མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སུན་སྣང་སྐྱེ་དུས་སུ། སྙན་ངག་བྲིས་ན་འགྲིག

བོད། ཤ་ཁྲག་རུས་གསུམ།
༢༠༡༠/༠༩/༢༠
Share on FacebookShare on TwitterShare on EmailShare on Whatsapp

                                                      ་་་་་་་་་་་་་་་་་རྒྱང་རིང་གི་ཁོ་མོར་བྲིས།

སྙན་པོ་ཞིག ངས་སྔ་ས་ནས་ཁྱེད་རང་ལ་བཤད་རྩིས་མ་བྱས
ཉིན་མོ་དེར་ང་རང་དུར་ས་སྙེགས་པའི་ལམ་ཕྲན་སྟེང་དུ་ཡོད
ཡིན་ཡང་ ཁྱེད་རང་གི་ཆེད་དུ
ངས་གང་ཡང་བསམ་མ་འཕོད
དེ་ལྟར ངས་ཧམ་སེམས་ནི་ཀོར་ཐིགས་ཤིག་དང་རྩིས་ཀྱི་མི་ལོངས་པ་ཞིག
ཁྱེད་ལ་ཡང་གྲངས་ཀ་མ་བཤད
གཞན་གྱིས་ཀྱང་འུ་གཉིས་ལ་མ་དྲིས
དེ་ལྟར་བུད་སོང་ཐལ ལོ་ཟླའི་འུ་གཉིས་ལ་མེད་མུག་བཏོན
ཆུ་དང་གཙང་བོའི་འུ་གཉིས་ཀྱི་མྱ་ངན་གྱེར
ཙག་དང་སེར་བས་འུ་གཉིས་ལ་ན་ཟུག་བྱིན

ངོ་མ་བཤད་ན སྙན་ངག་ནི་རང་གི་ལུས་ངག་ཡིད་གསུམ་དུ་བསྒོམ་དུས
ཁྱེད་རང་ངའི་སྙན་ངག་དུ་གྱུར་སོང་
སེམས་བསམ་པའི་གཏིང་རིམ་ནས་ཁྱེད་རང་བཞེངས
ཁ་ཞེ་མེད་པར་ཁྱེད་ཉིད་ཁོ་ན་གླེང་
འཇགས་མི་སྲིད་པའི་དབྱངས་རྟ་ཞིག་ཀྱང་བརྩམས་ཁུལ་བྱས
མི་ཚོགས་ཤིག་གིས ག་ལེར་ང་རང་བརྒྱུད་དེ
ཐག་མི་རིང་བའི་ཁྱེད་ཀྱི་ཉེ་སར་བཅར
མིག་ཟུང་ཀེམ་ཀེམ་གྱིས ཁྱེད་ལ་བལྟས
ཧ་ལས་པའི་ངང་ ཧོན་འཐོར་བའི་ཚུལ་དང་ཉམས་འགྱུར་དེ་ནི
འཇིག་རྟེན་འདིས་སྟེང་ལ་མེ་ཏོག་གསར་བ་ཞིག་བཞད་པ་ལྟར
གློ་བུར་ཏུ གནམ་སའི་བར་ན་ཁྱེད་ལ་གདམས་པ་ཞིག་གིས
དུས་བརྟན་དུ་ལག་གཡུགས་ཁོ་ན་བྱས

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 8

  1. sha tak ri sim says:
    ལོ་ 16 སྔོན།

    སྤུན་ཟླ་ཁྱེད་ཅག་མུ་མཐུད་དུ་འདི་ལྟར་ཕེབས་ནས་རང་རང་གི་བསམ་ཚུལ་ལྷུག་པོར་གསུངས་པ་དེར་སེམས་གཏིང་ནས་དགའ་བཞིན་ཡོད། རྗེས་ཕྱོགས་ཀྱང་སྒོ་ཁ་ནས་སྒུག་ནས་འདུག ཕེབས་རྐྱང་བྱོས། གསུང་རྐྱང་བྱོས།

    Reply
  2. Tentsetso says:
    ལོ་ 16 སྔོན།

    གྲོགས་བོད། ཤ་ཁྲག་རུས་གསུམ་ལགས། ཉིད་ཀྱི་སུན་སྣང་དེ་ཀློག་དུས་བཀླག་མ་ཚར་གོང་སྐྱོ་སྣང་དེ་འདྲའི་ལྕི་བ་ཞིག དེ་དུས་ངས་ཁྱོད་ཀྱི་སྙན་ངག་དེ་མ་བཀླག་ན་དག་དག་ཡིན་བསམ་བྱུང་། དེ་དུས་ངས་ངོ་མི་ཤེས་པའི་ཁྱེད་རང་དོན་མེད་དྲན་བྱུང་། འདི་ཡང་ལས་དབང་ཞིག་དང་ཡང་ན་ཁྱེད་ཀྱི་ཟིན་བྲིས་དུས་རྒྱུན་བཀླགས་པའི་མྱོང་བ་ཞིག་ཡིན་ཤེས་ཆེ། མདོ་དོན་ཧ་ཅང་ཚོར་སྣང་ཟབ་ས་ནས་བྲིས་འདུག

    Reply
  3. phuntsok says:
    ལོ་ 16 སྔོན།

    རེད་ཡ། སུན་སྣང་དང་སེམས་ཁྲལ། སྤྲོ་སྣང་། ཆགས་ཞེན། ཁོང་ཁྲོ་སོགས་ནི་མིའི་འདུ་སྣང་གི་འཇིག་རྟེན་ངོ་མ་དེ་ཡིན་ཕྱིར། སྙན་ངག་ཀྱང་དེ་དག་སྒུལ་ཤུགས་རྣལ་མ་ཞིག་གིས་བསྐྱེད་དགོས་ཚུལ་སྙན་ངག་པ་ཚོས་ནམ་རྒྱུན་གླེང་གི་འདུག

    དེ་ལ་བདེན་ཤོས་ཆེ་ཙམ་འདུག ན་ཟུག་མེད་པའི་སྙན་ངག་ནི་རོ་གོག་སྐམ་པོ་ཞིག་དང་ག་ལ་ཁྱད།་ཧ་ཧ་ཧ་ སྙན་ངག་ཚོར་བ་ཅན་ཞིག་བྲིས་འདུག་

    Reply
  4. lingkalsang says:
    ལོ་ 16 སྔོན།

    སྙན་ངག་ནི་དགའ་སྐྱོ་གཉིས་ཀྱི་ཚོར་བ་བྱུང་སྐབས་འབྲི་བར་འཚམས་ན། སུན་སྣང་སྐྱེ་སྐབས་སྙན་ངག་འབྲི་བའི་ཚོར་བ་ཧ་ཅང་ཤུགས་ཆེ་དེ། སུན་སྣང་དང་ཁེར་རྐྱང་སོགས་ནི་སྙན་ངག་གི་འབྱུང་ཁུངས་རེད་འདོད། ལྷག་པར་ཏུ་དགའ་སྐྱོ་གཉིས་བཤད་པའི་སྐབས་སུ་སུན་སྣང་དང་ཁེར་རྐྱང་སོགས་སྐྱོ་བའི་ཁོངས་སུ་ཡོད་པ་ཤེས་པར་བྱའོ།

    Reply
  5. tenzin9 says:
    ལོ་ 16 སྔོན།

    མཆོད་མེ་ཆུང་ཆུང་ཞིག་གི་འོད་ངོགས་ན་བརྩེ་བཞིན་པའི་མེ་ལྕེབ་ལགས།
    ཁྱོད་ཀྱིས་ལྷབ་ལྷུབ་ཀྱི་གཤོག་པ་ཇི་ལྟར་རྡེབ་རུང་།
    ཞིམ་སྣང་མེད་པའི་དབུ་ཤད་ཅིག་གིས།
    ཁྱོད་ཀྱི་འཇིག་རྟེན་འཕྲེད་དུ་གཤག

    མེ་ལྕེབ་ལགས།
    ལོ་ནག་གི་ཉི་མ་དེར།
    ཁྱོད་དང་ཁྱོད་ཀྱི་ཁོ་མོར།
    བསམ་གཞིགས་སྐྱུར་མོ་ཞིག་གིས་བཞི་ཤད་འཐེན་ནས།
    ཁྱེད་ཉིད་བུད་སོང་བ་མིན་ནམ།

    མེ་ལྕེབ་ལགས།
    དེ་རིང་ཞིམ་སྣང་མེད་པའི་སྐྱོ་རླབས་ཤིག་གིས་ཁྱེད་ཉིད་དེད་དེ།
    སླར་ཡང་ཁྱོད་ཀྱིས་གླེང་བར་འདོད་པ་ནི།
    རྒྱང་རིང་རྒྱང་རིང་ཞིག་ན་འཚོ་བཞིན་པའི།
    ཁ་རྩང་གི་མཛའ་མོ་དེ་རིང་གི་ཨ་མ་དེ་ཡིན་ནམ།

    Reply
  6. tsekyis says:
    ལོ་ 16 སྔོན།

    སྙན་ངག་ནི་དགའ་སྐྱོ་གང་ཡིན་གྱི་ཚོར་སྣང་བྱུང་སྐབས་འབྲི་ན་འོས་ཤིང་མཚམས།
    བསུན་པའི་སྐབས་དེར་སྙན་ངག་ཡོང་མི་སྲིད།
    བསུན་པའི་སྐབས་དེར་བྱ་བ་གང་ཡིན་བསྒྲུབས་མི་ཐུབ།
    བསུན་པའི་སྐབས་དེར་ཁུ་སིམ་མེར་བཞུགས་ན་བདེ།
    བསུན་པ་ནི་སྤྲོ་བ་དང་འདོད་པ་ཉམས་པའི་དོན་ཞིག་ཡིན་པས།
    སྤྲོ་བ་དང་འདོད་པ་ཉམས་ན་སྙན་ངག་ཇི་ལྟར་འབྲི
    འབྲི་བའི་སྐུལ་སློང་མེད་པར་ཡིད་བསུན་ན་སྙན་ངག་ཇི་ལྟར་འབྲི
    དགོངས་པ་ཞིག་བཞེས་དང་།
    ལ་རྒྱ་ཅན།

    Reply
  7. lingkalsang says:
    ལོ་ 16 སྔོན།

    སྙན་ངག་འབྲི་མཁན་མང་ཆེ་ཤོས་ཀྱི་སྙན་ངག་ནི་སུན་སྣང་སྐྱེ་བའི་སྐབས་ཀྱི་སྙན་ངག་ཡིན་པ་འདྲ། སུན་སྣང་ནི་འདྲ་མི་འདྲ་བཅོ་བརྒྱད་ཀྱི་སུན་སྣང་ཡིན་ཆོག་ལ། དཔེར་ན་ཁྱེད་རང་གི་སུན་སྣང་ནི་བརྩེ་དུང་གི་སུན་སྣང་དང་འདྲ་བོ།

    Reply
  8. chok zyl says:
    ལོ་ 16 སྔོན།

    དྲ་གྲོགས་ལགས་སུན་སྣང་སྐྱེ་བའི་སྐབས་ཀྱི་སྙན་ངག་ལབ་ན་ཧ་ཅང་དམའ་དྲག་འདུག
    ཡག་པོ་སྤེལ་འདུག དྲ་གྲོགས་མུ་མཐུན་དུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese