང་ནས་རང་འགུལ་འཕྲུལ་ཆས་ཤིག་གིས་ཤམ་བྷ་ལའི་ཡུལ་མི་ཡོངས་རྫོགས་ཀྱི་འདུ་ཤེས་དང་སེམས་ཁམས་ཆ་ཚང་པར་ལ་བརྒྱབ་ནས་སྲིད་རྩེ་ནས་མནར་མེད་བར་གྱི་འཁོར་བའི་གནས་ཡོངས་རྫོགས་ལ་འགྲེམས་སྟོན་བྱས་འདུག ཧ་ཅང་ཡ་མཚན་པ་ཞིག་ལ་པར་རིས་ཚང་མ་ཧ་ལམ་འདྲ་བོ་ཡིན་འདུག་ཅིང། ལྷག་པར་དུ་ཤམ་བྷ་ལའི་ཡུལ་མི་གཅིག་གི་སེམས་ངོས་ནའང་ ང་ཡུལ་འདིའི་རྒྱལ་པོ་བྱེད་དགོས་སྙམ་པའི་འདུ་ཤེས་དེ་གཏན་ནས་ཡོད་མི་འདུག་པས་ཁོང་ཚོའི་དམངས་གཙོའི་ལས་འགུལ་ལ་དོན་སྙིང་གཏན་ནས་མི་འདུག་ཅེས་སྲིད་པ་གསུམ་གྱིས་ཧབ་ཆ་ཆེན་པོ་ཞིག་མཉམ་དུ་བྱས་འདུག མཇུག་མཐར་སྲིད་གསུམ་མཉམ་འབྲེལ་གྱིས་སྤྱི་བསྒྲགས་ཆེན་པོ་འདི་ལྟར་སྤེལ་འདུག
ལྷ་ཡི་སྐད་དང་ཀླུ་དང་གནོད་སྦྱིན་སྐད་དང་མི་དང་དུད་འགྲོ་དམྱལ་བ་ཡི་དྭགས་སོགས་ཀྱི་སྐད་དུ་སྤྱི་བསྒྲགས་སྤེལ་བ།
མ་འོངས་པར་འཛམ་གླིང་གི་རྒྱལ་པོ་བྱེད་པའི་ཤམ་བྷ་ལའི་ཡུལ་མིའི་གོ་རྟོགས་མེད་པའི་ཟིང་ཆ་བསླངས་པ་དེ་ལ་ལོ་རྒྱུས་ཀྱི་དོན་སྙིང་ཆེན་པོ་ལྡན།
འདི་ལ་བརྟེན་ནས་འཁོར་བའི་གནས་ལ་གསར་བརྗེ་ཆེན་པོ་ཞིག་ཡོང་ངེས་རེད་ལ། གསར་བརྗེ་དེས་དམག་འཁྲུག་ཀྱང་སློང་སྲིད་ཀྱི་རེད། གང་ལྟར་ད་ཐེངས་རིགས་ལྡན་རྒྱལ་པོ་ནི་ཁེར་རྐྱང་ཡིན་དེ་ང་ཚོས་ཤེས་པ་རེད། ལྷག་པར་དུ་རིགས་ལྡན་རྒྱལ་པོ་འདི་མེད་པའི་རྗེས་ལ་ཤམ་བྷ་ལའི་ཡུལ་མིའི་ཁྲོད་འཛམ་གླིང་རྒྱལ་པོ་ལྟ་ཅི། ཡུལ་ལུང་འདིར་དབང་སྒྱུར་བྱེད་ཐུབ་མཁན་ཀྱང་མེད་པ་ཚན་རིག་གིས་བདེན་དཔང་བྱས་འདུག དེ་བས་ཚང་མས་རེམ་པོ་གྱིས། ད་ནས་བཟུང་མ་འོངས་པའི་རྒྱལ་པོ་ནི་རྩོད་གཞི་ཡིན་པ་ལས། ཐག་གཅོད་བྱས་ཟིན་པ་ཞིག་མིན་པ་དེ་རྟོགས་པར་གྱིས།
ཤོག་ཚང་མས་འཐབ་རྩོད་བྱེད། མ་འོངས་པའི་འཛམ་གླིང་གི་རྒྱལ་པོ་སུ་བྱེད་ལ་རྩོད་པ་བྱེད། ཅེས་བྲིས་ཏེ་ཡོངས་བསྒྲགས་བྱས་འདུག
ཤམ་བྷ་ལའི་ཡུལ་མི་རྣམས་ཀྱིས་<<ཟླ་བའི་གོ་ལའི་ནང་གི་རང་འགུལ་གྱི་འཕྲུལ་ཆས་དེ་ཀླ་ཀློ་སུ་ཞིག་དང་འབྲེལ་བ་ཡོད་དམ་>>ཅེས་པའི་རང་མོས་བགྲོ་གླེང་བྱེད་འགོ་ཚུགས་འདུག་ཅིང་རིང་མིན་དེའི་སྐོར་ལ་ཚོགས་ཆེན་ཀྱང་འཚོགས་རྒྱུ་ཡིན་པ་འདྲ།
གསལ་བཤད། གནས་ཚུལ་འདི་རྒྱ་གར་ནས་གོ་དུས་དེ་སྔོན་ཧིན་རྡི་ནེ་ཤ་ཡ་ནས་ཆུ་ལོག་འབྱུང་སྐབས་དང། རྒྱ་གར་དང་པ་གི་སི་ཐམ་བར་ས་འགུལ་བྱུང་སྐབས་ཡིན་འདུག་ཅིང། རྒྱ་ནག་དང་བོད་ནས་གོ་དུས་སི་ཁྲོན་ས་ཡོམ་ཆེན་པོའི་སྐབས་ཡིན་འདུག དེ་བཞིན་དུ་ཨ་རི་ནས་དེ་སྔོན་མཚོ་རླུང་དྲག་ཆར་དང་མཉམ་དུ་གོ་ཡོད་འདུག བྱས་རང་རང་བྱུང་གི་གཡོ་འགུལ་དེ་ཚོ་འགྲོ་བ་གཞན་གྱི་མི་ཡུལ་ལ་བརྡ་འཕྲིན་གཏོང་བའི་སྐབས་སུ་ཡོང་བཞིན་པ་འདྲ། སྲིད་པ་གསུམ་གྱི་གསར་འགོད་པས། ལྷའི་ཁྲི་ལོ་ ༨༨༨ ཟླ ༨ ཚེས ༨ ་སའི་གོ་ལ་དང་ཉི་མ་གཉིས་ཀྱི་བར་ལ་ཟླ་བ་འཛུལ་དེ་ས་གཞི་ལ་ནག་ཐོམ་པར་སྐད་ཅིག་ཙམ་སོང་བའི་སྐབས་དང་བསྟུན་ནས་མི་ཡུལ་དུ་བསྲིངས་པའོ། གཞན་ཀློག་མཁན་ཚོས་ལྟ་འདོད་ཡོད་ཚེ་ངས་སྐབས་སྐབས་སུ་གསར་གནས་འདི་འདྲ་གཏོང་རྒྱུ་ཡིན། ཁྱེད་ཚོར་ལྟ་འདོད་ཡོད་དམ།
ལྷ་ཆབ་ལགས། དེ་རིང་གི་འཚིག་ཇ་ལ་ཀ་ར་རྒྱག་རྒྱུ་ལུས་འདུག ལྷ་ཆབ་ལགས།
འཚིག་ཇ་དེ་ཨམ་ཇ་ཡིན་བསམ་ན་འགྲིག་པ་རེད། ཨམ་ཇ་ལ་ཀ་ར་རྒྱག་སྲོལ་མེད།
ཨོ་ཀུ་རེ་ཡིན་ནོ།།
ང་ལ་གོ་སྐབས་ནམ་བྱུང་ལ་ཁྱེད་ཀྱི་ཟིན་བྲིས་ལས་མཐོང་བའི་ཡིག་ནོར་ཁག་ལ་ཐེར་འདོན་བྱ་རྒྱུ་ནི་ངས་བོད་ཡིག་ལ་བཅངས་པའི་སྙིང་དམར་པོ་དེ་མཚོན་གྱི་ཡོད་ལ། ཁྱེད་ལ་བཅངས་པའི་བརྩེ་སེམས་ཀྱང་ཡིན་ཆོག།
མ་དག་པ། དག་པ།
འདིས་སྟེང་། འདིའི་སྟེང་།
ཚུལ་བཅོས། ཚུལ་འཆོས།
སྟབས་ཀྱི། སྟབས་ཀྱིས།
སྲུང་སྐྱོབས། སྲུང་སྐྱོབ།
འཛུབ་མོ། མཛུབ་མོ།
གཅིག་བུ། གཅིག་པུ།
གྲོགས་པོ་ཤ་ཁྲག་ལགས། དེ་རིང་ཡང་ང་ཐོག་མར་ཁྱེད་ཚང་ལ་ཡོང་དུས། ཁྱེད་ཀྱིས་སེམས་ལ་ཉན་པ་ཞེས་པའི་འཚིག་ཇ་དཀར་ཡོལ་གང་གིས་ང་ལ་བསུ་བ་བྱས་འདུག ངས་དེ་འཐུང་རྗེས་ཕྱིར་རང་ཡུལ་དུ་ལོག་སོང༌། གྲོགས་པོ་ལགས། དེ་རིང་བསེ་རུ་ཐོན་མི་འདུག་པས་ཁྱོད་ཀྱི་འཚིག་ཇ་ལ་ཀ་ར་མི་འདུག རྗེས་ཕྱོགས་བསེ་རུ་སླེབས་རྗེས་ང་ཡོང་ན་ཏག་ཏག་ཡིན་པ་འདྲ། ཧ་ཧ་ཧ།