མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བླ་མར་བཀའ་ཆོས་གནང་བཅུག་འདུག

བོད་ཀྱི་དུས་བབ།
༢༠༡༤/༠༨/༡༡
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གཞུང་གིས་ཤག་རོང་པོ་སེར་སྐྱ་གཉིས་ཀྱིས་རེ་སྐུལ་ལྟར་བླ་མ་ཟླ་བ་ཕྱིར་རང་དགོན་དུ་ཕེབས་བཅུག་ཡོད་པར་མ་ཟད། མི་མང་ལ་བཀའ་ཆོས་གནང་བཅུག་ཡོད་འདུག

ཟླ་འདིའི་ཚེས་ ༥ ཉིན་རྒྱ་གཞུང་གིས་ཤག་རོང་པོ་སེར་སྐྱ་གཉིས་ཀྱིས་རེ་སྐུལ་ཞུས་དོན་ལྟར། ལོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པའི་དགོན་པའི་བླ་མ་ཟླ་བ་མཁྱེན་རབ་དབང་ཕྱུག་བསམ་གཏན་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ་མཆོག ས་གནས་སེར་སྐྱ་མི་མང་གིས་ཕེབས་བསུའི་ཁྲོད་ཕྱིར་དགོན་པར་ཕེབས་བཅུག་ཡོད་པར་མ་ཟད། མི་མང་ལ་བཀའ་དབང་དང་གསུང་ཆོས་བཅས་གནང་བཅུག་ཡོད་འདུག

ངག་དབང་མཐར་པ་ལགས་ཀྱིས་འདི་གར་གནས་ཚུལ་བཏང་འབྱོར་ལྟར་ན། ཕྱི་ལོ་ ༢༠༡༠ ལོའི་ཟླ་ ༥ ཚེས་ ༡༧ ཉིན་རྒྱ་གཞུང་གིས་ཤག་རོང་པོ་དགོན་པའི་བླ་མ་ཟླ་བར་ལྔ་ཉི་ཤུའི་དོན་རྐྱེན་དང་འབྲེལ་བ་ཡོད་པའི་མིང་འདོགས་དང་། རོང་པོ་ཆོས་རྗེ་སྐུ་ཕྲེང་བརྒྱད་པའི་ཡང་སྲིད་རྩད་གཅོད་ཐད་༧གོང་ས་མཆོག་དང་འབྲེལ་བ་བྱས་པའི་ཉེས་མིང་འོག་ལྷ་སར་འཛིན་བཟུང་བྱས་ཡོད་པར་མ་ཟད། ལོ་ ༧ ཁྲིམས་ཐག་བཅད་ཡོད་འདུག ཕྱིས་སུ་བླ་མ་ཁོང་སྐུའི་སྙུང་གཞི་དང་ལོའི་གནས་བབ་ཀྱིས་དབང་གིས་རང་ཁྱིམ་དུ་སྨན་བཅོས་བྱེད་རྒྱུའི་གོ་སྐབས་སྤྲད་ཡོད་ཀྱང་། ནག་ཆུ་ཐོ་སྒོ་ལ་མན་ཆད་དུ་འགྲོ་བསྐྱོད་མི་ཆོག་པ་དང་། རྒྱུན་དུ་འདྲི་བརྩད་དང་ལྟ་རྟོག་འོག་བཞུགས་དགོས་བྱུང་ཡོད་འདུག

༢༠༡༣ ལོའི་ཟླ་ ༧ ཚེས་ ༣ ཉིན་རྒྱ་གཞུང་གིས་ཤག་རོང་པོ་དགོན་པ་སྒོ་བརྒྱབ་པ་དང་། དམག་མི་ ༢༠༠༠ ལྷག་མངགས་གཏོང་གིས་སེར་སྐྱ་གཉིས་ཀ་གང་བྱུང་འཛིན་བཟུང་དང་དྲག་གནོན། སློབ་གསོའི་བྱ་འགུལ་སོགས་སྤེལ་ཡོད་པར་མ་ཟད། དགོན་པའི་ལས་སྣེ་གྲྭ་དུང་ཕུག་དང་ངག་དབང་བྱང་ཆུབ། གྲྭ་ངག་དབང་ཐོགས་མེད། མི་སྐྱ་བཀྲ་ཤིས་དོན་གྲུབ་བཅས་འཛིན་བཟུང་བྱས་ཡོད། རྗེས་སུ་ཁོང་རྣམ་རིམ་བཞིན་ཀློད་གྲོལ་བཏང་ཡོད་པ་དང་། ངག་དབང་ཐོགས་མེད་དང་མཁྱེན་རབ་ཐོགས་མེད་གཉིས་ཀྱང་ལོ་ ༢ རིང་ལྷ་སར་བཙོན་འཇུག་བྱས་རྗེས་ཀློད་གྲོལ་ཐོབ་ཡོད།

ཉེ་ལམ་རྒྱ་གཞུང་གིས་བླ་མ་དགོན་པར་ཕེབས་བཅུག་པ་དང་མི་མང་ལ་བཀའ་ཆོས་གནང་བཅུག་ཡོད་ཀྱང་། ས་གནས་མི་མང་ཁྲོད་རྒྱ་གཞུང་གིས་འདི་ལྟར་བྱེད་དོན། ད་བར་ཤག་རོང་པོ་དགོན་པའི་གནས་ཚུལ་ཕྱི་ཕྱོགས་ཀྱི་གསར་འགྱུར་བརྒྱུད་ལམ་དུ་དྲིལ་བསྒྲགས་ཤུགས་ཆེར་ཕྱིན་ཡོད་སྟབས། ཁོང་ཚོས་ཕྱི་ཕྱོགས་སུ་ཆོས་དད་རང་དབང་ཡོད་པའི་རྣམ་པ་སྟོན་བྱེད་དང་གཡོ་བྱུས་ཤིག་ཡིན་སྲིད་པའི་དོགས་པ་བྱེད་ཀྱི་ཡོད་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

མོན་གྷོ་འདོད་རྒུ་གླིང་གི་རུ་ཁག་ལ་ལོ་གསུམ་བསྟུད་མར་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་རྟགས་མ་ཐོབ་སོང་། ཐད་གཏོང་ནས་པར་བླངས། ༢༠༢༦།༤།༡༦
Mobile App

མོན་གྷོ་འདོད་རྒུ་གླིང་རུ་ཁག་ལ་ལོ་གསུམ་བསྟུད་མར་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཐོབ།

ཆུ་ཚོད་ ༤ སྔོན་ལ།
བོད་ཀྱི་ཟློས་གར་ཚོགས་པའི་ནང་མོན་ཡུལ་གྱི་སློབ་ཕྲུག་ ༡༢ རིན་མེད་ཐོག་སློབ་འཇུག་གནང་།
Mobile App

མོན་ཡུལ་གྱི་སློབ་ཕྲུག་ ༡༢ རིན་མེད་ཐོག་བོད་ཀྱི་ཟློས་གར་ཚོགས་པའི་ནང་སློབ་འཇུག་གནང་།

ཆུ་ཚོད་ ༡༡ སྔོན་ལ།
Uncategorized

ངའི་མཐོང་ལམ་གྱི་མདོ་སྨད་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ།

ཆུ་ཚོད་ ༡༧ སྔོན་ལ།
Launch of Tibetan Arts Council. Photo: Tibetan Art Council
Mobile App

བོད་ཀྱི་སྒྱུ་རྩལ་མཐུན་ཚོགས་གསར་འཛུགས་གནང་བའི་གསར་འགོད་བསྒྲགས་གཏམ་སྤེལ།

༢༠༢༦/༠༤/༡༥
Advertisement for App

ཨ་ཀྱཱ་བློ་བཟང་བསྟན་འཛིན་མཆོག་གི་ཕྱག་དེབ་“ཕྱིར་དྲན་”ཞེས་པའི་བོད་ཡིག་དེབ།

༢༠༢༦/༠༤/༡༥
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྐབས་བཅུ་བདུན་པའི་སྤྱི་འཐུས་གྲོས་ཚོགས་ལ་བསྩལ་བའི་བཀའ་ཡིག་རིན་པོ་ཆེ། ༢༠༢༡།༡༠།༠༦
Mobile App

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོར་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་གྱིས་གཙོས་ད་ལྟའི་ཆོས་བརྒྱུད་སྤྱི་འཐུས་ཕལ་ཆེ་བས་སྒྲོ་འདོགས་དང་སྐུར་འདེབས་མཚན་སྨད་ཚབས་ཆེན་ཞུས་པའི་དངོས་ཡོད་གནས་ཚུལ་སྙིང་བསྡུས་ངོ་སྤྲོད།

༢༠༢༦/༠༤/༡༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese