མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིའི་དམག་ཨབ་གྷན་ནས་ཕྱིར་འཐེན་བྱ་རྒྱུ་ཡིན།

བོད་ཀྱི་དུས་བབ།
༢༠༡༤/༠༥/༢༧
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཨ་རིའི་སྲིད་འཛིན་ཨོ་བྷ་མ་ཨབ་གྷན་ནང་སྐོར་སྐྱོད་དང་འབྲེལ་ཏེ་ད་ལོའི་ལོ་ལོ་མཇུག་ཏུ་ཨ་རིའི་དམག་མི་མང་ཆེ་བ་ཨབ་གྷན་ནས་ཕྱིར་ལེན་བྱ་རྒྱུ་ཡིན་སྐོར་བརྗོད་འདུག

ཁ་སང་ཨ་རིའི་སྲིད་འཛིན་ཨོ་བྷ་མ་གློ་བུར་དུ་ཨབ་གྷན་ནང་གི་ཨ་རིའི་གནམ་དམག་ས་ཚིགས་བྷ་གྷམ་ (Bagram)དུ་ཆུ་ཚོད་ ༤ རིང་སྐོར་སྐྱོད་དང་འབྲེལ། ད་ལོའི་ལོ་མཇུག་ཏུ་ཨབ་གྷན་ནང་གི་ཨ་རིའི་དམག་མི་མང་ཆེ་བ་ཕྱིར་འཐེན་བྱ་རྒྱུ་ཡིན་སྐོར་བརྗོད་འདུག ཐེངས་འདིའི་སྐོར་སྐྱོད་སྐབས་ཨོ་བྷ་མས་ཨབ་གྷན་གྱི་སྲིད་འཛིན་ཨ་མེ་ཌི་ཁར་ཛེ་ (Hamid Karzai) མཆོག་དམག་སྒར་དུ་གདན་ཞུ་བྱས་ཡོད་ཀྱང་། ཁོང་གིས་དང་ལེན་བྱས་མེད་སྟབས། ཨོ་བྷ་མས་ཨབ་གྷན་གྱི་གནད་ཡོད་མི་སྣ་གཞན་སུ་གང་ལའང་ཐུག་འཕྲད་བྱས་མི་འདུག

འདིའི་ཐད་ཨོ་བྷ་མས། “ ཨ་རིའི་དམག་མིའི་ཨབ་གྷན་བརྟན་བརླིང་སྲུང་སྐྱོབ་ཀྱི་ལས་ཡུན་རྫོགས་ཏེ་ཕྱིར་ལོག་བྱ་འཆར་ཡོད་སྟབས། ཨབ་གྷན་སྲུང་དམག་ཚོས་སོ་སོའི་རྒྱལ་ཁབ་དང་མང་ཚོགས་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱ་དགོས།” ཞེས་དང་། ཁོང་གིས་ད་དུང་ཨ་རིས་ཨབ་གྷན་ནང་བློས་གཏོང་དང་ཉམས་མྱོང་མང་པོ་བསགས་ཡོད་སྟབས། མ་འོངས་པར་ཨ་རིའི་ནང་དྲག་སྤྱོད་པས་གཏོར་རྒོལ་མི་འབྱུང་བར་འགན་སྲུང་བྱ་དགོས་སྐོར་སོགས་བརྗོད་འདུག

ཨ་རིའི་དམག་མི་ཨབ་གྷན་ནང་སྡོད་ཆོག་པའི་རྒྱལ་ཁབ་གཉིས་ཀྱི་རྒྱལ་སྲུང་གྲོས་མཐུན་གྱི་དུས་ཡུན་དེ་འདི་ལོའི་ལོ་མཇུག་ཏུ་རྫོགས་བཞིན་ཡོད་སྟབས། ཨ་རིའི་གཞུང་གིས་ཨ་རིའི་དམག་མི་ཨབ་གྷན་ནང་མུ་མཐུད་སྡོད་རྒྱུར་དུས་ཚོད་འཕར་འགྱངས་ཞུས་ཡོད་ཀྱང་། ད་ལྟའི་ཨབ་གྷན་སྲིད་འཛིན་ཨ་མེ་ཌི་ཁར་ཛེ་ཡིས་དང་ལེན་བྱས་མེད་པ་མ་ཟད། ཨ་རིས་ཨབ་གྷན་གྱི་བདག་དབང་ལ་ཐེ་ཇུས་དང་། ཨ་རིའི་དམག་མིས་ཨབ་གྷན་གྱི་ཉེས་མེད་མི་སེར་མང་པོ་བསད་པ་སོགས་ཀྱི་སྐྱོན་འཛུགས་བྱས་སྟབས་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་ཇེ་སྡུག་ཏུ་ཕྱིན་ཡོད།

༢༠༠༡ ལོའི་ཟླ་ ༩ པའི་ཚེས་ ༡༡ ཉིན། ཏ་ལི་པན་དྲག་སྤྱོད་ཤོག་ཁག་གིས་ཨ་རིའི་ནང་གི་འཛམ་གླིང་ཚོང་ལས་ལྟེ་གནས་ ( Twin Towers) གཏོར་རྒོལ་བཏང་རྗེས་ཨ་རིའི་གཞུང་གིས་ཨབ་གྷན་ལ་དམག་བརྒྱབ་སྟེ་ཏ་ལི་པན་དྲག་སྤྱོད་ཤོག་ཁག་ཕམ་ཉེས་བཏང་ཡོད་ཅིང་། སྐབས་དེ་ནས་བཟུང་ཨ་རིས་ཨབ་གྷན་ནང་དམག་ཤུགས་ཆེ་རུ་བཏང་སྟེ། ༢༠༠༤ ལོའི་ཨབ་གྷན་རྒྱལ་ཡོངས་སྲིད་འཛིན་འོས་བསྡུ་སྐབས་དྲག་སྤྱོད་པར་ཁ་གཏད་གཅོག་པ་དང་བདེ་འཇགས་འགན་སྲུང་། དཔལ་འབྱོར་དང་ཤེས་ཡོན། འཕྲོད་བསྟེན་སོགས་ལ་རོགས་རམ་ཤུགས་ཆེན་བྱས་ཡོད་འདུག

ཨ་རིས་འདས་པའི་ལོ་ ༡༣ རིང་ཨབ་གྷན་གྱི་བརྟན་བརླིང་སྲུང་སྐྱོབ་ཆེད་དམག་མི་འབུམ་ ༢ ལྷག་བཏང་ཡོད་ཅིང་། དེ་དག་ལས་ ༢༠༠༡ ལོ་ནས་ ༢༠༡༠ ལོའི་བར་ལོ་རེར་ཉུང་མཐར་ཡང་དམག་མི་འབུམ་ ༡ བཏང་ཡོད་ཀྱང་། དེ་རྗེས་རིམ་པས་ཉུང་དུ་བཏང་སྟེ་ད་ཆ་དམག་མི་ ༣༢༠༠༠ ཙམ་ལས་མེད་པ་དང་། ཨབ་གྷན་ནང་གི་ཨ་རིའི་དམག་མི་ ༢༡༨༡ ཙམ་ཞིག་འདས་གྲོངས་སུ་ཕྱིན་ཡོད་འདུག

ཨ་རིས་ཨབ་གྷན་དང་ཨི་རག་གྱི་དམག་འཁྲུག་སྐབས་ཨ་སྒོར་ཁྲག་ཁྲིག་ཆེན་མོ་ ༦།༦༧༨༩ ལྷག་གི་འགྲོ་གྲོན་བཏང་ཡོད་ཅིང་། དེ་དག་ལས་ཨབ་གྷན་གྱི་དམག་འཐབ་དང་བརྟན་བརླིང་སྲུང་སྐྱོབ་ཆེད་ཨ་སྒོར་ཁྲག་ཁྲིག་ཆེན་མོ་ ༤ ཙམ་བཏང་ཡོད་འདུག་ལ། རྒྱལ་ཁབ་འཛུགས་སྐྲུན་དང་དཔལ་འབྱོར་འཕེལ་རྒྱས། ཤེས་ཡོན་གོང་འཕེལ་སོགས་ཀྱི་སྐོར་ལ་ཨ་སྒོར་ཁྲག་ཁྲིག་ཆེན་མོ་ ༣།༦༤༨ ལྷག་བཏང་ཡོད་འདུག

༢༠༡༡ ལོར་ཨ་རིས་ཨི་རག་དང་ཨ་རིའི་བར་གྱི་རྒྱལ་སྲུང་གྲོས་མཐུན་ལ་མིང་རྟགས་བཀོད་ཐུབ་མེད་སྟབས། ཨ་རིའི་དམག་མི་ཨི་རག་ནས་ཕྱིར་ལེན་བྱ་དགོས་བྱུང་ཡོད་ཅིང་། ད་རེས་ཨབ་གྷན་སྲིད་གཞུང་གིས་གྲོས་མཐུན་ལ་ངོས་ལེན་མ་བྱས་ཚེ། ཨ་རིའི་དམག་མི་ ༥༠༠༠ ཙམ་ཞིག་ལས་གཞན་རྣམས་ཕྱིར་ལེན་བྱ་དགོས་ཀྱི་ཡོད་འདུག

རྒྱལ་སྤྱིའི་ཐབས་ཇུས་མཁས་པ་མལ་རེ་གྷོ་ཌི་ལགས་ཀྱིས། “ ༢༠༡༡ ལོར་ཨ་རིའི་དམག་མི་ཨི་རག་ནས་ཕྱིར་ལེན་བྱས་པར་བརྟེན། ཨི་རག་ནང་མི་གསོད་དོན་རྐྱེན་དང་ཡུལ་བདེ་ཞི་འཇགས་མེད་པའི་དཀའ་ངལ་ཆེ་རུ་ཕྱིན་ཡོད་པའི་ཉམས་མྱོང་བླངས་ཏེ། ཐེངས་འདིར་ཨབ་གྷན་གཞུང་གིས་ཨ་རིའི་སྲུང་སྐྱོབ་དམག་མི་ཨབ་གྷན་ནང་མུ་མཐུད་སྡོད་ཆོག་པའི་གན་ཡིག་ལ་མིང་རྟགས་བཀོད་ན་ལེགས།” ཞེས་བརྗོད་འདུག

ཨོ་བྷ་མ་ཨ་རིའི་སྲིད་འཛིན་ལ་བསྐོ་བཞག་བྱས་རྗེས་ད་བར་ཨབ་གྷན་ནང་ཐེངས་བཞི་ཙམ་པྱིན་ཡོད་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

ཆུ་ཚོད་ ༡༡ སྔོན་ལ།
Tibet, China - Sep 7, 2012. Chinese soldiers walking at the Jokhang temple in Lhasa, Tibet. The Jokhang Temple has two Buddha statues sacred to Tibetan Buddhists. — Photo by phuongphoto
Mobile App

པེ་ཅིན་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་རྒྱ་སྒྱུར་བྱ་བ་ཁྲིམས་མཐུན་བཟོ་བཞིན་འདུག

ཆུ་ཚོད་ ༡༣ སྔོན་ལ།
Loomer meets Dalai Lama, lauds him for standing firm against threats to freedom
༸གོང་ས་མཆོག གསར་འགྱུར།

ཨ་རིའི་ཆབ་སྲིད་ལས་འགུལ་བ་ལུ་མར་ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

ཆུ་ཚོད་ ༡༤ སྔོན་ལ།
Penny Wong, Richard Marles, Judith Collins KC, Winston Peters
Mobile App

བོད་ནང་གི་ཆོས་དང་རིག་གཞུང་སོགས་ཉམས་རྒུད་དུ་འགྲོ་བཞིན་པར་བློ་འཚབ་བསྟན།

༢༠༢༦/༠༣/༢༠
TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

༢༠༢༦/༠༣/༡༨
ttttt
Mobile App

སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་མི་གསལ་བསྒྲགས་གནང་སོང་། 

༢༠༢༦/༠༣/༡༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese