མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཡོད་མེད་ལ་ཁྱད་པར་ཅི།

བོད། ཤ་ཁྲག་རུས་གསུམ།
༢༠༡༠/༠༡/༡༧
Share on FacebookShare on TwitterShare on EmailShare on Whatsapp

མཐོང་ན་མངོན་པར་དགའ་བའི་གཤིས་ཀ་ཞིག།
འགྲོག་ན་ཞི་ཞིང་དུལ་བའི་སྤྱོད་པ་ཞིག།
འདྲིས་ན་ཡིད་དུ་འོང་བའི་སེམས་པ་ཞིག།
གྱེས་ན་དྲན་ཞིང་ལྕི་བའི་ངང་ཚུལ་འཇོག།

མ་མཐོང་མི་ལོ་མང་བོ་བཞུད་ནས་ཐལ།།
དྲན་ནས་ཚུགས་པ་མེད་པའི་ནང་རོལ་ན།།
ནམ་ཀུན་སྐྱོ་བ་དྲགས་པོའི་སྨྱོས་པ་ཡིས།།
གཟུགས་མེད་ཚོར་བ་འདི་ཉིད་ཨ་ཙ་མ།།

རྒས་ཤིང་ཀོག་པའི་སྐྱི་མོ་ཚུར་ལ་བསྡུས།།
གོམ་པའི་ལྡོག་སྣེ་རྡོ་དང་ཕྱེ་མར་འཕྲད།།
ནུར་ཞིང་འཁྱོར་བའི་སྒྱུ་མའི་ཕུང་བོ་འདི།།
འཆི་བདག་ནག་པོའི་ཁ་ཟས་གྱུར་ལ་ཉེ།།

ཐོས་འཛིན་བུ་རམ་སྐྱུར་མོའི་རྫས་ཀྱི་ཟོས།།
རོ་འཛིན་རེག་བྱ་བ་ཚྭའི་བརླན་གྱི་བཟུང་།།
མིག་གི་དབང་བོས་རྒྱང་རིང་མི་མཐོང་བ།།
ཕྱི་མའི་མགྲོན་བརྡ་ཚེ་འདིས་ལག་གཡུགས་འདྲ།།

ཡོད་ཚད་རེ་བར་བཅིངས་པའི་རྨི་ལམ་དང་།།
ཀུན་ལ་གཅིག་དུ་ལྟ་བའི་བསམ་བློ་སོགས།།
ཐོབ་ཤོར་དར་རྒུད་ཉེ་རིང་མི་འདོད་ཀྱང་།།
ད་ནི་མི་རྟག་ལུས་ལ་རེ་བཞག་བྲལ།།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 14

  1. sha tak ri sim says:
    ལོ་ 17 སྔོན།

    འབུར་ཐོ་མ་རིག་ཡུན་རིང་འགོར་བའི་རྗེས།།
    དེ་རིང་སླར་ཡང་མཇལ་བ་སྤྲོ་ནས་ཡོད།།
    ལྷག་པར་རང་སེམས་རང་ལ་ངེས་པ་དང་།།
    རང་སྐྱོན་རང་གིས་གླེང་བའི་ལམ་ཕྲན་འདི།།
    མི་འགྱངས་ཡར་རྒྱས་ཅན་གྱི་གོམ་པ་དེ།།
    སྤོ་སྟངས་ཤིག་ལས་གཞན་ཞིག་མ་ཡིན་ན།།
    སྐུ་ཉིད་དེ་བཞིན་ཉིན་མཚན་དུས་དྲུག་ལ།།
    རང་གིས་རང་ལ་བརྟག་པ་དགའ་བཞིན་ཡོད།།
    བདག་གི་ཟིན་བྲིས་ནང་དུ་ཡང་ཡང་དུ།།
    ཕེབས་པར་སེམས་པའི་གཏིང་ནས་དགའ་གུས་ཞུ།།

    Reply
  2. lha mo says:
    ལོ་ 17 སྔོན།

    གྲོགས་པོ་ཤ་ཁྲག་ལགས། དུས་དབང་ཞིག་གིས་ཡིན་རིང་འདིར་ཡོང་ཐུབ་མ་སོང་དགོངས་དག
    ཤེས་ཡོན་ཅན་རྣམས་དྲ་ཚིག་སྟེང་ན་འགྲན། །
    སྟོབས་འབྱོར་ཡོད་མཁན་ཚོང་ར་ནང་དུ་འགྱིང་། །
    ཅི་ཡང་མེད་པའི་ང་དང་འབངས་མི་འགའ། །
    ས་མཐའི་ཚ་སྡུག་ལྕི་མོའི་ཀློང་ན་འཁྱམས། །
    སེམས་ཤུགས་ཆུང་བས་ལ་རྒྱ་ངས་མ་བརྩད། །
    ལེ་ལོ་ཆེ་བས་རིག་གནས་ངས་མ་སྦྱངས། །
    དཔལ་འབྱོར་ཞན་པས་དྲ་ཚིག་ངས་མ་བཀླགས། །
    བཙན་བྱོལ་ནང་ན་ང་ལས་སྡུག་ཅིག་མེད། །
    སྟོང་གཏམ་བདེན་བདེན་རྫིག་རྫིག་ང་ཡིས་བཤད། །
    ནུས་ཤུགས་ཅན་ལ་སྐྱོན་བརྗོད་ང་ཡིས་བྱེད། །
    ནང་མི་སྤུན་ལ་ཚིག་ངན་ང་ཡིས་ལབ། །
    ང་ནི་མི་ལྦགས་སྟོང་བའི་མི་གཟུགས་ཤིག །

    Reply
  3. sha tak ri sim says:
    ལོ་ 17 སྔོན།

    གཅན་བཟོད་རྒྱམ་ལགས། ཁེར་རྐྱང་ཡིན་ནས། ཁག་མེད་ཀི བུད་མེད་ཅིག་ངོ་སྤྲོད་བྱེད་ཆོག ཁ་བྱང་གང་དུ་ཡོད། ཧཧཧཧཧཧ

    ནམས་ཟླ་ལགས། ཕེབས་པ་དགའ་ཡོད།

    Reply
  4. phoeniz123 says:
    ལོ་ 17 སྔོན།

    ལེགས།

    Reply
  5. chentsasopa says:
    ལོ་ 17 སྔོན།

    ད་ཐོས་འཛིན་དང་རོ་འཛིན་སོགས་འཛིན་པ་རྐྱང་རྐྱང་བཤད་བསྡད་ན་ངས་ཅི་ཟེར་གི་ཡོད་ན་མི་ཤེས་ཀི་ ད་ཁྱོད་འདུག་ས་དེ་ནས་ཞི་མོ་མཛེས་མ་ཞིག་ངོ་སྤྲོད་འདྲ་མི་ཐང་ངམ། དེང་སང་ཅུང་ཙམ་སུན་ནི་ཞིག་རེད་ཡ།

    Reply
  6. sha tak ri sim says:
    ལོ་ 17 སྔོན།

    སྤུན་ཟླ་ཚོ། ཁྱེད་ཅག་རེ་རེ་བཞིན་ཕེབས་ནས་རང་རང་གི་བསམ་ཚུལ་གསུངས་པ་དེར་དགའ་ཡོད་ལགས། རེ་རེ་བཞིན་ལན་འདེབས་བྱེད་རྒྱུའི་ཁོམ་པ་མི་འདུག ཉིན་འདི་གར་ང་རང་ལ་བྲེལ་བ་ཅུང་ཙམ་འདུག་ལགས།

    བཞུར་བའི་སེམས་ཀྱི་དབྱངས་རྟ་སྐྱུར་མོ་ཞིག།
    དྲ་བའི་ཟིན་བྲིས་ནང་དུ་སྤེལ་ཐེངས་རེར།།
    ཤ་རུས་གདུང་རྒྱུད་གཅིག་པའི་སྤུན་ཟླ་དག།
    འདི་རུ་ཕེབས་ནས་ཀློག་པ་སྤྲོ་ནས་ཡོད།།

    Reply
  7. ttensher says:
    ལོ་ 17 སྔོན།

    ད་གཞི་ནས་ངེས་འབྱུང་སྐྱེས་ཀྱིན་ཡོད་པ་མིན་ནམ།

    Reply
  8. chokri nyima says:
    ལོ་ 17 སྔོན།

    གྲྭ་སའི་ཆོས་རྭ་ནང་དུ་བརྩད་ཉིན་མོར།
    མཐུན་དཔེ་མར་མེ་སྐད་ཅིག་མཐའ་མའི་སྟེང།
    བྱས་ན་མི་རྟག་པ་ཡིས་ཁྱབ་པ་བཞིན།
    སྒྲ་ཡང་མི་རྟག་རེད་ཞེས་ཚུལ་གསུམ་བཀོད།

    དེང་སང་མགོ་བོ་སྐྲ་ལོ་དཀར་བའི་ཚེ།
    རང་ལུས་སྟེང་དུ་མི་རྟག་རྟོགས་བའི་དུས།
    རང་ལུས་བརྟན་པོ་ཡོང་ཆེད་ལུས་རྩེད་བྱེད།
    མི་རྟག་སྒྱུ་མའི་ལུས་འདིར་སྲུང་ཁུལ་བྱེད།ཧཧཧཧཧཧཧཧོ

    Reply
  9. chokri nyima says:
    ལོ་ 17 སྔོན།

    གྲྭ་པར་བསྡད་དུས་འཁོར་བ་སྐྱིད་སྣང་ཤར་ཞེས་བཅོས་རོགས་ཞུ།

    Reply
  10. chokri nyima says:
    ལོ་ 17 སྔོན།

    གྲྭ་པར་བསྡད་དུ་འཁོར་བ་སྐྱིད་སྣང་ཤར།
    ངེས་གཏན་མེད་པའི་འཁོར་བ་སྐོར་ཉིན་མོ།
    དྲང་བདེན་མེད་པའི་འཁོར་བའི་མདུན་ལམ་དུ།
    མི་འདོད་བཞིན་དུ་འགྲོ་དགོས་རང་གིས་བཟོས།

    གྲྭ་པ་མར་ལོག་ཚར་བའི་ཅོ་རི་ང།
    ད་ནི་ཡར་ལོག་བྱེད་ཀྱང་ངོ་རེ་ཚ།
    ཡར་ལོག་མར་ལོག་བར་གྱི་འཁོར་ལོ་འདིར།
    མ་ཤི་བར་དུ་མི་བསྐོར་སུ་ལ་སྤྲད།

    Reply
  11. mheru says:
    ལོ་ 17 སྔོན།

    རེ་བའི་ཁུར་པོ་འཁུར་ནས་ས་མཐར་མྱུལ།།
    བོགས་མར་ལེན་པའི་ལུས་པོ་ཉིན་བཞིན་རྒས།།
    མི་རྟག་འཁོར་བའི་ལམ་ཕྲན་སྐྱག་སྐྱོག་འདིར།།
    ཡ་ང་སྙིང་རྗེ་ཡོད་ན་དགའ་བ་ལ།།

    Reply
  12. Dre Sha Zen says:
    ལོ་ 17 སྔོན།

    བོད། ཤ་ཁྲག་རུས་གསུམ་འདིས་སྙན་ངན་ཧ་ཅང་སྙམ་མོ་ཞིག་བྲིས་འདུག
    ཚར་གཉིས་བཀླགས་པ་ཡིན།
    ཐུགས་རྗེ་ཆེ།

    Reply
  13. མེ་ཆར། says:
    ལོ་ 17 སྔོན།

    སྐྱེས་ནས་སྐད་ཅིག་ཙམ་ཡང་སྡོད་དབང་རང་མེད་པར།། འཆི་བདག་གཤིན་རྗེའི་དྲུང་དུ་བང་རྩལ་གྱིས་རྒྱུགས་པ་ཟེར་བ་འདྲ་ཞིག་རེད། བརྩམས་པ་ལེགས།

    Reply
  14. samkhar says:
    ལོ་ 17 སྔོན།

    ཁྱེད་ཉིད་བགྲོད་པའི་འཚོ་བའི་ཤུལ་ལམ་སྟེང་།།
    དགའ་སྐྱོ་ཆགས་སྡང་འདྲེས་མའི་རྐང་རྗེས་གསལ།།
    འཇིག་རྟེན་གོ་ལ་འགྲིམས་པའི་མྱོང་བྱང་ལས།།
    མི་རྟག་རྒན་མོའི་ཞབས་འོག་འགྲོ་དགོས་རྟོགས།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese