མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྙིང་གཏམ་གྱིས་ང་རང་བསླུས་སོང་།

བོད། ཤ་ཁྲག་རུས་གསུམ།
༢༠༡༠/༡༠/༠༤
Share on FacebookShare on TwitterShare on EmailShare on Whatsapp

དྲན་པའི་གླུ་དབྱངས་རྒྱང་རིང་ནས་བླངས་ཀྱང་།།
གོ་བའི་མི་དེ་དཔག་ཚད་དུ་མ་ཡི་ཆོད་སྟབས།།
འཕྱོ་བའི་རླབས་ཀྱི་མཚོ་མོའི་བཞུར་སྒྲ་ལ་ཉན་ཞོར།།
ནང་གི་ཤེས་པ་དྭངས་པའི་མཚོ་མོ་ལ་སྤྲིངས་ཡིན།།

ལས་ཀྱི་དབང་ཐང་མི་གཅིག་གནམ་འོག་གི་འཚོ་བ།།
བསམ་པའི་འཁྱེར་སོ་མི་གཅིག་རིག་གཞུང་གི་གོམས་གཤིས།།
ཡིན་ཡང་ཁྱིམ་གཅིག་བསྡུས་པ་སྔོན་ལས་ཀྱི་འཕྲོ་མ།།
འདི་ཉིད་སྲུང་དེ་དུས་ཡུན་ཅི་ཙམ་ཞིག་འཁྱོལ་ཡོང་།།

གྲོགས་ཀྱི་མཛའ་བརྩེ་ཟབ་མོས་ཚུར་ཚུར་དུ་འཛོམ་ནས།།
སེམས་ཀྱི་དུངས་པ་དྲོན་མོ་སྙིང་ཁ་ནས་ཐོན་ཞོར།།
མ་འོངས་བོད་ཀྱི་མདུན་མ་ཅི་འདོད་ཀྱིས་གླེང་དུས།།
རིགས་ཀྱི་དུངས་ཞེན་སྲ་མོ་རྣོ་ལྕགས་ལས་མཁྲེགས་སོང་།།

ཕྱི་རོལ་ཁམས་ན་རང་སེམས་བསྡུས་འགྱུར་ལ་ཕན་པའི།།
ནང་གི་དུངས་པ་འདྲེན་པའི་ཟས་མཆོག་ནི་དཀོན་པ།།
ཀུན་གྱི་ཁ་ན་གཅིག་གྲགས་དབང་མེད་དུ་བཞུར་ཡང་།།
ཁུ་བའི་ཁྲག་རྒྱུན་ཞིག་གི་ས་བོན་ལ་ཐོག་འདུག།

ཡུན་རིང་གཤིབ་ཀྱང་སེམས་ཀྱི་བསྟེན་ས་རང་མི་ཉན།།
ཁྱིམ་གཅིག་ལྷན་དུ་ཡོད་ཀྱང་རང་དབང་དེ་དཀོན་པའི།།
གར་འགྲོ་གར་འདུག་ཡོད་ཚད་གཞན་ངོ་ནས་འཐུ་དུས།།
བོད་ཀྱི་རང་དབང་གོར་མོའི་བཟའ་ཚོ་ལ་སྨོན་སོང་།།

ཚུར་ལ་སྙིང་གི་འཕར་ལྡིང་གང་འདོད་དུ་སྨྲ་བའི།།
གྲོགས་ཀྱི་བདེན་པ་གོར་མོ་སེམས་གཏིང་དུ་ཟེགས་དུས།།
དབུགས་རིང་སྟོང་གི་ནད་ཚའི་བྲང་ཁོག་རང་གཤེགས་དེ།།
ང་ཡིས་ཁོ་རང་བཟི་བའི་སྤུ་ཆང་ཞིག་འདྲེན་འདོད།།

ཆང་ཞིག་འཐུང་ནས་སེམས་ཀྱི་སྡུག་བསྔལ་ཞིག་སེལ་ན།།
གཏམ་ཞིག་བཤད་ནས་སེམས་ཀྱི་སྐྱོ་བ་རང་སངས་ན།།
ལྷན་དུ་འཛོམ་ནས་སེམས་ཀྱི་སྤྲོ་སྣང་རང་ཞིག་ཡོད་ན།།
ཡང་ཡང་ང་རང་ཁྱེད་ཀྱི་ཁོར་ཡུག་ནས་འཚོ་ཆོག།

རྒྱུ་དང་འབྱོར་བའི་བདག་པོ་ང་རང་ནི་མིན་ཡང་།།
དུས་དང་ནམ་ཀུན་ཁོམ་པ་གང་འདོད་ཅིག་མེད་ཀྱང་།།
བར་དང་གསེང་ནས་དུས་ཚོད་སྟོང་བ་ཞིག་རེག་དུས།།
སྙིང་གི་རྩ་ལམ་གཤེགས་རྒྱུར་ང་རང་ལ་ཡོད་དོ།།

འབྲེལ་ཡོད་གསར་འགྱུར།

LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

ཆུ་ཚོད་ ༢ སྔོན་ལ།
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

ཆུ་ཚོད་ ༦ སྔོན་ལ།
Mobile App

ཕ་སྤྲེའུ་དང་མ་བྲག་སྲིན་གྱི་གཏམ་རྒྱུད་ལས་མཆེད་པའི་མེས་པོའི་ཞལ་ཆེམས་གླེང་བ།

༢༠༢༦/༠༦/༠༤
TT
Mobile App

ལོ་འཁོར་སྙན་ཐོ་དང་བོད་ནང་གི་ཆོས་དད་རང་དབང་གི་དམིགས་བསལ་སྙན་ཐོ་ཞིག་འདོན་སྤེལ་གནང་སོང་།

༢༠༢༦/༠༦/༠༤
tttt
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཀ་ན་ཊ་ཀའི་སྤྱི་ཁྱབ་བློན་ཆེན་མཆོག་ལ་འཚམས་འདྲིའི་གསུང་འཕྲིན་བསྩལ། 

༢༠༢༦/༠༦/༠༤
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བོད་ལ་ཕེབས་རྒྱུའི་ཐུགས་རེ་ཡོད། 

༢༠༢༦/༠༦/༠༤

མཆན། 5

  1. sha tak ri sim says:
    ལོ་ 16 སྔོན།

    ལས་བྲས་ལགས། ལས་འབྲས་ཡིན་རྒྱུ་རེད། གང་ལྟར་སྐུ་ཉིད་འདི་རུ་ཕེབས་པ་དང་བོ་ཡིན། དགའ་ནས་ཡོད། རྗེས་ཕྱོགས་ཡོང་གི་བསྡོད། ད་དུང་ཉིད་ཀྱིས་རེ་སྐུལ་དེར་དགའ་བསུ་ཡོད་ལ། སེམས་ཤུགས་དེ་འདྲ་ལ་ནམ་ཡང་འགྱུར་མེད་དུ་གནས་པར་སྨོན།

    གཅན་བཟོད་རྒྱམ་ལགས། ཡུན་རིང་གི་རྗེས་སུ་ཕེབས་པ་དགའ་ཡོད།

    ཁོམ་དུས་ལྷོད་དུས་སྐོར་རེ་བྱེད་ཀི་བསྡོད།།
    འདུག་ཞོར་བསྡོད་ཞོར་མིག་ཉུལ་བྱེད་ཀི་བསྡོད།།
    གླེང་ཞོར་འདྲུད་ཞོར་སེམས་པ་བརླན་རྐྱང་བྱོས།།
    རིགས་ཀྱི་ཞེན་པ་ནམ་ཡང་གཅིག་མཚུངས་ཡིན།།

    ནཱ་གྷཱ་རཀྵ་ལགས། བལ་ཡུལ་གཞུང་ལ་ཚིག་ངན་བརྗོད་པ་ཙམ་གྱིས་གང་ཡང་མི་ཡོང་། དེ་ལས་དངོས་ནས་བོད་མི་དག་གིས་རང་ས་མེད་པའི་དཀའ་ངལ་དངོས་དེ་ལ་གདོང་ལེན་བྱེད་པའི་འགོ་འཛུགས་རན་རེད་ལགས། གང་ལྟར། སྐུ་ཉིད་འདི་རུ་ཕེབས་པ་དགའ་ནས་ཡོད།

    Reply
  2. lingkalsang says:
    ལོ་ 16 སྔོན།

    བོད་ཤ་ཁྲག་ལགས། གུང་སེང་སྐྱིད་པོ་ཞིག་བྱུང་ཡོད་པར་སྨོན། སྙམ་རྩོམ་དགུ་ཐུག་འདྲ་ཞིག་བྲིས་གནང་འདུག ང་ཚོས་བལ་ཡུལ་གཞུང་ལ་གཤེ་གཤེ་གཏོང་བཞིན་པའི་སྒང་ཡིན།

    Reply
  3. chentsasopa says:
    ལོ་ 16 སྔོན།

    ཤ་རུས་ཁྲག་གསུམ་ལགས། ཡུན་རིང་ཡོང་ཐུབ་མ་སོང་། བདེ་མོ་ཡིན་ནམ།

    ཚིག་གི་སྦྱོར་བ་ཚིག་གི་ཡང་རྩེ་ན་འདུར་གྱིན།།

    དོན་གྱི་གཏད་སོ་སེམས་ཀྱི་གཏིང་རིམ་ནས་མངོན་འདུག།།

    མ་འོངས་འཚོ་གནས་སྙིང་གི་དཀྱིལ་དབུས་ནས་བསམ་བཞིན།།

    རིགས་ཞེན་དུང་བ་ཞིག་གིས་སེམས་ཁྲེལ་ལ་གཏད་འདུག།

    Reply
  4. kelsang9 says:
    ལོ་ 16 སྔོན།

    ཕ་ས་གཞན་ལག་ཤོར་བ་བདེན་སྲིད་ཀྱང་།།ཕ་སྐད་གཞན་ལག་ཤོར་བ་ཅང་མི་བདེན།།
    ཕ་སྐད་རང་ལག་ཡོད་པའི་ཕ་བཟང་བུ།།ཕ་སྐད་མ་ཉམས་རྒྱུད་འཛིན་བྱེད་ལ་རིམ།།
    ཕ་ནོར་གཞན་གྱིས་འཕྲོག་པ་བདེན་སྲིད་ཀྱང་།།ཕ་མའི་སྲོལ་བཟང་འཕྲོག་པ་ཅང་མི་བདེན།།
    ཕ་བཟང་བོད་པའི་བུ་ཞིག་ཡིན་ངེས་ན།།ཕ་མའི་སྲོལ་རྒྱུན་བཟང་པོ་འཛིན་ལ་རིམ།།ས
    ཕ་མགོ་གཞན་གྱིས་སྐོར་བ་བདེན་སྲིད་ཀྱང་།ཕ་བུའི་དམ་ཚིག་དཀྲུག་པ་ཅང་མི་བདེན།།
    ཕ་བཟང་ལ་རྒྱ་ལྡན་པའི་བུ་ཡིན་ན།།ཕ་བུའི་དམ་ཚིག་སྙིང་གི་དཀྱིལ་་དུ་ཆོངས།།
    ཕ་གཅིག་སྤྲིའུ་བྱང་སེམས་རྒྱུད་གཅིག་དང་།།ཕ་སྐད་ཀ་མེད་སུམ་བཅུ་གཅིག་སྟེན་པ།།
    ཕ་གཅིག་མ་གཅིག་ཆོལ་གསུམ་བུ་སྤུན་གསུམ།།ཕ་མེས་ཁྱིམ་ཚང་གཅིག་འདི་བསྐྱངས་ལ་རིམ།།

    Reply
  5. kelsang9 says:
    ལོ་ 16 སྔོན།

    ཤ་རུས་ཁྲག་གསུམ་གྱི་མི་རིགས་ཀྱི་ལས་དབང་དང་ཕ་མ་བུ་གསུམ་གྱི་མཛའ་བརྩེ་སོགས་དུས་དང་རྣམ་པ་ཀུན་ཏུ་བྲལ་མེད་པ་གནས་དགོས།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese