མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཞོགས་དུང་གཅིག་བུ་ལས་ང་ཚོ་གླེང་རྒྱུ་མེད་སོང་བ་རེད་དམ།

བོད། ཤ་ཁྲག་རུས་གསུམ།
༢༠༡༠/༠༤/༢༩
Share on FacebookShare on TwitterShare on EmailShare on Whatsapp

ཞོགས་དུང་བཟུང་སོང་། ཞོགས་དུང་གི་གནམ་ས་གོ་འབྱེད་ཟེར་བའི་བརྩམས་དེབ་དེ་འདྲ་ད་སྔ་བོད་ཕྱི་ནང་གཉིས་སུ་སུས་ཀྱང་བྲིས་མྱོང་ཡོད་པ་མ་རེད། ཞོགས་དུང་ལྟ་བའི་ཤེས་ཡོན་ཅན་དང་། སྒེར་ཚུགས་ཅན། རིགས་ཞེན་ཅན། ཤེས་རབ་ཀྱི་རྩལ་རྫོགས་པ། མི་གཤིས་ཀྱི་གོ་རྟོགས་གསལ་བ། མི་རིགས་ཤིག་གཉིད་ལས་སློང་མཁན་བྱུང་ཡོད་པ་མ་རེད།

ཞོགས་དུང་ནི། ལྟ་ལོག་ཞིག་རེད། སངས་རྒྱས་ཆོས་ལུགས་ལ་ངོ་རྒོལ་བྱེད་མཁན་གྱི་མི་ངན་ཞིག་རེད། རྒྱ་དམག་གུང་ཁྲན་ཚང་གི་རྒྱུགས་ཁྱི་ཞིག་རེད། ཁོས་གཏན་ནས་ནང་ཆོས་མི་ཤེས་པའི་སྟབས་ཀྱི་ནང་ཆོས་ལ་སྐྱོན་བརྗོད་བྱས་པ་རེད།

ཡོངས་གྲགས་སུ་བོད་ཕྱི་ནང་གཉིས་སུ་གླེང་ཕྱོགས་འདི་འདྲའི་རིགས་གཉིས་ལ་བརྟེན་ནས་ཞོགས་དུང་ཟེར་བའི་མིང་ནས་འབོད་པའི་བོད་ཀྱི་དེང་རབས་རྩོམ་པོ་པོ་བཀྲ་རྒྱལ་ལགས། ད་ལྟ་བོད་ཕྱི་ནང་གཉིས་སུ་ཤུགས་ཆེན་པོ་གླེང་སློང་བྱེད་ཀྱི་ཡོད་པ་རེད། དོན་དངོས་སུ་ཞོགས་དུང་གིས་བྱ་བ་ག་རེ་ཞིག་བློས་གཏོང་བྱེད་འཕོད་པའི་སྙིང་སྟོབས་དེ་ནི་ངེད་ཅག་ད་ལྟ་བོད་ཕྱི་ནང་གཉིས་སུ་ཡོད་མཁན་ཚང་མས་ཤེས་དགོས་པ་ཞིག་ནི། ཁོ་རང་གིས་རྒྱ་ནག་སྲིད་གཞུང་གི་གཡོ་སྒྱུ་དང་། ཁྲེལ་གཞུང་མེད་པའི་བྱེད་སྟངས། རྒྱུ་འབྲས་མེད་པའི་མནར་གཅོད་གཏོང་སྟངས། གནས་ལུགས་བཤད་ས་མེད་པའི་སྲིད་གཞུང་ཞིག་གི་སྒོ་འགྲམ་ནས་བོད་ཀྱི་སྐྱིད་སྡུག་གླེང་མཁན་སུ་ཞིག་བྱུང་ན་དེ་ནི་ཁྲིམས་ཁང་དང་། ཐ་ན་ཚེ་སྲོག་ཡང་ཤོར་འགྲོ་བཞིན་པའི་གནད་དོན་དེ་ཤེས་བཞིན་དུ་ཁོ་རང་གིས་བློ་ཐག་རྦབས་ཆོད་ཀྱིས་བརྩམས་དེབ་ཞིག་བྲིས་གནང་བ་དེ་ནི་ངེད་ཅག་བོད་ཕྱི་ནང་གཉིས་སུ་ཡོད་མཁན་སེར་སྐྱ་ཕོ་མོའི་ཚང་མས་རྒྱབ་སྐྱོར་དང་ཡི་རུང་བྱེད་དགོས་པ་ཞིག་རེད་ཅེས་ཐག་བཅད་ཆོག

ཕྱོགས་ངོས་གཞན་ནས་ང་རང་ཞོགས་དུང་གི་རྩོམ་ཡིག་ཀློག་མཁན་ཞིག་གི་དངོས་ནས་ལྟ་ཚུལ་ཞིག་བྱུང་བ་དེ་ནི་ཞོགས་དུང་གིས་ག་དུས་ཡིན་ཡང་སངས་རྒྱས་ཆོས་ལུགས་ཀྱིས་བོད་འདི་མེད་པར་བཏང་ཚུལ་ཞིག་བཤད་ཀྱི་ཡོད་པ་ལྟ་བུ་ཞིག་ངས་ཡང་དང་བསྐྱར་དུ་ཀློག་ཡང་ཚོར་ཐུབ་མ་སོང་། ངས་ཚོར་བ་དེ་ནི་སངས་རྒྱས་ཆོས་ལུགས་ཁ་ལ་བཟུང་ནས་རང་དོན་འཁོ་ན་ལས་བསམ་རྒྱུ་མེད་པའི་སྟོན་པའི་ན་བཟའི་སྐུ་རྩེད་བྱེད་མཁན་གྱི་མི་སྣ་དེ་ཡི་རིགས་ཀྱི་བོད་མི་དམངས་འདི་གཡང་དུ་བསྐྱལ་བར་བརྗོད་ཀྱི་ཡོད་པ་ལྟ་བུ་ཞིག་མཐོང་སོང་། དེ་ཡིན་དུས་ཁོ་རང་ལྟ་བ་ལོག་པ་ཟེར་བའི་མི་དེ་འདྲ་ཞིག་ཀྱང་གཏན་ནས་མ་རེད། རྒྱུ་མཚན་ནི་ཁོ་རང་ཆོས་ལུགས་པ་ཞིག་མིན་དུས་ཆོས་ལུགས་ཀྱི་ལྟ་བ་ཞིག་རྒྱུད་དུ་མེད་པར་ལྟ་བ་ལོག་སྟངས་ཤིག་ཡོད་སྲོལ་མེད།

མཐའ་དོན་བདག་གི་ཞོགས་དུང་ལ་ལྟ་སྟངས་ཤིག་བཤད་ན། ཁོང་ནི་མི་རིགས་ཀྱི་ལར་ཞེན་ལས་ཡོངས་སུ་བཟི་ཟིན་པའི་དུས་རབས་གསར་བའི་དེང་རབས་ཀྱི་མི་བུ་སྒེར་ཚུགས་ཅན་ཞིག་དང་། རང་གི་ནག་ཉེས་དང་རང་གི་རྣམ་དཔྱོད་ལ་རང་གིས་ཐེར་འདོན་བྱེད་འཕོད་པའི་གསར་བརྗེ་རང་ལུགས་པ་ཞིག་རེད་སྙམ་གྱི་ཡོད། ཞོགས་དུང་གི་གཙོ་བའི་ད་ལྟའི་བོད་ནང་གི་རྩོམ་པ་པོ་གངས་ཉི་དང་། ཐེའུ་རང་། སྒྲོལ་མ་སྐྱབས། ཞོགས་ལྗོངས་སོགས་དུས་རབས་གསར་བའི་བོད་ཀྱི་གཞོན་སྐྱེས་ཆེས་མི་ཉུང་བ་ཞིག་གིས་རང་རང་གི་བསམ་ཚུལ་སྒེར་ཚུགས་ཡོད་པ་ཞིག་གི་སྒང་ནས་བོད་མི་རིགས་ཀྱི་གནད་དོན་གླེང་ནས་རྒྱ་ནག་པོའི་ཁྲིམས་ཁར་འཚུད་པ་དེར་འཛམ་གླིང་གི་ཡུལ་གྲུ་གང་སར་གནས་པའི་བོད་མི་ཡོངས་ཀྱིས་ལྟ་སྟངས་གཅིག་པ་དང་། འབོད་སྐུལ་གཅིག་པ། རྒྱབ་སྐྱོར་གཅིག་པ་ཞིག་ཡོང་རྒྱུར་ངས་སེམས་གཏིང་ནས་འབོད་སྐུལ་ཞུས་པ་ཡིན།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 7

  1. sha tak ri sim says:
    ལོ་ 16 སྔོན།

    ཅོ་རི་ཉི་མ་ལགས། ཉིད་ནི་དུས་རྒྱུན་དུ་བདག་གི་སྤུན་གྲོགས་ངེད་ཚང་གི་ཟིན་བྲིས་ལ་ཕེབས་མཁན་ཞིག་ཡིན་པས་དགའ་ཡོད། ལྷག་པར་དུ་ཉིད་ནས་ཞོགས་དུང་གི་རྩོམ་ཡིག་གནམ་ས་གོ་འབྱེད་ཀློག་ནས་ཕྱིར་ཕེབས་ངེས་ཡིན་གསུང་གི་འདུག སྒུག་ནས་འདུག ཕེབས་ཤོག་ཡ་་་ སྒོ་འགྲམ་དུ་འབྲོག་ཁྱི་བཙན་པོ་དེ་འདྲ་གང་ཡང་མེད།

    Reply
  2. sha tak ri sim says:
    ལོ་ 16 སྔོན།

    ཕུན་ཚོགས་ལགས། ཉིད་ནས་བདག་གི་བསམ་ཚུལ་འདི་ལ་རྒྱབ་སྐྱོར་གནང་བ་དེ་ནི་བོད་ནང་གི་ཞོགས་དུང་གི་མཚོན་པའི་བོད་མི་རྩོམ་པ་པོ་དག་གི་གཙོ་བའི་བོད་མི་རིགས་ཀྱི་རྒྱའི་བཙོན་འོག་དུ་མནར་གཅོད་དོན་མེད་ཉེས་མེད་དུ་མྱོང་མཁན་དེ་དག་ལ་གདུང་སེམས་མཉམ་བསྐྱེད་བྱས་པར་ངེས་འཛིན་བྱེད་རྒྱུ་ཡིན་ལགས།

    Reply
  3. sha tak ri sim says:
    ལོ་ 16 སྔོན།

    རྟོག་སད་ཀྱི་སྨྱུ་བུ་ལགས། ཉིད་ཀྱིས་རེ་སྐུལ་དེར་བདག་གིས་ཤེས་མིན་ལ་མ་བལྟས་པར་གཞས་ཚིག་ཞིག་ཉིད་ལ་སྐུར་ངེས་ཡིན།

    Reply
  4. chokri nyima says:
    ལོ་ 16 སྔོན།

    སྤུན་གྲོགས་ཤ་རུས་ལགས།
    དང་པོ་ཞོགས་དུང་གི་རྩོམ་པའི་གནམ་ས་གོ་འབྱེད་ཡག་པོ་ཞིག་ཀློག་གི་ཡིན་དེ་ནས་ཞོགས་དུང་གི་ལྟ་བ་ཤེས་ཡོང་གི་རེད་སྙམ།

    བོད་མི་རྒྱལ་ཞེན་པ་ཞིག་ཡིན་ན་རྩོམ་གྱི་བརྗོད་བྱ་དང་ང་ཅོ་རིའི་བསམ་ཚུལ་མཐུན་མདོག་ཁག་པོ་རེད་དྲན། རྗེས་སུ་ཞོགས་དུང་སྐོར་གླེང་ཆོག

    Reply
  5. phuntsok says:
    ལོ་ 16 སྔོན།

    ཆ་བཞག་ན་ཁ་སང་ཀུན་གླེང་ནང་བགྲོ་གླེང་བྱེད་བཞིན་པའི་སྒང་ལ་བོད་དང་རྡ་ས་སོགས་ན་ཁ་པར་ཡོང་སྟེ་གནས་ལུགས་དང་རྒྱུ་མཚན་གང་ཡང་མི་འདྲེན་པར་ཅོལ་ཆུང་བ་ཁག་ཅིག་གིས་ཞོགས་དུང་རྦད་དེ་ནག་བསུབ་དུ་གཏོང་འདོད་གྱི་བསམ་བློ་མངོན་གསལ་དོད་པོ་བྱེད་ཀྱི་ཡོད་པ་དང་།ཆོས་ལུགས་ཀྱི་འདུ་ཤེས་གཅིག་པུས་བོད་སྤྱི་ཚོགས་ཀྱི་གློ་སྙིང་མཆིན་གསུམ་ཡོད་ཚད་ཚད་འཇལ་བྱེད་ཀྱིན་པའི་སེར་མོ་བ་སྐོར་ཞིག་གིས་སྙིང་ནད་ཁོག་ཏུ་བཟུང་བ་ལྟ་བུའི་རྣམ་འགྱུར་འཛིན་པ་འདི་དག་ཅི་ཞིག་ཡིན་ནམ།

    Reply
  6. phuntsok says:
    ལོ་ 16 སྔོན།

    ་སྐད་ཆ་དྲང་མོར་བཤད་པ་ཐུགས་རྗེ་ཆེ།ངོ་མ་བཤད་ན་ང་ཚོའི་སྤྱི་ཚོགས་སུ་ཞོགས་དུང་ལ་སྐད་ཆ་འདི་ལྟར་བཤད་མཁན་ཤིན་ཏུ་ཉུང་གི།་ལྷག་པར་དུ་ཁ་སང་དགོང་མོར་ཨ་རིའི་བརྙན་འཕྲིན་གྱི་ཀུན་གླེང་ལེ་ཚན་ནང་རྩོམ་པ་པོ་ཧོར་གཙང་འཇིགས་མེད་ལགས་ཀྱིས་ཞོགས་དུང་གི་བརྩམ་ཆོས་སྐོར་གླེང་སྐབས།ཞོགས་དུང་གི་བརྩམ་ཆོས་ལ་དཀྱེལ་ཡངས་ཀྱི་དཔྱད་ཞིབ་མེད་པ་དང་།ཞོགས་དུང་གི་མནོ་བསམ་དང་ལངས་ཕྱོགས་གསལ་བོ་མི་ཤེས་པ།ཐ་ན་ཞོགས་དུང་གིས་རྗོད་བཞིན་པའི་སྐད་ཆའི་གོ་དོན་ཀྱང་ལོག་འགྲེལ་བྱས་པ་སོགས་ལས།ང་ལ་ངོ་མ་ཚོར་བ་རྣོན་པོ་ཞིག་སྤྲད་སོང།་ང་ཚོའི་སྤྱི་ཚོགས་དང་མི་རིགས་འདི་ལ་གུ་ཡང་གི་འདུ་ཤེས་གང་ཡང་མེད་པའི་ཚོར་བ་ཞིག་དང་།སྒོས་སུ་ང་ཚོ་བོད་ཀྱི་ཤེས་ཡོན་པར་རློམ་མཁན་ཚོ་ལ་ཡིད་ཆེ་དང་བློ་གཏད་མེད་པ་ཞིག་ཆགས་སོང་།
    ངོ་མ་ཡིན།སྤྱིར་ཡིན་ན་ཞོགས་དུང་ཟེར་བའི་མི་འདི་དང་ཁོང་གི་བརྩམ་ཆོས་དག་ནི་གལ་ཆེ་མིན་གང་ཡིན་ཡང་།རིག་པ་སྣེ་མང་དང་བསམ་བློ་འདྲ་མིན་འབྱུང་དགོས་པ་དང་།འབྱུང་ཆོག་པ་སོགས་ནི་སྤྱི་ཚོགས་གང་ཞིག་ལ་དགོས་ངེས་ཀྱི་ཆ་རྐྱེན་དུ་བརྩི་རུང་མོད།ང་ཚོའི་ཤེས་ཡོན་པ་ཚོར་ཡོད་པ་ནི་རང་སྐྱོན་ལ་ངོས་ལེན་བྱེད་མི་ཕོད་པ་དང་གཞན་གྱི་ཡོན་ཏན་ལ་ཁས་ལེན་བྱེད་མི་འདོད་པའི་གོམས་གཤིས་ཨུ་ཚུགས་ཅན་འདི་དག་མངའ་བ་ཁོ་ན་རེད།

    Reply
  7. karmasamten says:
    ལོ་ 16 སྔོན།

    དྲྭ་གྲོགས་ལགས་ཕྲན་གྱི་གྲོགས་པོ་ཞིག་གིས་འོད་འཁོར་གསར་པ་ཞིག་འགྲེམས་སྤེལ་བྱེད་རྩིས་

    ཡོད་པས་བཞས་ཚིག་གིས་མ་འདོངས་བསྟབ་དྲྭ་གྲོགས་ཚོའི་བཞས་ཚིག་རེ་ཞབས་འདེགས་

    ཡོད་ན་༼རྟོགས་སད་ཀྱི་སྨྱུག་བུའི་ཟིན་བྲིས་༽་ནང་དུའགོད་རོག་ཞུ། བརྗོད་བྱ་བོད་ཀྱི་རི་དང་ནགས་ཚལ་ཆུ་སོགས་ལ་བསྟོད་པ་དང་བོད་དོན་དང་འབྲེལ་བའི་སྲིད་ཀྱི་སྐོར་

    གཞན་ཡང་བརྩེ་དུང་གི་སོགས་ཀྱི་སྐོར་བཞི་ཚིག་དང་བརྒྱད་ཚིག་དྲུག་ཚིག་ཅན་སོགས་དགོས་ངེས་ལགས་ན་

    དེ་ལུགས་གྲོགས་པོ་ཚོའི་དུས་ཡུན་ཐུང་ངུ་ནང་འབྲི་གནང་ཡོད་པ་ཞུ།

    འབྲེལ་བ་བྱེད་ཡུལ།

    ཁ་སྤར་ཨང་གྲང། ༨༨༩༤༡༤༨༨༣༨ ཡིན།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese