མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་ལ་མང་གཙོ་འཚམ་པོ་མེད།

བོད་ཀྱི་དུས་བབ།
༢༠༡༤/༠༤/༠༤
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས་ཕྱི་རྒྱལ་གྱི་སློབ་མ་ཚོར་རྒྱ་ནག་ལ་མང་གཙོའི་ལམ་ལུཊ་འཚམ་པོ་མེད་སྐོར་བརྗོད་འདུག

ཁ་སང་ཕྱི་ཚེས་ ༢ ཉིན་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས་སྦེལ་ཇམ་གྱི་གྲོང་ཁྱེར་བྷུར་ཇེའི་ (Bruges) དུ་ཡོད་པའི་ཡུ་རོབ་མཐོ་སློབ་ཀྱི་སློབ་མ་ཚོར་གཏམ་བཤད་སྤེལ་སྐབས། དེ་སྔོན་རྒྱ་ནག་ནང་ཆབ་སྲིད་ཚོགས་པ་མང་པོ་ཡོད་པའི་མང་གཙོ་ལག་བསྟར་བྱས་ཀྱང་གྲུབ་འབྲས་མ་བྱུང་སྟབས། རྗེས་སུ་དམར་པོའི་ལམ་ལུགས་ལག་བསྟར་བྱས་པ་ཡིན་སྐོར་བརྗོད་འདུག

ཞི་ཅིན་ཕིན་གྱིས་སློབ་མ་ཚོར། “ང་ཚོས་རྒྱལ་ཁབ་གཞན་གྱི་ཆབ་སྲིད་དང་དཔལ་འབྱོར་ལམ་ལུགས་ལ་ལད་ཟློས་བྱས་ཏེ་བཅོས་བསྒྱུར་གཏོང་གི་མེད། རྒྱུ་མཚན་ནི་ལམ་ལུགས་དེ་དག་ང་ཚོར་འཚམ་པོ་མེད་སྟབས། ལག་བསྟར་བྱེད་ཀྱི་མེད། རྒྱ་ནག་གིས་རིག་གཞུང་དང་ལོ་རྒྱུས། གནས་སྟངས་སོགས་ལ་ཞིབ་འཇུག་བྱས་ཏེ་རང་དང་འཚམ་པའི་ལམ་ལུགས་ཤིག་ལག་བསྟར་བྱེད་བཞིན་ཡོད། ”ཅེས་བརྗོད་འདུག

མང་ཚོཊ་ལ་གཏམ་བཤད་སྤེལ་སྐབས་ཁོས། ༡༩༡༡ ལོར་སུང་ཀྲུང་ཧྲན་གྱིས་ལོ་སྟོང་ཕྲག་མང་པོའི་ལོ་རྒྱུས་ཡོད་པའི་མི་གཅིག་རྒྱལ་པོའི་རིང་ལུགས་གཏོར་བཅོམ་བཏང་སྟེ། རྒྱ་ནག་ནང་ཆབ་སྲིད་ལམ་ལུགས་གསར་པ་ཞིག་གསར་གཏོད་བྱས་ཡོད་པ་དང་། རྒྱལ་ལྡན་མང་གཙོ་དང་ཆབ་སྲིད་ཚོགས་པ་མང་པོ་ཡོད་པའི་གྲོས་ཚོགས་དང་། སྲིད་འཛིན་ལམ་ལུགས་སོགས་ལག་བསྟར་བྱས་ཀྱང་དོན་འབྲས་བྱུང་མེད་སྟབས། སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་དོན་འཁྱོལ་བྱས་པ་ཡིན་སྐོར་བརྗོད་འདུག

ཁོས་མུ་མཐུད་དུ་ “ ང་ཚོས་སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་དར་སྤེལ་བཏང་བ་དང་མཉམ་དུ་ཚབས་ཆེའི་ནོར་འཁྲུལ་མང་པོ་ཤོར་ཡོད། རྒྱ་ནག་དམར་ཤོག་ཚོགས་པ་གསར་འཛུགས་བྱེད་མཁན་མའོ་ཙེ་ཏུང་གིས་རིག་གནས་གསར་བརྗེ་ཆེན་མོ་སྤེལ་ཏེ་ཉེས་མེད་མི་སེར་ས་ཡ་མང་པོ་དམར་གསོད་བཏང་ཡོད། ཏིང་ཞོ་ཕིན་གྱིས་བཅོས་བསྒྱུར་སྒོ་འབྱེད་ལག་བསྟར་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དར་སྤེལ་དང་འབྲེལ་དཔལ་འབྱོར་དང་ཆབ་སྲིད་ཐོག་གུ་ཡངས་སྤྲད་པ་དང་། རྒྱ་ནག་མི་རིགས་ཀྱི་བསམ་བློའི་འཁྱེར་སོ་དང་། ཆབ་སྲིད་རིག་གཞུང་དང་འཚམ་པའི་ལམ་ལུགས་གསར་གཏོད་ཀྱིས་དེང་རབས་རྒྱལ་ཁབ་ཅིག་བསྐྲུན་ཡོད། ” ཅེས་བརྗོད་འདུག

གནད་དོན་དབྱེ་ཞིབ་པ་ཚོས། ཞི་ཅིན་ཕིན་ཡུ་རོབ་རྒྱལ་ཁབ་ཁག་ནང་གཟིགས་སྐོར་བྱེད་སྐབས། རྒྱ་ནག་ལ་མང་གཙོ་འཚམ་པོ་མེད་པར། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་ལམ་ལུགས་རྒྱུན་འཁྱོངས་བྱས་ཏེ། ཡར་ཐོན་ཅན་གྱི་རྒྱལ་ཁབ་ཅིག་ཏུ་འགྱུར་རྒྱུའི་ཁྱབ་བསྒྲགས་བྱས་ཡོད་སྟབས། མ་འོངས་པར་རྒྱ་ནག་ནང་ཆབ་སྲིད་བཅོས་བསྒྱུར་ཡོང་ཁག་པོ་ཆགས་རྒྱུ་ཡིན་སྐོར་བརྗོད་འདུག

འདི་ལོའི་ཕྱི་ཟླ་ ༣ ཚེས་ ༢༢ ནས་ ༢༥ བར་ཞི་ཅིན་ཕིན་གྱིས་སྣེ་འཁྲིད་པའི་རྒྱ་ནག་གི་འབྱོར་ལྡན་ཚོང་པ་ ༢༠༠ ཧོ་ལན་ཌིར་གཟིགས་སྐོར་དུ་ཕྱིན་སྟེ། ཡུལ་དེའི་རྒྱལ་པོར་མཇལ་འཕྲད་དང་རྒྱལ་སྤྱིའི་རྡུལ་ཕྲན་བདེ་འཇགས་ཚོཊ་འདུར་མཉམ་ཞུཊ་བཅས་གནང་བ་དང་། ཚེས་ ༢༦ དང་ ༢༧ ཉིན་གཉིས་རིང་ཧྥ་རན་སིར་སྲིད་འཛིན་དང་མཇལ་ཏེ་ཡུ་སྒོར་ཐེར་འབུམ་ ༡༤།༥ ཚོང་ལས་དང་། འགྲུལ་སྐྱེལ་གནམ་གྲུ་ ༡༥༠ ཉོ་རྒྱུའི་གྲོས་ཆོད་བཞག་འདུག ཚེས་ ༢༨ དང་ ༢༩ ཉིན་གཉིས་རིང་འཇར་མན་སྲིད་འཛིན་ལྕམ་ཨན་རྗི་ལྰ་མཇལ་འཕྲད་དང་ཨ་སྒོར་ཐེར་འབུམ་ ༢༤།༧ གྱི་ཚོང་དོན་གྲོས་ཆོད་བཞག་ཡོད་ལ། ཚེས་ ༣༡ ནས་ཟླ་ ༤ ཚེས་ ༢ བར་སྦེལ་ཇམ་དུ་རྒྱལ་པོ་དང་། གྲོས་ཚོགས་གོང་འོག་གི་ཚོགས་གཙོ་བཅས་ལ་ཐུག་འཕྲད་ཀྱིས་ཚོང་དོན་གྲོས་ཆོད་ཁག་ཅིག་བཞག་ཡོད།

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་བར་བརྒལ་བཀའ་ཁྱབ་གཏོང་དགོས་པའི་སྙན་ཞུ་ཕུལ་འདུག ༢༠༢༦།༠༥།༨ པར་དུས་བབ་ཀྱི་བསྒྲིགས།
Mobile App

བལ་ཡུལ་མཆོད་འཇོར་གྱི་ཁྲིམས་གཏུག་ལ་བར་བརྒལ་བཀའ་ཁྱབ་གཏོང་དགོས་པའི་སྙན་ཞུ་ཕུལ།

༢༠༢༦/༠༥/༠༨
Mobile App

རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་ཟུར་པ་གཉིས་ལ་ལོ་གཉིས་ཕར་འགྱང་གི་སྲོག་ཁྲིམས་བཅད།

༢༠༢༦/༠༥/༠༨
Mobile App

བོད་ཀྱི་སྐད་ཡིག་དང་ད་ལྟའི་གནས་བབ།

༢༠༢༦/༠༥/༠༨
བསོད་ནམས་དོན་གྲུབ་ལགས་ཀྱིས་ཧྥ་རན་སིའི་ནང་བོད་དོན་རྐང་འཁོར་སྐོར་སྐྱོད་གནང་བཞིན་པ། འབྲེལ་ཡོད་ཀྱིས་པར་མཁོ་སྤྲོད་བྱས།
Mobile App

བསོད་ནམས་དོན་གྲུབ་ཀྱིས་ཧྥ་རན་སིའི་ནང་བོད་དོན་རྐང་འཁོར་སྐོར་སྐྱོད་གནང་བཞིན་པ།

༢༠༢༦/༠༥/༠༧
Mobile App

སྲིད་འཛིན་ཊོམ་ཕུ་མཆོག་གང་མགྱོགས་རྒྱ་ནག་ནང་ཕེབས་རྒྱུ་ཡིན་པས་བོད་དོན་གླེང་སློང་གནང་དགོས་པའི་འབོད་སྐུལ་ཞུ་རྒྱུ་རེད།

༢༠༢༦/༠༥/༠༧
ལྷ་ས་གྲོང་ཁྱེར་གྱི་སྤྱི་ཁྱབ་གཞོན་པ་དགྲ་འདུལ་ལ་ཞིབ་བཤེར་བྱེད་བཞིན་པ། དྲ་ལམ་གྱི་པར།
Mobile App

ལྷ་ས་གྲོང་ཁྱེར་གྱི་སྤྱི་ཁྱབ་གཞོན་པ་དགྲ་འདུལ་ལ་ཞིབ་བཤེར་བྱེད་བཞིན་པ།

༢༠༢༦/༠༥/༠༧

མཆན། 2

  1. བཛྲ་སུ་མ་ཏི། says:
    ལོ་ 12 སྔོན།

    གསར་འགྱུར་འདི་ནི་དུས་བབ་ཚང་གི་རྒྱ་ནག་རང་གི་གསར་འགྱུར་འདྲ་བོ་ཞིག་བཀོད་འདུག། སྲིད་འཛིན་ཞིའི་མཛད་རྗེས་གཙོ་འདོན་རང་གནང་འདུག

    Reply
  2. འཇམ་གཅེས ། says:
    ལོ་ 12 སྔོན།

    འོ་ཡ་ད་བྱས་ན་ཕག་རྒན་འདི་ཡང་སོ་སོར་རྐུབ་སྟེགས་ཐོབ་རྗེས་མི་མང་གི་བདེ་སྡུག་དང་ཕ་རྒན་གྱི་ལོ་རྒྱུས་ལ་བསམ་གཞིག་བྱེད་མཁན་མིན་པ་ཐག་ཆོད་འདུག །ད་ཡིན་ན་རྒྱ་གར་མི་སེར་དང་ཕྱི་གླིང་མི་སེར་བྱས་ན་ཡག་ཤོས་རེད་ཤག་་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese