མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཡུ་གུར་བ་ ༢༥ ལ་ཁྲིམས་ཆད།

བོད་ཀྱི་དུས་བབ།
༢༠༡༤/༠༨/༡༣
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་དྲག་སྦྱོད་ཀྱི་སྣེ་འཁྲིད་དང་ལས་འགུལ་ནང་མཉམ་ཞུགས། དྲག་སྤྱོད་པར་དངུལ་གྱི་རོགས་སྐྱོར་བྱེད་མཁན་བཅས་ཀྱི་ཉེས་མིང་འོག་ཡུ་གུར་བ་ ༢༥ ལ་ཁྲིམས་ཐག་བཅད་ཡོད་འདུག

ཁ་སང་ཚེས་ ༡༢ ཉིན་རྒྱ་ནག་གཞུང་འབྲེལ་མི་དམངས་ཁྲིམས་ལུགས་ཚགས་པར་སྟེང་གནས་ཚུལ་བཀོད་པ་ལྟར་ན། ཤིན་ཅང་ཡུ་གུར་རིགས་རང་སྐྱོང་ཁུལ་ཐོན་སྐྱེད་བཟོ་སྐྲུན་དམག་དཔུང་རུ་ཁག་དང་པོའི་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས། ཟླ་འདིའི་ཚེས་ ༨ ཉིན་ཁྲིམས་ཆད་ཕྱིར་བསྒྲགས་བྱས་ཏེ། དྲག་སྤྱོད་ཀྱི་སྒྲིགས་འཛུགས་བཙུགས་པ་དང་། དྲག་སྤྱོད་ཀྱི་སྣེ་འཁྲིད་མཁན། དྲག་སྤྱོད་ཀྱི་ལས་འགུལ་ནང་མཉམ་ཞུགས། དྲག་སྤྱོད་ཀྱི་སྒྲིག་འཛུགས་ལ་དངུལ་གྱི་རོགས་རམ་གནང་མཁན་བཅས་ཀྱི་ཉེས་མིང་འོག་ཡུ་གུར་བའི་མི་ ༢༥ ལ་ལོ་གསུམ་དང་། བཅོ་ལྔ། ཚེ་བཙོན་བཅས་ཀྱི་ཁྲིམས་ཐག་བཅད་ཡོད་སྐོར་བསྒྲགས་འདུག

གནས་ཚུལ་ནང་། ཡུ་གུར་བ་མི་ ༢༥ ལས་ཨེ་མེལ་ཁྲི་ཡེ་མེན་ (Ai Maiti Yiming) གཙོས་པའི་མི་ ༥ ལྷག་གིས་ཁྲིམས་འགལ་ཐོག་ཆོས་ལུགས་ཀྱི་སྒྲིག་འཛུགས་གསར་འཛུགས་གནང་སྟེ། ཐེངས་མང་པོར་ཆོས་ལུགས་ཀྱི་བྱེད་སྒོ་དང་དྲིལ་བསྒྲགས། ཆོས་བྱེད་མི་སྣ་བསྡུ་རུབ་སོགས་དྲག་སྤྱོད་ཀྱི་བསམ་བློའི་སློབ་གསོ་སྤེལ་ཡོད་ཚུལ་དང་། མེ་མེལ་ཁྲི་ཡེ་མིན་ (Ai Maiti Yiming) དང་མེལ་མེལ་ཁྲི་ཧྥི་དྷི་ (Mai Maiti If the) གཙོས་པའི་མི་ཁག་ཅིག་གིས་གྲི་ཉོ་བ་དང་འགད་རྫས་ཀྱི་རིགས་བཟོ་སྐྲུན། མི་གཞན་པར་གྲི་དང་རྡོ་སྣུམ་སོགས་མཁོ་སྤྲོད་བྱས་ཏེ་ཁོངས་གཏོགས་ས་གནས་ཀྱི་དམག་ཁང་དང་དམག་མིའི་ལས་ཁུངས། དོ་དམ་རྟོག་ཞིབ་ས་ཚིགས། ཉེན་རྟོག་པའི་ས་ཚིགས་སོགས་ལ་འཇབ་རྒོལ་དང་མེ་མདའ་བཙན་འཕྲོག ཤང་དང་གྲོང་རྡལ་གྱི་ལས་བྱེད་མི་སྣ་དམར་གསོད་སོགས་ཀྱི་བྱ་འགུལ་སྤེལ་ཡོད་ཚུལ་སོགས་བཀོད་འདུག

རྒྱ་ནག་གཞུང་གིས་ཐེངས་འདིའི་ཉེས་དོན་ཁྲིམས་ཆད་ཕྱིར་བསྒྲགས་གནང་སྐབས་ཁོང་ཚོའི་མི་རིགས་དང་ཐོབ་ཐང་བསྒྲགས་བྱས་མེད་ཀྱང་། མིང་ཐོའི་ནང་གི་མི་ ༢༥ ཚང་མ་ཡུ་གུར་བ་དང་གྲངས་ཉུང་མི་རིགས་ཀྱི་མི་ཤ་སྟག་ཆགས་ཡོད་འདུག་ལ། གཞུང་ཕྱོགས་ནས་ཐེངས་འདིའི་ཁྲིམས་ཆད་ཕོག་མཁན་ཚོ་ཉེ་ལམ་ཤིན་ཅང་ཡུ་གུར་ཁུ་ཧྲི་ས་གནས་ཀྱི་དྲག་སྤྱོད་གནས་ཚུལ་དང་འབྲེལ་བ་ཡོད་མེད་གང་ཡང་བསྒྲགས་མི་འདུག

ཤིན་ཅང་ཡུ་གུར་རིགས་རང་སྐྱོང་ཁུལ་དུ་ ༧་༢༨ གྱི་ཟིང་འཁྲུག་དོན་རྐྱེན་བྱུང་རྗེས། རྒྱ་གཞུང་གིས་ས་གནས་སུ་དམག་མི་སྟོག་ཕྲག་མང་པོ་འགྲེམས་འཇོག་གིས་མུ་མཐུད་དྲག་གནོན་བྱས་ཏེ། ད་ཆར་ཡང་ས་གནས་ཀྱི་གནས་སྟངས་ཛ་དྲག་གི་གནས་སུ་གྱར་ཡོད་འདུག འདིའི་ཐད་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ་ཡོད་པའི་ཡུ་གུར་མཐུན་ཚོགས་ཀྱི་འགན་འཁུར་བ་ཨེ་སི་ལེ་ཌི་རོ་སུ་ཌོར་ཨེལ་མྰ་ཌེའེ་ཡིས་ (Islet Rostov Almaty) གསར་ལམ་དུ། ཤིན་ཅང་ནང་བྱུང་བའི་གནས་ཚུལ་མཐའ་དག་རྒྱ་ནག་གཞུང་གི་དྲག་གནོན་དབང་བསྒྱུར་གྱི་སྲིད་བྱུས་དང་འབྲེལ་བ་ཡོད་པ་དང་། ཁོང་ཚོས་ད་བར་ས་གནས་སུ་དམ་དྲག་བཀག་སྡོམ་བྱས་ཏེ་ད་ཆར་ཡང་ཁི་ཧྲི་ཧྲ་ཁྲི་རྫོང་གི་ཟིང་འཁྲུག་གི་བྱུང་རྐྱེན་གང་ཡིན་ཕྱིར་བསྒྲགས་བྱེད་ཀྱི་མེད་སྐོར་བརྗོད་ཡོད་པར་མ་ཟད། རྒྱ་གཞུང་གིས་ད་བར་ཕྱི་ཕྱོགས་སུ་དངོས་ཡོད་གནས་ཚུལ་ཤེས་རྒྱུའི་གོ་སྐབས་སྤྲོད་ཀྱི་མེད་པ་དང་། ཕྱི་ཕྱོགས་ནས་ནང་གི་གནས་ཚུལ་མི་ཤེས་པའི་ཐབས་ཤེས་བྱེད་ཀྱི་ཡོད་སྟབས། དོན་དངོས་ཀྱི་གནས་ཚུལ་མང་དག་ཅིག་རྒྱ་ནག་གཞུང་ཕྱོགས་ནས་བསྒྲགས་པ་དང་འགལ་ཟླ་ཆགས་ཡོད་སྐོར་བརྗོད་འདུག

ཤིན་ཅང་ཡུ་གུར་རིགས་སྐྱོང་ཁུལ་སྲིད་གཞུང་གིས་ཁྱབ་བསྒྲགས་ནང་། ཕྱི་ཟླ་ ༧ ཚེས་ ༢༨ ཉིན་ཁི་ཧྲི་ཧྲ་ཁྲི་རྫོང་གི་ཟིང་འཁྲུག་དོན་རྐྱེན་ཁྲོད་ཉུང་མཐར་མི་ ༣༧ འདས་གྲོངས་དང་། མི་ ༡༣ རྨས་སྐྱོན། མི་ ༣༡ རླངས་འཁོར་འབར་གས་ཁྲོད་ཚིགས་ཡོད་སྐོར་བཀོད་ཡོད་ཅིང་། ས་གནས་ཉེན་རྟོག་པས་ཁྱབ་བསྒྲགས་ནང་། ཟིང་འཁྲུག་ཁྲོད་དྲག་སྤྱོད་པ་མི་ ༥༩ བསད་ཡོད་པ་དང་། མི་ ༢༡༥ འཛིན་བཟུང་བྱས་ཡོད་སྐོར་བཀོད་ཡོད་འདུག ཡིན་ནའང་། རྒྱལ་སྤྱིའི་ཚོགས་སྡེ་དང་གསར་ལམ་ཁག ས་གནས་མི་མང་བཅས་ཀྱིས་ཁི་ཧྲིའི་ཟིང་འཁྲུག་ཁྲོད་ཀྱི་མི་ཤི་རྨས་གྲངས་འབོར་གཞུང་འབྲེལ་གྱི་བསྒྲགས་པའི་གྲངས་འབོར་ལས་མང་བ་ཡོད་ཚུལ་གྱི་གླེང་སློང་ཡོང་གི་ཡོད་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

མོན་གྷོ་འདོད་རྒུ་གླིང་གི་རུ་ཁག་ལ་ལོ་གསུམ་བསྟུད་མར་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་རྟགས་མ་ཐོབ་སོང་། ཐད་གཏོང་ནས་པར་བླངས། ༢༠༢༦།༤།༡༦
Mobile App

མོན་གྷོ་འདོད་རྒུ་གླིང་རུ་ཁག་ལ་ལོ་གསུམ་བསྟུད་མར་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཐོབ།

ཆུ་ཚོད་ ༦ སྔོན་ལ།
བོད་ཀྱི་ཟློས་གར་ཚོགས་པའི་ནང་མོན་ཡུལ་གྱི་སློབ་ཕྲུག་ ༡༢ རིན་མེད་ཐོག་སློབ་འཇུག་གནང་།
Mobile App

མོན་ཡུལ་གྱི་སློབ་ཕྲུག་ ༡༢ རིན་མེད་ཐོག་བོད་ཀྱི་ཟློས་གར་ཚོགས་པའི་ནང་སློབ་འཇུག་གནང་།

ཆུ་ཚོད་ ༡༣ སྔོན་ལ།
Uncategorized

ངའི་མཐོང་ལམ་གྱི་མདོ་སྨད་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ།

ཆུ་ཚོད་ ༢༠ སྔོན་ལ།
Launch of Tibetan Arts Council. Photo: Tibetan Art Council
Mobile App

བོད་ཀྱི་སྒྱུ་རྩལ་མཐུན་ཚོགས་གསར་འཛུགས་གནང་བའི་གསར་འགོད་བསྒྲགས་གཏམ་སྤེལ།

༢༠༢༦/༠༤/༡༥
Advertisement for App

ཨ་ཀྱཱ་བློ་བཟང་བསྟན་འཛིན་མཆོག་གི་ཕྱག་དེབ་“ཕྱིར་དྲན་”ཞེས་པའི་བོད་ཡིག་དེབ།

༢༠༢༦/༠༤/༡༥
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྐབས་བཅུ་བདུན་པའི་སྤྱི་འཐུས་གྲོས་ཚོགས་ལ་བསྩལ་བའི་བཀའ་ཡིག་རིན་པོ་ཆེ། ༢༠༢༡།༡༠།༠༦
Mobile App

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོར་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་གྱིས་གཙོས་ད་ལྟའི་ཆོས་བརྒྱུད་སྤྱི་འཐུས་ཕལ་ཆེ་བས་སྒྲོ་འདོགས་དང་སྐུར་འདེབས་མཚན་སྨད་ཚབས་ཆེན་ཞུས་པའི་དངོས་ཡོད་གནས་ཚུལ་སྙིང་བསྡུས་ངོ་སྤྲོད།

༢༠༢༦/༠༤/༡༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese