མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དུས་རབས་ཀྱི་མི་དང་དུས་རབས་ཀྱི་བོད་མིའི་བར་ཁྱད་མདོར་ཞིག

བོད། ཤ་ཁྲག་རུས་གསུམ།
༢༠༡༡/༡༢/༢༤
Share on FacebookShare on TwitterShare on EmailShare on Whatsapp

 

འདུ་ཤེས་ཟེར་བ་ནི་མིའི་སེམས་རྒྱུད་དུ་ཇི་ལྟར་འཛུལ་གྱི་ཡོད་མེད་ཀྱི་སྐོར་ནས་རང་ཉིད་ལ་བལྟས་དེ་ཞིབ་དུ་བལྟས་དུས། རང་ཉིད་གང་ལ་དགའ་བ་དེ་ཡི་ཕྱོགས་སུ་འབད་འབུངས་བྱེད་པ་དང་དེ་ལ་འཇུག་པར་སྤྲོ་བའི་སྔ་ཕྱི་བར་གསུམ་ལ་བསམ་བློ་བཏང་ནས་བཤད་དགོས་པར་སྙམ། མི་ཞིག་གིས་རང་ཉིད་ཀྱི་འཚོ་བའི་འགྲུལ་བཞུད་ཀྱི་སྔ་གཞུག་དང་རང་ཉིད་ཀྱི་གང་སྤྱངས་པ་དང་གང་མཐོང་བ། གང་ཤེས་པ་བཅས་ནི་གཏམ་གླེང་འདིའི་ཆ་རྐྱེན་རེད། དེས་ན་དེང་དུས་སུ་དུས་རབས་ཟེར་ནས་གླེང་བར་སྤྲོ་བ་དང་མི་རིགས་ཟེར་ནས་ལ་རྒྱ་ལ་དགའ་བའི་མི་ཞིག་གི་ངོས་ནས་བཤད་ན། ཐོག་མར་རང་ཉིད་གང་ནས་སྐྱེ་བའི་མི་རིགས་དེ་ཡི་འདས་མ་ད་གསུམ་ལ་རྒྱུས་མངའ་ཕུལ་དུ་བྱུང་བ་མེད་ཀྱང་། གོ་མྱོང་ཐོས་མྱོང་དང་རང་ཉིད་ཀྱང་དེར་འབྲེལ་འདྲིས་ཆེས་མི་དམན་པ་ཞིག་བྱུང་དགོས་པ་དེ་ནི་མི་རིགས་དེ་ཉིད་ཆགས་པའི་སྔོན་འགྲོའི་ཆ་རྐྱེན་རེད།

 

རང་ཉིད་བོད་མི་ཞིག་ཡིན་པ་དང་བོད་མི་ཞིག་བྱེད་པ་དང་དུས་རབས་དང་མཐུན་པའི་བོད་མི་ཞིག་བྱེད་པ་ལ་ཆ་རྐྱེན་གང་དགོས་པར་དུས་རྒྱུན་དུ་རང་གིས་རང་དང་ཉེ་འཁྲིས་རྒྱང་རིང་གི་གྲོགས་པོ་དག་ལ་གླེང་སློང་བྱེད་པར་སྤྲོ་བ་ཡིན་དུས། དེ་རིང་འདི་ནས་གླེང་གཞི་གཙོ་བོ་ནི། དུས་རབས་དང་འཚམ་པའི་བོད་མི་ཞིག་ཇི་ལྟར་བྱེད་དགོས་མིན་དེ་ཡི་སྐོར་ནས་ཐུང་ཐུང་ཞིག རིགས་རུས་ཀྱི་འབྲེལ་ཐག་དམ་པའི་ཁ་བ་རི་བོའི་རྗེས་རབས་པ། བོད་ཡིག་གི་ལྗགས་ཕྱེ་ལ་གོམ་པའི་སྤུན་ཟླ་དག་ལ་འབུལ། མི་ཞིག་དང་མི་རིགས་ཤིག་ཇི་ལྟར་བྱེད་རྒྱུ་ཡིན་དེ་གཉིས་ཀྱི་གོང་ནས་མི་ཞིག་བྱེད་པ་ནི། ཆེས་སླ་བོ་ཞིག་མིན་ན་ཡང་། དེ་འདྲའི་དཀའ་ཚེགས་ཡོད་པ་ཞིག་མ་རེད། དེ་ནི་རང་ཉིད་གང་ལ་འཐིམ་ན་འཐིམ་དུ་བཅུགས་ནས་དེ་ཡི་ཁྲོད་ནས་གང་ཞིག་ཤེས་པ་དང་འཇོན་པ་དེ་ཉིད་དང་དུ་ལེན་རྒྱུ་དེ་ཡིན། དེས་ན་ཕྱི་མ་བོད་མི་ཞིག་བྱེད་པའི་སྐད་ཆ་ནི། མི་ཞིག་བྱེད་པ་ལས་ཀྱང་དཀའ་ཚེགས་ཆེ་བའི་གནད་ཅིག་ཆགས་ནས་ཡོད།

 

ཐོག་མར་བོད་མི་ཟེར་བ་འདི་ལ་འགྲོ་བ་གཞན་དག་དང་འདྲ་བའི་རང་བདག་གི་ཁྱིམ་ཞིག་ད་ལྟའི་འཆར་མེད་པ་ཡིན་དུས། འགྲོ་བ་མི་གཞན་དག་གི་སྐད་དང་ཡི་གེ་ཡི་བཀོལ་སྤྱོད་ལ་མགོ་སྒུར་ནས་འཚོ་བ་རོལ་བའི་དུས་ཤིགས་ཆགས་ཡོད་དུས། འཚོ་བའི་དགོས་འཁོ་ནས་གླེང་དུས། རང་མི་རིགས་ཀྱི་སྐད་དང་ཡི་གེ་ཤེས་པ་དེ་ཁོ་ནའི་དུས་རབས་ཀྱི་མི་ཡི་རྗེས་ཟིན་པར་དཀའ་ངལ་ཆགས་ཡོད། རང་མི་རིགས་ཀྱི་སྐད་དང་ཡི་གེ་ཤེས་པ་དེ་ཙམ་གྱིས་དུས་རབས་ཀྱི་མི་ཡི་རྗེས་ཟིན་གྱི་མེད། དེ་ཡིན་དུས་སུ་དུས་རབས་ཀྱི་བོད་མི་ཞིག་བྱེད་པ་ལ། མ་མཐའི་ཆ་རྐྱེན་ནི་སྐད་ཡིག་གཉིས་ཕུལ་དུ་བྱང་བ་ཞིག་མ་ཤེས་ན། ཟས་གོས་ངན་ངོན་དང་འཚོ་བ་འདྲ་མཉམ་ཞིག་རོལ་བ་ལ་དཀའ་ངལ་འཕྲད་ཀྱི་ཡོད་པ་དེ་ནི་དངོས་ཡོད་ཆགས་ཡོད། དེ་ཡིན་དུས་དུས་རབས་ཀྱི་བོད་མི་ཞིག་བྱེད་པ་ལ་རང་གི་མི་རིགས་ཀྱི་སྐད་དང་ཡི་གེ་ཐོག་མར་ཤེས་པ་མ་ཟད། རང་མི་རིགས་ཀྱི་སྲོལ་རྒྱུན་དང་ཡ་རབས་གོམ་གཤིས་བཟང་བོའི་གྲུབ་འབྲས་དེ་དག་ལ་ངེས་ཟིན་ཡོད་པའི་སྒོ་ནས། རང་ཉིད་གང་དུ་གནས་སུ་གཏོགས་པའི་ཁྱིམ་ཚང་དེ་ཡི་སྐད་ཡིག་ཤེས་དགོས་པ་ནི་སྨྲོས་མེད་ཅིག་ཆགས་ཡོད། དེ་ལྟར་ཤེས་པ་ཡིན་ན་གཟོད་ནས་དུས་རབས་ཀྱི་བོད་མི་ཞིག་བྱེད་པ་ལ་ཆ་རྐྱེན་ཚང་ཡོད། ཆ་རྐྱེན་དེ་དག་ཚང་བའི་སྒོ་ནས་མི་རིགས་ཀྱི་ལ་རྒྱ་ཟེར་ནས་ཁོང་དབུང་དེ་ཉིད་འཛིན་པར་འགན་འཁུར་ཐུབ་མིན་དེ་ནི་སྐྱེ་བུ་སོ་སོའི་སེམས་ཀྱི་འདུ་ཤེས་དང་གོ་རྟོགས། སད་སྟོབས་ཀྱི་སྤོབས་པ་བཅས་ལ་རེག་ལས་ཀྱི་ཡོད་པ་ཡིན་ཞེས་བསྒྲགས་པ་ཡིན།

འབྲེལ་ཡོད་གསར་འགྱུར།

པར་མིས་བཟོས་རིག་ནུས་ཀྱིས་བསྒྲིགས།
Editorials

ང་ཚོའི་སྨྲ་ལྕེར་གསོན་ཤུགས་རྒྱས་ཀྱིན་འདུག

ཆུ་ཚོད་ ༢ སྔོན་ལ།
Mobile App

ཆབ་སྲིད་དགོད་བརྙན་དང་དམར་པོའི་ཞི་འཐབ། ཀྲུང་ནན་ཧེ་[i]ཡི་“འཐབ་ཇུས་སྦྲིད་སྨན”།

༢༠༢༦/༠༩/༡༩
 ནང་སྲིད་བཀའ་བློན་དཔལ་ལྡན་དོན་འགྲུབ་མཆོག་གིསལན་འདེབས་གསལ་བཤད་གནང་བཞིན་པ།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

དྷ་སའི་སྡོད་ཁང་ ༢༡༨ ཀྱི་དཀའ་ངལ་གསལ་ཐབས་གནང་རྒྱུ་ཡིན་འདུག 

༢༠༢༦/༠༩/༡༩
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་གསུམ་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༩།༡༨
Mobile App

སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་གཉིས་ཟགས་པ་དང་གཅིག་སྤྱི་མོས་གཏན་འབེབས་བྱུང་། 

༢༠༢༦/༠༩/༡༨
ཕྱི་སྲིད་ལྷན་ཁང་གི་པར།
གསར་འགྱུར།

ཊོམ་དང་ཞི་གཉིས་ཀྱི་མཇལ་འཕྲད་སྐབས་གླེང་སློང་བྱེད་སྲིད་པའི་གནད་དོན་བཅུ།

༢༠༢༦/༠༩/༡༨
Anthropic-threat-intelligence-report-september-2026
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚམས་ལས་བརྒལ་བའི་དྲ་རྒྱའི་དྲག་གནོན་ལག་བསྟར་བྱེད་བཞིན་འདུག

༢༠༢༦/༠༩/༡༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese