མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྱིན་བདག་མི་དགོས། གྲྭ་བ་མི་བྱེད། {དངོས་སྒྲུང་།} དོན་གཅིག

བོད། ཤ་ཁྲག་རུས་གསུམ།
༢༠༡༠/༠༢/༢༤
Share on FacebookShare on TwitterShare on EmailShare on Whatsapp
་་་་་་་་་དངོས་སྒྲུང་འདི་བདག་ལ་རྒྱུས་མངའ་ཡོད་མཁན་གྱི་གྲྭ་བ་ཞིག་གི་ལོ་རྒྱུས་ཡིན།


གྲོང་སྡེ་དེ་ཡི་ཉེ་ས་ཞིག་ནས་ཁོང་ཚོ་ཞིང་ཁ་ཞིག་དུ་སོང་ནས་ས་རུབ་རེག་བར་དུ་བསྡོད་རྒྱུའི་ཁ་འཆམ་ནས་ཞིང་ཁ་དེ་རུ་སོང་ནས་ཡུན་རིང་མ་འགོར་བའི་སྐབས་ཤིག་ལ། ཉེ་འདབས་ཀྱི་གྲོང་སྡེ་དེ་ནས་ཡིན་པའི་རྒན་མོ་ཞིག་གིས་རང་གི་བྱིས་པ་ཁྲིད་ནས་ཁོང་ཚོ་དང་ཐག་ཉེ་ས་ཞིག་ནས་འགྲོ་ཞོར་དུ་ཡང་ཡང་ཕྱིར་བལྟས་བྱས་དེ་མགྱོགས་མྱུར་དུ་སོང་བ་དེར་མཐོང་ནས། བློ་བཟང་གིས་ད་ནི་ང་ཚོ་འདི་ནས་ཡར་ཅུང་ཙམ་སོང་བ་ཡིན་ན་དགའ་ས་རེད། འདི་ནས་གྲོང་སྡེ་དང་ཐག་ཉེ་བོ་ཡོད་པ་མ་ཟད། རྒན་མོ་དེ་ཡི་རྣམ་འགྱུར་ཡང་ལེགས་པོ་མི་འདུག་ཞེས་བཤད་དེ། ཁོང་ཚོ་དེ་ནས་ག་ལེར་དུང་རི་ཕྱོགས་སུ་ཕྱིན་པ་རེད།

ས་རུབ་ནས་ཡུན་རིང་མ་སོང་བའི་སྐབས་ཤིག་ལ་ཁོང་ཚོ་དུང་རི་འགག་སྒོ་དང་ཐག་མི་རིང་ས་ཞིག་དུ་སླེབས་དུས། བློ་བཟང་གིས་ང་ཚོ་ཡིན་གཅིག་མིན་གཅིག་འགག་སྒོ་དེ་མ་བརྒྱུད་པར་ཐབས་གཞན་ཞིག་འཚོལ་དགོས་པ་ཡིན་དུས། དོ་ནུབ་གཙང་བོ་འདི་བརྒལ་ནས་འགྲོ་ཐུབ་མིན་ལ་ཚོད་ལྟ་ཞིག་བྱེད་དགོས་ཀྱི་ཡོད་པ་དང་། གལ་ཏེ། གཙང་བོ་འདི་ལ་གཏན་ནས་བརྒལ་ཐུབ་མེད་སོང་བ་ཡིན་ན། འགག་སྒོ་ཡོད་ས་དེ་ཡི་གོང་ནས་བུད་དེ་གཙང་བོ་འདི་བརྒལ་སའི་ལམ་ཁ་འདྲ་ཡོད་མེད་ཐད་དུ་རྒྱུས་ལོན་བྱེད་དགོས་ཀྱི་འདུག་ཞེས་བཤད་དེ་ཁོང་ཚོ་ཚང་མ་གཙང་བོ་དེ་ཡི་འགྲམ་དུ་སོང་ནས་བརྟག་དབྱད་བྱས་དུས། སྟོན་ཁའི་གཙང་བོ་ནི་དངོས་ནས་བརྒལ་ཐུབ་མེད་པ་གཞི་ནས་རྟོགས་དེ། མཚན་མོ་དེར་ཁོང་ཚོ་དུང་རི་འགག་སྒོ་ཡོད་སའི་ལག་པ་གཡས་ཕྱོགས་ཀྱི་རི་ངོས་དེ་ལ་འཛེགས་ནས་མཚན་མོ་ཆུ་ཚོད་གསུམ་པ་བར་དུ་ཕྱིན་ཡང་། རི་ངོས་དེ་ནི་ཆར་བ་འབབ་ཤུལ་ཞིག་དུ་འཁེལ་ཡོད་སྟབས། འདམ་རྫུབ་ཆེ་བའི་ཁར་རི་ངོས་གཅིག་བརྒལ་བ་ཡིན་ན་རི་ངོས་གཞན་ཞིག་དེ་ལྟར་འདམ་རྫུབ་ཀྱི་འཁང་ཡོད་སྟབས། ཁོང་ཚོ་ཚང་མ་ཨ་ཐང་ཆད་ཡོད་པའི་སྐབས་དེར། བློ་བཟང་གིས། དོ་ནུབ་ང་ཚོ་འདི་ནས་ངལ་གསོ་མི་བྱེད་ཐབས་མེད་རེད། སང་ཞོགས་སྔ་བོ་ནས་ཡར་བླངས་དེ་འགྲོ་ཞེས་བཤད།

དེ་དུས་ཤེས་རབ་རྒྱ་མཚོས། བློ་བཟང་། ལྟོས་དང་། ང་ཚོས་ད་དུང་དུང་རི་འགག་སྒོའི་གློག་འོད་ཀྱང་ཁྲ་ལྷམ་མེར་མཐོང་གི་འདུག འདི་ནས་ངལ་གསོས་པ་ཡིན་ན་ཉེན་ཁ་ཆེན་པོ་ཡོད་ས་རེད། དེ་ལས་ག་ལེར་འགྲོ་ཐབས་ཤིག་བྱས་པ་ཡིན་ན་ག་འདྲ་འདུག་ཞེས་བཤད་དུས་སུ། བློ་བཟང་གིས། ད་ནི་ཚང་མ་ཐང་ཆད་པའི་སྒང་ལ་ལམ་ཁ་ཡང་ཡག་པོ་མཐོང་གི་མི་འདུག འདི་ནས་འདུག ཆར་བ་ཡང་འབབ་བཞིན་འདུག འགྱིག་ཤོག་ཆེན་པོ་དེ་ཕྱིར་བཏོན་ནས་ཚང་མ་དེ་ཡི་ནང་དུ་རུབ་རུབ་བྱས་དེ་ངལ་གསོ་བྱེད། ཅ་ལག་ཚང་མ་འགྱིག་ཤོག་ནང་དུ་བླུགས་དེ་ངལ་གསོ་ཞིག་བྱེད་ཐབས་བྱེད། ཞོགས་པ་ནམ་མ་གསལ་གོང་དུ་ལམ་དུ་ཆས་པ་ཡིན་ན། འདི་ནས་དུང་རི་འགག་སྒོ་ཅུང་ཐག་རིང་བོ་རེད། ང་ཚོ་ལས་སླ་བོ་མཐོང་མི་ཡོང་ཞེས་བཤད་དུས། ཚང་མས་བློ་བཟང་གི་བཤད་པ་ལྟར། འདམ་རྫུབ་དང་ཆར་ཆུའི་ཁྲོད་ནས་འགྱིག་ཤོག་ཆེན་པོ་དེ་ཡི་ནང་དུ་ཚང་མ་འཛུལ་ནས་ཅ་ལག་ཚང་མ་ཟུར་དུ་བཞག་ནས་ངལ་གསོ་བྱས་པ་རེད།

ཞོགས་པ་སྔ་བོ་ཡར་བླངས་དུས། མཚན་མོ་དེར་ཆར་བ་ལྷོད་ལྷོད་ཅིག་བར་མཚམས་མེད་པར་འབབ་ནས་འགྱིག་ཤོག་གི་མགོ་སྔ་གཉིས་ནས་ནང་དུ་ཆུ་སླེབས་ནས་གོན་པ་དང་ཅ་ལག་ཚང་མ་རློན་པ་བཟོས་སྟབས། ཁོང་ཚོ་སྔ་བོ་ནས་ཡར་མི་བླངས་ཐབས་མེད་ཆགས་ཡོད་པ་མ་ཟད། གཉིད་དེ་ཡང་ཡག་པོ་ཞིག་གཏན་ནས་ཁུགས་མེད་པ་རེད།

ཆར་ཆུ་དང་འདམ་རྫུབ་ཁྲོད་ནས་ཅ་ལག་ཚང་མ་བསྡུ་གསོག་བརྒྱབ་དེ་ཁོང་ཚོ་ག་ལེར་རི་ངོས་དེ་ནས་བརྒྱུད་དེ་རི་མགོ་ཞིག་དུ་འབྱོར་དུས་སུ། ཉི་མ་ཡང་ཤར་ནས་སོས་དལ་བག་ཡོད་ཀྱི་རྣམ་པ་ཞིག་གིས་ཁོང་ཚོ་ཚང་མ་རི་མགོ་ཞིག་ནས་ངལ་གསོ་ཞོར་དུ་ཅ་ལག་ཚང་མ་ཕྱི་རུ་བཏོན་ནས་ངལ་གསོ་བྱེད་བཞིན་པའི་སྐབས་ཤིག་ལ། ལུག་རྫི་ཞིག་ཁོང་ཚོ་ཡོད་སར་སྙེགས་ནས་འོང་བ་དེ་མཐོང་ནས་བློ་བཟང་གིས། ང་ཚོ་གང་དུ་འགྲོ་བཞིན་ཡོད་ཅེས་དྲིས་པ་ཡིན་ན། ང་ཚོ་སྟོད་གངས་རིའི་ཕྱོགས་སུ་མཇལ་སྒོར་དུ་འགྲོ་མཁན་ཡིན་ན་ཡང་། ལམ་ཁ་ནས་མགོ་སྐོར་ནས་བསྡད་ཡོད་ཅེས་ལན་འདེབས་དགོས་པ་སོགས་ཚང་མ་གྲོས་ཁ་གཅིག་ལ་བཞག

ལུག་རྫི་དེ་ནི་ཁོང་ཚོས་སར་འབྱོར་ནས་རྒྱུ་མཚན་དྲིས་པ་དེར་ཁོང་ཚོས་ཀྱང་། ལན་དེ་ལྟར་དུ་བཏབ་པ་དང་། ཁོང་ཚོས་ལུག་རྫི་དེ་ལ་ཐ་མག་དང་ཀ་ར་སོགས་སྤྲད་སྟབས། ལུག་རྫི་དེ་ཡིས་ཁོང་ཚོ་དང་ཐག་མི་རིང་བའི་ས་དེ་རུ་ཁོ་རང་གི་རི་སྡེ་ཡོད་པ་དང་། རི་སྡེ་དེ་ནས་ཁ་གཏད་དུ་སོང་བ་ཡིན་ན། གཙང་བོ་དེ་བརྒལ་བའི་ཤིང་ཟམ་ཞིག་ཡོད་ན་ཡང་། དེང་སང་གཙང་བོ་ཆེ་རུ་སོང་ཡོད་སྟབས། ཤིང་ཟམ་དེ་ལས་འགྲོ་བ་ལ་ཅུང་ཙམ་ཉེན་ཁ་ཡོད་རབས་སོགས་ཞིབ་དུ་ཤེས་པ་དེ་ཡིས་ཁོང་ཚོས་སེམས་པ་ཅུང་ལྷོད་དུ་འབབ་པ་རེད།

མུ་འགོད།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 6

  1. sha tak ri sim says:
    ལོ་ 17 སྔོན།

    སྤུན་ཟླ་ཁྱེད་ཅག་ཕེབས་པ་དགའ་ཡོད། རྗེས་ཕྱོགས་ཀྱང་དུས་ཚོད་གང་ཁོམ་ལ་ཕེབས་ཤོག

    Reply
  2. jigdal says:
    ལོ་ 17 སྔོན།

    སྒྲུང་འདི་ཡོངས་རྫོགས་གྲུབ་རྗེས་ཀློག་གི་ཡིན། དེ་བས་གོ་སྐབས་སྤྲོད་རོགས། དེ་མིན་དྲ་ངོས་སུ་བསམ་ཚུལ་སྤེལ་བར་ཕེབས་བསུ་ཞུ།

    Reply
  3. chokri nyima says:
    ལོ་ 17 སྔོན།

    སྔོན་མ་ང་ཆུང་དུས་དེ་འདྲ་བྱས་ནས་བལ་ཡུལ་སླེབས་པ་རེད།

    Reply
  4. free sopu says:
    ལོ་ 17 སྔོན།

    ད་ལུག་རྫི་དེས་ཁ་ཉན་རྒྱུ་ལས་འདེམ་ཁ་གཞན་ཕར་ཆེར་རྫོགས་ཚར་རེད།

    Reply
  5. rigdhen says:
    ལོ་ 17 སྔོན།

    ལུག་རྫི་དེས་ཁོང་ཚོ་བཙོང་ན་ཐང་གོ ཚང་མས་གཟབ་གཟབ་བྱས། ད་ནངས་ཤིག་ལ་གཅན་བཟོད་རྒྱམ་གྱི་ངོ་མདངས་ཀྱང་དེ་འདྲ་ཡག་རྒྱུ་མེད་ཀི དེས་ཁོ་ཐག་ལ་རྨི་ལམ་ཞིག་རྨིས་ཡོད་པ་འདྲ།
    གང་ལྟར། ཁོང་ཚོ་བདེ་ལེགས་ངང་རྡ་སར་འབྱོར་སོང་ན། ང་ཚོས་ཆང་སྟོན་ཞིག་བྱེད་ཡ།

    Reply
  6. kkalsang says:
    ལོ་ 17 སྔོན།

    གྲོགས་པོ་ཤ་ཁྲག་ལགས། ཁྱོད་ཀྱི་སྒྲུང་རིང་འདི་འབྲི་སྟངས་ཅུང་ཇེ་ཡག་ཏུ་འགྲོ་ཡི་འདུག་པའི་སྣང་བ་འཁོར་བྱུང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese