མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཕྱིར་རང་ལ་ཞིབ་དུ་བལྟས་དུས།

བོད། ཤ་ཁྲག་རུས་གསུམ།
༢༠༡༠/༡༢/༠༤
Share on FacebookShare on TwitterShare on EmailShare on Whatsapp

སྐྱེ་དུས་སུ་ངའི་རང་ངོ་མི་ཤེས་ཟེར་ན་འགྲིག ད་དུང་། སྐད་ཆ་ཡང་བཤད་ག་ལ་ཤེས། གཅིག་ཤེས་པ་དེ་ནི་ངུ་རྒྱུ་དེ་རེད། ལྟོགས་པའི་ཚེ་ན་ངུ་། དགའ་བའི་ཚེ་ན་དགོད། དགའ་སྐྱོ་ཆགས་སྡང་ནི་རང་ལག་དུ་ཡོད་པ་རེད། གཅིག་མི་ཤེས་པ་དེ་ནི་རང་ངོ་རེད་ལ། སྐད་ཡིག་གང་གི་ཁུངས་སུ་ཡང་མི་གཏོགས་པའི་མི་བུ་ཞིག་རེད།

ལོ་ཟླ་རིམ་འདས་ཀྱི་རྗེས་སུ། ངས་སྐད་ཆ་བཤད་། སྐད་ཆ་དེ་ནི་བོད་སྐད་རེད། རྒྱུ་མཚན་ནི་ངའི་ཕ་མ་གཉིས་ཀ་བོད་མི་རེད། ཁོང་རྣམ་པ་གཉིས་ཀྱིས་ང་ལ་བསླབ་པ་དེ་ཡང་བོད་སྐད་ལས་གཞན་ཞིག་གང་དུ་ཡོད། དེ་ནས་བཟུང་ངས་བཤད་ཤེས་པའི་སྐད་ཐོག་མ་དེ་ནི་བོད་སྐད་ཡིན་ལ། ང་ལ་བོད་པའི་རྣམ་ཤེས་ཤིག་ཡོད་པ་དེ་ནས་བཟུང་ངེས་འཛིན་བྱས་ན་འགྲིག་པ་ཡིན།

ལོ་ཟླའི་གནས་བབ་དང་། བྱིས་པའི་ལོ་ཚད་དང་བསྟུན་ནས་ངའི་ཕ་མ་གཉིས་ཀྱིས་ང་རང་སློབ་གྲྭ་ཞིག་ལ་བསྔགས། སློབ་གྲྭ་དེ་ནས་ཀྱང་ངས་བོད་ཀྱི་སྐད་ཡིག་སྤྱངས། ང་རང་ཡང་བོད་ཀྱི་སྐད་ཡིག་ལ་དགའ་བའི་མི་བུ་ཆུང་ཆུང་ཞིག་དུ་གྱུར། དེ་ནས་བཟུང་། ང་རང་གི་ཤེས་པ་དེ་ནི་བོད་ཡིག་རེད། ངས་ཀྱང་རང་ཉིད་ལ་དབང་བའི་སྐད་ཡིག་ནི་བོད་ཀྱི་སྐད་དང་ཡི་གེ་ཡིན་པ་ཤེས་པའི་ལམ་ཕྲན་དང་བོ་དེ་ནས་བྱུང་།

ལམ་ཕྲན་དེ་ནས་ང་རང་ག་ལེར་སོང་དུས། ང་ལ་ང་ལས་ལྷག་པའི་རིན་ཐང་ཞིག་ཡོད་པ་ཤེས་སོང་། དེ་ནི་ང་རང་གི་སྐད་ཡིག་ལས་རྙེད་པའི་མི་བུའི་འདུ་ཤེས་དང་། མི་བུའི་བསམ་བློ། མི་བུའི་ནུས་པ། མི་བུའི་གོ་རྟོགས། མི་བུའི་མདུན་པ། དེ་དག་གི་གསང་དུ་ཡང་། གསང་བའི་ཡིག་འབྲུ་ལས་འབུར་བའི་བསྐལ་བ་སྟོང་གི་གསེར་སྲང་གི་བཞེང་བའི་གཙུག་ལག་གི་གླེག་བམ་ཆེས་མི་ཉུང་བ་ཞིག་མིག་ལམ་དུ་ཤར་ནས་འོང་དུས། རང་ཉིད་ཀྱི་འགན་འཁྲི་ནི་རང་གི་ཚེ་སྲོག་ལས་ཀྱང་ལྕི་བ་ཤེས་སུ་བཅུགས།

སྐབས་འདི་འདྲ་ཞིག་ལ། བར་ཆད་ཀྱི་རླུང་འཚུབ་ཅིག་གིས། སྡོང་ལཽ་འདྲ་བའི་ང་ཡི་མི་ཚེ་ལ་སྐད་ཅིག་རེ་རེ་བཞིན། མི་འདོད་ཀྱང་ལྡོག་དུ་མེད་པའི་འགྱུར་བ་ཆེན་པོ་བྱུང་། དེ་ནས་བཟུང་། ངས་བཤད་དགོས་པ་དེ་ཡང་རང་ཉིད་ཆུང་ནས་བསླབ་པའི་སྐད་ཡིག་དེ་མིན་ལ། རང་ཉིད་ཆུང་ནས་འདྲིས་པའི་ཤ་གསེང་རུས་གསེང་ལ་འཇར་བའི་རྩམ་དྲི་འཐིལ་བའི་བོད་སྐད་དེ་མིན། ཡིན་ཡང་། ངས་ཉིན་རེ་བཞིན་སྤྱོད་ཀྱིན་པ་དེ་ནི་མི་བུ་གཞན་ཞིག་གི་ཐོབ་ཐང་དང་བདག་དབང་ཡོད་པའི་སྐད་ཡིག་ཞིག་དུ་གྱུར་ཡོད་ཀྱང་། དེ་ཡིས་ང་ལ་བརྩེ་བ་སྟེར་ཐུབ་ཀྱི་མི་འདུག་ལ། དེ་ཡིས་ང་ལ་ནམ་ཡང་སེམས་པ་བརླན་ཐུབ་ཀྱི་མི་འདུག ད་དུང་། དེ་ཡིས་ང་རང་བོད་མི་ཡིན་པའི་བདེན་དབང་དེ་ཡིན་བྱེད་ཐུབ་མ་སོང་།

འབྲེལ་ཡོད་གསར་འགྱུར།

Mobile App

དྷ་ས་ནས་རྒྱ་མི་ཞིག་གསང་ཉུལ་བའི་དོགས་གཞིའི་འོག་འཛིན་བཟུང་བྱས་འདུག

ཆུ་ཚོད་ ༢ སྔོན་ལ།
Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

༢༠༢༦/༠༢/༠༢
Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

༢༠༢༦/༠༢/༠༡
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠
གསར་འགྱུར།

འབའ་ཁྲི་བློ་བཟང་ལུང་རིགས་ལགས་འཛིན་བཟུང་བྱས་འདུག

༢༠༢༦/༠༡/༣༠
གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཞེ་ཆེན་དགོན་དུ་ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་པ། ༢༠༢༥།༡།༢༩ དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག 

༢༠༢༦/༠༡/༢༩

མཆན། 7

  1. snowyson says:
    ལོ་ 15 སྔོན།

    སྤུན་ཟླ་ལགས། ཁྱེད་ཀྱི་ཟིན་བྲིས་འདིས་ངའི་ཡིད་དབང་འཕྲོགས་སོང་།

    Reply
  2. sha tak ri sim says:
    ལོ་ 15 སྔོན།

    སྤུན་ཟླ་ཁྱེད་ཅག་རེ་རེ་བཞིན་ཕེབས་ནས། ང་དང་སེམས་ངོགས་ཀྱི་གཏམ་རྒྱུད་ལ་བསམ་ཚུལ་རེ་གསུངས་པ་དེར་དགའ་གུས་ཡོད། སྤུན་ཟླ་ཁྱེད་ཅག་གིས་ཀྱང་དེ་ལྟར་གསུང་དང་། ངས་ཀྱང་དགའ་གུས་ཚད་མེད་ཞུ་ཆོག

    Reply
  3. Gkangdak says:
    ལོ་ 15 སྔོན།

    བོད། ཤ་ཁྲག་རུས་གསུམ་ལགས་།
    བཀླགས་ཟིན་ཡག་པོ་འདུག

    Reply
  4. adumikchu says:
    ལོ་ 15 སྔོན།

    ཨོ་ང་ཡང་མགྲོན་པོ་གསར་བ་ཞིག་ཡིན། རྩོམ་ཡིག་བཀླགས་ཟིན་པ་ཡིན། ངའི་ཟིན་བྲིས་སུ་ཕེབས་ནའང་དགའ་བསུ་ཞུ་བཞིན་ཡོད།

    Reply
  5. dongbu says:
    ལོ་ 15 སྔོན།

    གཞན་རྟེན་གྱི་འཚོ་བ་པང་དུ་ལངས་ཤུལ་ན།
    ང་ཚོ་ལ་རང་ཉིད་གྱི་མིན་པའི་འཚོ་སྟངས་ཤིག་དང།
    ང་ཚོ་ལ་རང་ཉིད་གྱི་མིན་པའི་བཤད་སྟངས་ཤིག
    འདི་དག་བདེན་དཔང་མིན་ལ།
    འདི་དག་གིས་བདེན་དཔང་ཡང་བྱེད་མི་ཐུབ།

    འོན་ཀྱང་ཁྲག་རྒྱུན་ན་ཡོད་པའི་རྒྱུ་བ་རྣལ་མ་དེ་དང།
    སེམས་ཁོང་ཡོད་པའི་འདུ་ཤེས་རྣལ་མ་དེ་གཉིས།
    ཁྱེད་རང་ཁྱེད་རང་ཡིན་པའི་བདེན་དཔང་ཡིན་ལ།
    ང་རང་ང་རང་ཡིན་པའི་བདེན་དཔང་ཡང་ཡིན།
    བདེན་དཔང་འདི་ནི་འུ་གཉིས་ཀྱི་ཐུན་མོང་བའི་འཇུ་ཐག་ཡིན།

    Reply
  6. sha tak ri sim says:
    ལོ་ 15 སྔོན།

    དཔའ་ཆེན་དོན་གྲུབ་ལགས། ཕེབས་པ་དགའ་ཡོད། ཉིད་རང་སྐུ་མགྲོན་གསར་བ་ཞིག་རེད། དུས་རྒྱུན་དུ་ཕེབས་རྐྱང་བྱོས། སྒོ་ཕྱེ་ནས་བཞག་ཡོད།

    Reply
  7. dorjie says:
    ལོ་ 15 སྔོན།

    བཀླགས་པ་ཡིན། ཅིག་གོ་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese