མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྱིན་བདག་མི་དགོས། གྲྭ་བ་མི་བྱེད། {དངོས་སྒྲུང་།} གྱ་གཉིས།

བོད། ཤ་ཁྲག་རུས་གསུམ།
༢༠༡༠/༠༣/༠༧
Share on FacebookShare on TwitterShare on EmailShare on Whatsapp
་་་་་་་་་དངོས་སྒྲུང་འདི་བདག་ལ་རྒྱུས་མངའ་ཡོད་མཁན་གྱི་གྲྭ་བ་ཞིག་གི་ལོ་རྒྱུས་ཡིན།


ཕྱིར་ཉིན་བློ་བཟང་སྣེ་ལེན་ཁང་དུ་བྱིན་ནས་མཚམས་སྐྱིད་ཁྲིད་དེ་རང་གི་གྲོགས་པོའི་ནང་དུ་ཡོང་ནས་ཁོ་གཉིས་ཀྱི་ལྷན་དུ་ཉིན་གུང་ཁ་ལག་བཟོས་པ་དང་། ཞོར་དུ་འདས་སོང་གི་གཏམ་རྒྱུད་མི་ཉུང་བ་ཞིག་ལམ་བར་དུ་བཤད་པ་དེ་ཡི་འཕྲོར་མཐུད་དེ། བློ་བཟང་གིས། མཚམས་སྐྱིད་ལ། ངས་ཁྱེད་རང་ལ་དངོས་ནས་སྐད་ཆ་ཞིག་ཞིབ་དུ་འདྲི་འདོད་འདུག ཁྱེད་རང་གིས་ད་ལྟའི་བར་དུ་སུ་ལ་ཡང་བརྩེ་བ་ཆགས་མྱོང་མེད་ཟེར་བ་དང་། སྐྱེ་བ་སུ་ལ་ཡང་ཐུག་མྱོང་མེད་ཟེར་བའི་སྐད་ཆ་དེར་ང་གཏན་ནས་ཡིད་ཆེས་བྱེད་ཐུབ་ཀྱི་མི་འདུག ཡིན་ཡང་། ཁྱེད་རང་གིས་ཕོ་གསར་གཞན་དང་ལྷན་དུ་འོ་བྱེད་མྱོང་ཀྱང་མེད་དམ།

མཚམས་སྐྱིད་དང་ཁོ་གཉིས་ཀྱིས་དྲི་བ་ག་རེ་ཡིན་ཡང་དྲིས་ཆོག་པར་སྐད་ཆ་མགོ་གླེང་དུས་སུ། ཕན་ཚུན་གཉིས་ཀ་མོས་མཐུན་བྱུང་ཡོད་སྟབས། མཚམས་སྐྱིད་ཀྱིས། ཡོད། སློབ་གྲྭ་ནས་ཕོ་གསར་གཞན་ལ་འོ་བྱེད་མྱོང་ཡོད།

བློ་བཟང་མཚར་སྣང་དང་བཅས་དེ། འོ་ན་ཁྱེད་རང་ལ་ཚོར་བ་འདྲ་མ་བྱུང་ངམ།
བྱུང་མ་སོང་།
ལན་དེ་ལྟར་བཏབ་དུས་སུ། བློ་བཟང་ལ་རེ་ཞིག་དྲི་བ་གཞན་གང་ཡང་མེད་པར་ཁ་རོག་ཁོ་གཉིས་ཀྱི་གློག་ཀླད་ནང་ནས་ཕ་ཡུལ་གྱི་བརྙན་འཕྲིན་འོད་སྡེར་ཁ་ཤས་ཤིག་ལ་བལྟས་དེ་བསྡད་པ་རེད།

ཕྱི་དྲོ་སླེབས་ནས་འོང་གི་ཡོད་ལ། ད་ནི་མཚམས་སྐྱིད་ཕྱིར་སྣེ་ལེན་ཁང་དུ་འགྲོ་རན་ཡོད་སྟབས། བློ་བཟང་གིས་ཁོ་མོ་བསྐྱལ་ནས་སྣེ་ལེན་ཁང་གི་སྒོ་འགྲམ་དུ་སོང་བ་རེད།
བློ་བཟང་གིས་སྒོ་འགྲམ་ནས་མཚམས་སྐྱིད་ལ། ཁྱེད་རང་སྣེ་ལེན་ཁང་དུ་ཟ་མ་ཟ་འདོད་མེད་པ་དང་། དེ་ནས་སུན་ན་སང་ཉིན་སློབ་གྲྭར་མ་བཏང་བ་ཡིན་ན། ང་རང་ཡོད་སར་ཤོག་དང་འགྲིག་གི་རེད། ང་ནང་ནས་བསྡོད་ངེས་ཡིན་ཞེས་བཤད་པ་རེད།

མཚམས་སྐྱིད་ཀྱིས་མགོ་བོ་སྡེབས་ཀྱིན། ཡ་ཡ་། ཁྱེད་རང་བཀའ་དྲིན་ཆེ། དངོས་ནས་སང་ཉིན་ང་སློབ་གྲྭར་མ་བཏང་བ་ཡིན་ན། ང་རང་གི་ཕུ་བོས་ང་རང་སྣེ་ལེན་ཁང་དུ་བསྡོད་མི་དགོས་ཟེར་བ་མ་ཟད། ཁོ་རང་གི་ངོ་ཤེས་གྲོགས་མོ་ཨ་རི་ནས་ཡོང་བ་གཉིས་ཀྱི་མར་ཕྱོགས་འདིར་མགྲོན་ཁང་ཞིག་གླས་དེ་བསྡད་ཡོད་པ་དེ་ནས་བསྡོད་ཟེར་གྱི་འདུག སང་ཞོགས་གཅིག་བྱས་ན་ང་རང་གི་ཕུ་བོས་བུད་མེད་དེ་གཉིས་ངོ་སྤྲོད་བྱས་རྗེས་སུ། ཁོ་རང་སང་དགོང་ཕྱིར་ལོག་འགྲོ་མཁན་ཡིན་པ་འདྲ། གང་ལྟར། ང་རང་སང་ཉིན་མ་སོང་ན། ང་རང་ཁྱེད་རང་ཡོད་སར་ཡོང་འདོད་འདུག

མཚན་མོ་དེར་བློ་བཟང་གི་གྲོགས་པོ་རྙིང་བ་དེས་ཁོ་རང་ལ་ང་རང་ལ་ཟ་རྒྱུ་འཐུང་རྒྱུའི་དཀའ་ངལ་མ་འཕྲད་པ་ཡིན་ན། ཁྱེད་རང་ལ་ཡང་གཏན་ནས་དཀའ་ངལ་འཕྲད་མི་སྲིད་པ་ཡིན། ད་ནི་ངས་བལྟས་པ་ཡིན་ན། ཁྱེད་རང་གིས་ལས་ཀ་བྱེད་པ་ལས་འདི་ཁུལ་ནས་འཛིན་གྲྭ་རེ་སོང་ནས་དབྱིན་ཡིག་ཕྲན་པུ་ཞིག་སྤྱོང་བ་དང་སློབ་སྤྱོང་རེ་བྱས་པ་ཡིན་ན་ཡག་པོ་མེད་འགྲོ་བསམ་གྱི་འདུག་ཞེས་བཤད་ཀྱང་། བློ་བཟང་གིས་རང་གི་གྲོགས་པོ་དེ་ལ་དཀའ་ངལ་གཏད་པ་མང་མེད་ན་ཉུང་མེད་སྙམ་བཞིན། ཡ་ཡ། ངས་ཀྱང་སློབ་སྤྱོང་ཕྲན་པུ་ཞིག་བྱེད་ཨེ་ཐུབ་བསམ་ནས་བསྡད་ཡོད་ཅེས་བཤད་པ་རེད།

མཚམས་སྐྱིད་སླར་ཡང་བློ་བཟང་ཡོད་སར་ཡོང་ནས་ཁོ་གཉིས་ཀྱི་ལྷན་དུ་ནང་ནས་ཟ་མ་བཟོས་པ་དང་། ཁ་སང་གི་བཤད་འཕྲོ་ལྟ་བུ་ཞིག་ལུས་ཡོད་པ་ལྟར། སླར་ཡང་ཕོ་མོའི་བར་གྱི་བརྩེ་དུང་གི་སྐོར་ལ་ཁ་བརྡ་བྱས་པ་རེད། བློ་བཟང་གིས་ཁྱེད་རང་ལ་དྲི་བ་ག་རེ་དྲིས་ཀྱང་འགྲིག་གི་ཡོད་མེད་དེ་ཡི་སྐོར་ལ་ལན་གསལ་བོ་ཞིག་དགོས་ཀྱི་འདུག་ཟེར་ནས་བརྙན་འཕྲིན་ལ་བལྟ་ཞོར་དུ་བཤད་དུས་སུ། མཚམས་སྐྱིད་ཀྱིས་ཁྱེད་རང་ལ་དྲི་བ་ག་རེ་འདྲི་འདོད་ཡོད་ན་དྲིས་ན་འགྲིག་གི་རེད།

སྐབས་དེར་ཁང་བ་དེ་ནི་ཧ་ཅང་ཆུང་ཆུང་ཡིན་ལ། ཁོ་གཉིས་རྐུབ་སྟེགས་སྟེང་ནས་བསྡོད་ཡུན་རིང་དྲགས་སྟབས། གཉིས་ཀ་ཉལ་ཁྲིའི་སྟེང་དུ་ནར་ནས་གླེང་མོལ་བྱེད་སྐབས་སུ། བློ་བཟང་གིས། ཁྱེད་རང་གིས་ཁ་སང་བཤད་པའི་སྐད་ཆ་གཅིག་ད་དུང་ཡང་། ངས་སྣང་བར་གཏན་ནས་འགྲོ་ཡི་མི་འདུག

སྐད་ཆ་གང་།
འོ་བྱས་ཀྱང་ཚོར་བ་མི་འདུག་ཟེར་བ་དེ།
དེ་དངོས་ནས་ཡིན།
དེས་ན་ངས་ཁྱེད་རང་ལ་ཚོད་ལྟ་ཞིག་བྱས་ན་འགྲིག་གི་རེད་དམ།
འགྲིག་གི་རེད།

ད་ནི་ས་ཡང་རུབ་ནས་འགྲོ་གྲབས་ཡོད་པ་དང་། བློ་བཟང་གིས་མཚམས་སྐྱིད་ལ་འོ་ཞིག་བྱས་ཚར་བ་མ་ཟད། མཚམས་སྐྱིད་ལ་ཚོར་བ་གང་ཡང་མེད་པའི་ཁུལ་དང་བཅས་བསྡད་པ་རེད།

མཚམས་སྐྱིད་ཀྱིས་ཁོ་མོ་སྣེ་ལེན་ཁང་དུ་བསྡོད་ཀྱི་མེད་པ་དང་། དོ་ནུབ་ང་རང་གི་ཕུ་བོའི་གྲོགས་མོ་དེ་གཉིས་ཀྱི་སར་འགྲོ་དགོས་པ་རེད། ཁྱེད་རང་གིས་ང་བསྐྱེལ་ཐུབ་ཀྱི་འདུག་གམ་ཟེར་ནས་བློ་བཟང་ལ་དྲིས་དུས་སུ། བློ་བཟང་གིས་ཐུབ་དང་ཐུབ། ད་ཁྱེད་རང་འགྲོ་འདོད་འདུག་གམ་ཟེར་ཞོར་ཉལ་ཁྲིའི་སྟེང་ནས་ཡར་བླངས་དེ་རང་གི་ལྷམ་མགོ་གོན་པ་རེད།

ལམ་བར་དུ་མཚམས་སྐྱིད་ཀྱིས། ང་རང་དངོས་ནས་བཤད་ན་ཁོ་མོ་གཉིས་ཡོད་སར་འདུག་འདོད་མེད་མོད། ཕུ་བོས་དེ་ནས་བསྡོད་ཟེར་སྟབས་མ་བསྡད་པ་ཡིན་ན་འགྲིག་གི་མ་རེད། གཅིག་བྱས་ན། ཁོ་མོ་གཉིས་ནང་དུ་མེད་ན་ཡང་ཐང་། ང་རང་ལ་སྡེ་མིག་ཡོད་ས་ཞིག་བཤད་སོང་ཡང་ངས་དྲན་གྱི་མི་འདུག

བློ་བཟང་གིས། དེས་ན་ཁྱེད་རང་མི་བདེ་བ་འདྲ་མེད་ན། ངེད་གཉིས་ཀྱི་ནང་དུ་བསྡད་ན་འགྲིག་གི་རེད། དོ་ནུབ་ངས་རོགས་པ་ཡང་ནང་དུ་མི་ཡོང་ཟེར་ནས་ང་རང་ལ་བཤད་སོང་། ཁོ་རང་དོ་ནུབ་ཐུགས་སྤྲོ་ཞིག་ལ་འགྲོ་དགོས་ཀྱི་ཡོད། སང་ཉིན་ངལ་གསོ་ཡིན་སྟབས། རོགས་པ་དེ་ཡི་ནང་ནས་ཉལ་རྒྱུ་ཡིན་ཟེར་ནས་བཤད་སོང་།

མཚམས་སྐྱིད་ཀྱིས། བདེ་བོ་མི་འདུག ད་ཁྱེད་རང་ལ་དཀའ་ལས་གཏད་པ་རེད་ཅེས་བཤད་ཀྱིན་ཁོ་གཉིས་ཁོ་མོ་བཅོལ་སའི་གནས་ཚང་དེ་ཡི་སྒོ་འགྲམ་དུ་འབྱོར་དུས། སྒོ་ལ་ལྕགས་ཟ་ཞིག་བརྒྱབ་དེ་བཞག་ཡོད་པ་དེ་མཐོང་ནས། རེད་རེད། དེས་ན་ངེད་གཉིས་ཕྱིར་འགྲོ

བློ་བཟང་གི་སེམས་སུ་བུད་མེད་ཞབས་གསར་མ་ཟེར་ན་དངོས་ནས་བུད་མེད་གཞན་དང་མ་འདྲ་བའི་ཚོར་བ་ཞིག་སྤྲོད་རབས་ཡོད་པ་རེད་སྙམ་ན་ཡང་། མཚམས་སྐྱིད་ལ་ཐད་ཀར་གང་ཡང་བཤད་མི་འཕོད་པ་ནི། ཁོ་མོ་ལ་ཁོ་རང་ཡོད་སར་བསྡད་པ་ཡིན་ན། ལག་པ་མི་འཆིང་ཟེར་ནས་ཁས་ལེན་བྱས་ཡོད་སྟབས། རེ་ཞིག་རིང་མཚམས་སྐྱིད་ལ་གང་ཡང་མ་བཤད་པ་རེད།

གང་ལྟར། ས་རུབ་ནས་ཡུན་རིང་ཞིག་འགོར་ནས། བློ་བཟང་དང་མཚམས་སྐྱིད་གཉིས་ཀྱིས་སྐད་ཆ་ལྡ་བེ་ལྡུབ་བེ་ཞིག་བཤད་ནས་གཉིས་ཀ་གཉིད་ཀྱང་ཁུགས་ཀྱི་མེད་པའི་སྐབས་དེར། བློ་བཟང་གིས། མཚམས་སྐྱིད་ལ་ཁྱེད་རང་ད་ལྟའི་བར་དུ་ཕོ་གསར་སུས་ཀྱང་ལག་པ་འཆིང་མྱོང་མེད་ན། ད་ནི་རང་དབང་ཡོད་སའི་ལུང་བ་ཞིག་དུ་འབྱོར་ནས་ཕ་མ་དང་ཉེ་རིང་སུ་ཡང་འཁྲིས་སུ་མེད་པའི་སྐབས་འདི་འདྲ་ཞིག་ལ། ཁྱེད་རང་གི་མུ་མཐུད་དུ་རང་གི་ལུས་པོ་དེ་གཙང་མ་གཉར་ཐུབ་ཀྱི་རེད་འདོད་ཀྱི་ཡོད་དམ།

མཚམས་སྐྱིད་ཀྱིས། ཁྱེད་རང་གི་བཤད་པ་བདེན་པ་རེད། ང་རང་ད་ནི་རང་གི་ཕ་མ་ཉེ་དུ་ཡོད་ཚད་དང་རྒྱང་དུ་བཞག་ནས་ཡོད་པའི་ལུང་བ་འདིར། ངས་རང་གི་ལུས་པོ་འདི་མུ་མཐུད་དུ་གཙང་མ་གཉར་ཟེར་ན་དངོས་ནས་ཁག་པོ་རེད། འོན་ཀྱང་་

བློ་བཟང་གིས། དེས་ན་ཁྱེད་རང་ག་རེ་བྱེད་རྩིས་ཡོད། རང་གི་ལུས་འབྲེལ་ཐོག་མ་སུ་ཞིག་ལ་འཇོག་རྩིས་ཡོད་དམ།
མི་སུ་ཞིག་ངའི་མི་ཚེ་དང་ལྷན་དུ་འགྲོག་འདོད་ཡོད་པ་དེ་ལ།
དེས་ན་ང་རང་ཁྱེད་དང་ལྷན་དུ་འགྲིག་གི་རེད་དམ།
དེས་ལོས་འགྲིག འོན་ཀྱང་། དམ་བཅའ་འཇོག་དགོས།


བློ་བཟང་གི་སེམས་ནང་དུ་བུད་མེད་ཟེར་བ་འདི་ནི་དྲང་མོ་བཤད་དེ་ཡོང་བ་ཞིག་མིན་ཟེར་བ་ནི་འདི་འདྲ་ལ་ཟེར་བ་ལོས་ཡིན། ད་ནི་གང་ལྟར། རང་ཉིད་ནི་མི་ཚེ་གསར་བ་ཞིག་གི་མགོ་འཛིན་དགོས་པ་དེ་ནི་བཤད་མ་དགོས་པ་རེད། ཁོ་མོ་ད་ལྟའི་བར་དུ་མི་སུ་ལ་ཡང་ཐུག་མྱོང་མེད་པ་དེ་བདེན་པ་ཡིན་ཚེ། ཁོ་མོ་ང་དང་བརྩེ་བ་ཟབ་མོ་ཞིག་ཆགས་ངེས་ཡིན་པ་ནི་བཤད་མི་དགོས་པ་ཞིག་རེད། ཁོ་མོ་ལ་དམ་བཅའ་བཞག་ཀྱང་མ་འགྲིག་པ་མི་འདུག་སྙམ་ནས། ངས་ཁྱེད་རང་ལ་དམ་བཅའ་བཞག་ཆོག

བློ་བཟང་གིས་ཁོ་མོ་མནའ་བསྐྱལ་ནས་དམ་བཅའ་བཞག་རྗེས་སུ། དེས་ན་ངས་ཁྱེད་རང་ལ་དོ་ནུབ་ལུས་འབྲེལ་བཞག་ན་འགྲིག་གི་རེད་དམ།

འགྲིག་གི་མ་རེད། ང་རང་སང་ཉིན་ནངས་ཉིན་སློབ་གྲྭ་འགྲོ་མཁན་རེད།
དེས་ལ་ཅི་སྐྱོན། སློབ་གྲྭ་དེ་རུ་ཡོད་མཁན་མི་ཉུང་བ་ཞིག་ཕ་རྒན་མ་རྒན་རེད།
ཡིན་ཡང་། ང་རང་ཁོང་ཚོ་དང་གཏན་ནས་མི་འདྲ།
དེ་ལ་ཅི་སྐྱོན། འུ་གཉིས་ཀྱི་མི་ཚེ་ལ་དམ་བཅའ་བཞག་ཚར་བ་རེད།
རེད་དེ། ང་རང་སློབ་མ་གཙང་མ་ཞིག་བྱེད་འདོད་ཡོད།


བློ་བཟང་གིས་དེས་ན་ངས་ཁྱེད་རང་ལ་ཕྱི་ནས་སྒུག་ན་འགྲིག་གི་རེད་ཅེས་ད་ངེད་གཉིས་གཉིད་ཟེར་ནས་བློ་བཟང་གཉིད་རྩིས་བྱས་དུས་སུ། མཚམས་སྐྱིད་ཀྱིས་ཅུང་ཙམ་བསྡོད་དང་ཁ་བརྡ་བྱེད་རོགས་བྱོས་ཟེར་ནས་ཡང་དང་བསྐྱར་དུ་གཉིད་དུ་མ་བཅུགས་པ་རེད།

མུ་འགོད།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 4

  1. sha tak ri sim says:
    ལོ་ 17 སྔོན།

    སྤུན་ཟླ་ཁྱེད་ཅག་ཕེབས་ནས་བློ་བཟང་གི་བྱེད་སྟངས་ལ་བསམ་ཚུལ་རེ་གསུངས་པ་དེར་དགའ་ཡོད། ངས་ཀྱང་བློ་བཟང་གི་བྱེད་སྟངས་ཁ་ཤས་ཤིག་ནི་དངོས་ནས་ཡ་མཚར་དང་ཁྲེལ་གཞུང་མེད་པ་ལྟ་བུ་ཞིག་དུ་མཐོང་གི་ཡོད་ན། སྤུན་ཟླ་ཁྱེད་ཅག་གིས་གང་དགོངས་ཀྱི་འདུག་གམ།

    Reply
  2. nyingtobchan says:
    ལོ་ 17 སྔོན།

    མེ་ཏོག་ལེན་ཟེར་བ་ལས་མེ་ཏོག་དབྲལ་ཟེར་ན་དོན་དང་མཐུན་གི

    Reply
  3. free sopu says:
    ལོ་ 17 སྔོན།

    བློ་བཟང་གིས་མེ་ཏོག་ལེན་རྒྱུ་དེ་འདྲ་ལས་སླ་བོ་ཞིག་འུ་ཡིན་ན།

    Reply
  4. mheru says:
    ལོ་ 17 སྔོན།

    ཤ་ཁྲག་ལགས་སྐུ་ཉིད་ཀྱི་སྒྲུང་རིང་འདི་མུ་མཐུད་བཀླགས་ཐུབ་མ་སོང་།
    དེ་རིང་གཟའ་ཉི་མ་དང་སྟབས་བསྟུན་ནས་ཁྱིད་ཀྱི་ཟིན་བྲིས་ལ་ཡོང་ནས་ལོག་འགྲོ་བཞིན་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese