མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཆོས་ལུཊ་ཕན་ཚུན་གྱི་མཐུན་ལམ་གལ་ཆེན་ཆཊ་ཡོད།

བོད་ཀྱི་དུས་བབ།
༢༠༡༤/༠༩/༢༢
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་གིས་རྒྱལ་ས་ལྡི་ལིར་ཚོགས་པའི་ཆོས་ལུགས་འདྲ་མིན་གྱི་ལྷན་ཚོགས་ཐོག འཛམ་གླིང་ནང་ཆོས་ལུགས་ཕན་ཚུན་གྱི་མཐུན་ལམ་གལ་ཆེན་ཆགས་ཡོད་སྟབས། ཆོས་ལུགས་དབུ་ཁྲིད་ཚོས་དམིགས་ཡུལ་ངེས་ཅན་ཞིག་གི་ཐོག་འགྲོ་ཐུབ་པའི་གོ་བསྡུར་གནང་དགོས་སྐོར་གསུང་འདུག

ཟླ་འདིའི་ཚེས་ ༡༩ ཉིན་༧གོང་ས་མཆོག་གིས་རྒྱ་གར་གྱི་གྲོང་ཁྱེར་མུམ་བྷེ་ཁུལ་གྱི་མཛད་འཕྲིན་ལེགས་པར་གྲུབ་ཏེ་རྒྱལ་ས་ལྡི་ལིར་ཞབས་སོར་འཁོད་ཡོད་པ་དང་། ཚེས་ ༢༠ དང་ ༢༡ བཅས་ཉིན་གཉིས་རིང་ཧ་ཡྰ་ཌེ་ (Hyatt) མགྲོན་ཁང་དུ་རྒྱ་གར་ནང་གི་ཆོས་ལུགས་འདྲ་མིན་གྱི་ལྷན་ཚོགས་ (A Meeting of Diverse Spiritual Traditions in India) ཐོག་ཆིབས་སྒྱུར་དབུ་བཞུགས་གནང་ཡོད་པ་མ་ཟད། དེར་ཡོད་ཆོས་ལུགས་ཁག་གི་དབུ་ཁྲིད་རྣམ་པར་སྐུའི་མཛད་འགན་གསུམ་ངོ་སྤྲོད་དང་འབྲེལ། འཛམ་གླིང་ཞི་བདེ་དང་ད་ལྟའི་འཛམ་གླིང་ནང་གི་དཀའ་རྙོག་གནས་སྟངས། ཆོས་ལུགས་ཕན་ཚུན་གྱི་མཐུན་ལམ་བཅས་ཀྱི་སྐོར་ནས་བཀའ་སློབ་གནང་ཡོད་འདུག འཛམ་གླིང་ཞི་བདེའི་སྐོར་ལ་བཀའ་སློབ་གནང་སྐབས་༧གོང་ས་མཆོག་གིས། ང་ཚོས་གསོལ་བ་སྨོན་ལམ་རྐྱང་བརྒྱབ་ཏེ་འཛམ་གླིང་ཞི་བདེར་བསྐྲུན་མི་ཐུབ། འཛམ་གླིང་ནང་གི་དྲག་སྤྱོད་ཀྱི་རིགས་དང་གཏོར་བརླག་གི་གནས་ཚུལ་ཚང་མ་འགྲོ་བ་མི་རང་གིས་བཟོས་པ་ཡིན་སྟབས། གནད་དོན་འདིའི་རིགས་ཐག་གཅོད་གནང་བར་ང་རང་ཚོ་རང་ཉིད་ཀྱིས་འབད་བརྩོན་གནང་དགོས་པ་ཆགས་ཡོད་ལ། དཀའ་རྙོག་དང་གནད་དོན་དག་གི་སེལ་རྒྱུའི་ཐབས་ལམ་གཙོ་བོ་ཕན་ཚུན་ཞི་མོལ་གྱི་ལམ་ནས་སེལ་རྒྱུ་ཧ་ཅང་གལ་ཆེན་ཡིན་སྐོར་སོགས་གསུངས་འདུག

ཆོས་ལུགས་ཕན་ཚུན་གྱི་མཐུན་ལམ་སྐོར་ལ་༧གོང་ས་མཆོག་གིས། འཛམ་གླིང་གི་ཆོས་ལུགས་ཚང་མས་དད་ཡུལ་མི་འདྲ་བ་དང་ཆོས་ལུགས་སྒེར་གྱི་གནད་དོན་དེ་དག་གལ་ཆེན་མིན་པར། ཆོགས་ལུགས་ཁག་གི་ལས་འགན་གཙོ་བོ་འཛམ་གླིང་མི་མང་ཁྲོད་བྱམས་པ་དང་སྙིང་རྗེ་ཁྱབ་སྤེལ་གཏོང་རྒྱུ་དེ་ཆགས་ཡོད་པ་དང་། ཆོས་ལུགས་མཐུན་སྒྲིལ་གྱི་ཐད་ནས་རྒྱ་གར་ནང་ཆོས་ལུགས་ཕན་ཚུན་བར་གནས་ཚུལ་ཆུང་ཚགས་རེ་འབྱུང་གི་ཡོད་ཀྱང་། སྤྱི་ཡོངས་ཀྱི་ཆ་ནས་འཛམ་གླིང་གི་མིག་དཔེ་ལྟ་ས་ཆགས་ཡོད་ཚུལ་གསུངས་ཡོད་པ་མ་ཟད། ད་ལྟའི་དུས་འདིར་འཛམ་གླིང་ནང་ཆོས་ལུགས་ཕན་ཚུན་གྱི་མཐུན་ལམ་དེ་ཧ་ཅང་གལ་ཆེན་ཆགས་ཡོད་པ་དང་། དམིགས་ཡུལ་ངེས་ཅན་ཞིག་གི་ཐོག་འགྲོ་ཐུབ་པར་ཆོས་ལུགས་ཁག་གི་དབུ་ཁྲིད་ཚང་མས་བགྲོ་གླེང་གོ་བསྡུར་གནང་རྒྱུ་ཧ་ཅང་གལ་ཆེན་ཆགས་ཡོད་སྐོར་སོགས་གསུངས་ཡོད་འདུག

དེ་རིང་སྔ་དྲོ་༧གོང་ས་མཆོག་གིས་རྒྱལ་ས་ལྡི་ལི་ཁུལ་དུ་ཡོད་པའི་ཕྱི་རྒྱལ་གྱི་གཞུང་ཚབ་མི་སྣ་ཁག་ཅིག་དང་རྒྱ་གར་གྲོས་ཚོགས་ཀྱི་འཐུས་མི་ཁག་ཅིག་ལ་མཇལ་འཕྲད་གནང་གི་ཡོད་པ་དང་། ཉིན་རྒྱབ་ཕྱིར་བཞུགས་སྒར་དྷ་རམ་ས་ལར་ཆིབས་བསྒྱུར་གནང་རྒྱུ་ཡིན་འདུག

ཚེས་ ༡༨ ཉིན་༧གོང་ས་མཆོག་མུམ་བྷེར་རྟེན་གཞི་བྱས་པའི་རྒྱ་གར་ཚོང་ལས་སྒྲིག་འཛུགས་དང་དེའི་ཡན་ལག་བུད་མེད་ཚོང་ལས་སྒྲིག་འཛུགས་བཙུགས་ནས་ལོ་ ༡༠༨ འཁོར་བའི་དུས་དྲན་མཛད་སྒོར་ཆིབས་སྒྱུར་གནང་ཡོད་པ་མ་ཟད། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ (Secular Ethics) ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་དང་དྲི་བ་ལན་འདེབས་བཅས་གནང་འདུག ཉིན་དེར་བཀའ་སློབ་གནང་༧གོང་ས་མཆོག་གིས། ངོས་རང་ནམ་རྒྱུན་མི་སུ་འདྲ་ཞིག་དང་ཐུག་ཀྱང་འགྲོ་བ་མི་གཅིག་པ་ཡིན་བསམ་པའི་འདུ་ཤེས་ཡོང་བཞིན་འདུག ང་ཚོར་འཕྲད་བཞིན་པའི་དཀའ་ངལ་མང་དག་ཅིག་མིས་བཟོས་པ་ཆགས་ཡོད། རྒྱུ་མཚན་གང་ཡིན་བརྗོད་ན། ང་ཚོ་ཚང་མ་འགྲོ་བ་མིའི་ཁྱིམ་ཚང་གཅིག་ཡིན་བསམ་པའི་འདུ་ཤེས་འཛིན་རྒྱུའི་ཚབ་ཏུ་ང་ཚོ་ཕན་ཚུན་དབར་ཐོབ་གོ་ས་དང་དབུལ་ཕྱུག མི་རིགས། ཆོས་ལུགས་སོགས་ཕྲན་བུའི་ཁྱད་པར་ཡོད་པ་དེ་དག་གནད་དོན་གཙོ་བོ་ལྟ་བུ་བརྩིས་སྟབས། རྙོག་གྲ་འབྱུང་བཞིན་ཡོད། འགྲོ་བ་མི་ཚང་མར་གཅིག་གྱུར་གྱི་འདུ་ཤེས་འཛིན་ཐུབ་ཚེ་རྙོག་གྲ་ཡོང་གཞི་གང་ཡང་མེད། ཁོར་ཡུག་གི་འགྱུར་ལྡོག་ལ་མཚོན་ནའང་། འགྲོ་བ་མི་སྤྱི་ཡོངས་ལ་འབྲེལ་བ་ཆགས་ཡོད། དེང་སྐབས་གོ་ལའི་དཔལ་འབྱོར་གྱི་གནས་སྟངས་རྒྱལ་མཚམས་དང་ཆོས་ལུགས་ཀྱི་ས་མཚམས་ལས་བརྒལ་ཏེ་དར་ཁྱབ་འགྲོ་བཞིན་ཡོད། ཕྱོགས་མཚུངས་འཛམ་གླིང་ནང་མི་འབོར་མུ་མཐུད་ཇེ་མང་དུ་འགྲོ་བཞིན་ཡོད། དབུལ་ཕོངས་ཇེ་མང་དུ་ཕྱིན་ནས་དབུལ་ཕྱུག་གི་བར་ཁྱད་ཆེ་རུ་འགྲོ་བཞིན་ཡོད། འདི་ནི་བཟང་སྤྱོད་དང་ཡོངས་སུ་འགལ་བ་ཞིག་ཡིན་སྟབས། དབུལ་ཕྱུག་བར་ཁྱད་པར་བྱུང་ཚེ་དཀའ་ངལ་འཕྲད་རྒྱུ་རེད། དཀའ་ངལ་དེ་དག་སེལ་བར་འགྲོ་བ་མི་རིགས་གཅིག་གྱུར་གྱི་འདུ་ཤེས་འཛིན་རྒྱུ་ཧ་ཅང་གལ་ཆེན་ཆགས་ཡོད། དེ་ལྟར་ཡོང་བར་ཕན་ཚུན་ཡིད་ཆེས་དགོས་པ་དང་། ཡིད་ཆེས་ཡོང་བར་ཕན་ཚུན་གཅིག་གྱུར་གྱི་འདུ་ཤེས་འཛིན་དགོས། ཞེས་གསུངས་འདུག

དྲི་བ་དྲིས་ལན་སྐབས་ཚོགས་བཅར་བ་ཞིག་གིས་རྒྱ་ནག་གི་སྲིད་འཛིན་རྒྱ་གར་ནང་འཚམས་གཟིགས་སུ་ཕེབས་ཡོད་པ་དེར་དགོངས་ཚུལ་གང་ཡོད་ཀྱི་ལན་དུ་༧གོང་ས་མཆོག་གིས། འདི་ཆབ་སྲིད་ཀྱི་གནད་དོན་ཞིག་ཡིན། ངོས་ཀྱིས་ཕྱི་ལོ་ ༢༠༡༡ ལོར་བོད་མིའི་ཆབ་སྲིད་ཀྱི་ལས་འགན་ཡོངས་རྫོགས་མང་གཙོའི་ལམ་ནས་འོས་འདེམས་ བྱུང་བའི་བཀའ་བློན་ཁྲིད་པར་རྩིས་སྤྲོད་ཟིན་པར་བརྟེན་ད་ཆ་ངོས་རང་རྒན་ཡོལ་ཆ་ཚང་ཞུས་ཟིན། སྤྱིར་རྒྱ་དཀར་ནག་གཉིས་ཀྱི་འབྲེལ་བ་འདི་ཕན་ཚུན་ཡིད་ཆེས་གཞི་རྩར་བཞག་པའི་ཐོག་ནས་གོང་འཕེལ་གཏོང་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ངོས་ཀྱི་རེ་བར་ཐེངས་འདིར་རྒྱ་ནག་གི་སྲིད་འཛིན་མཆོག་རྒྱ་གར་ནང་སྐད་ཡིག་དང་རིག་གཞུང་། ཆོས་ལུགས་སོགས་འདྲ་མིན་མང་པོ་ཡོད་པ་དེ་དག་གིས་རྒྱ་གར་ཁ་བྲལ་ནམ་ཡང་འགྲོ་གི་མེད་པ་མ་ཟད། རྒྱལ་ཁབ་ཡར་རྒྱས་ཕྱོགས་སུ་གོམ་སྟབས་སྤོ་ཐུབ་རྒྱུར་མཐུན་པའི་རྐྱེན་དུ་འགྲོ་བཞིན་ཡོད་པ་འདི་གསལ་པོ་གཟིགས་ཐུབ་པའི་རེ་བ་བྱེད་བཞིན་ཡོད། རྒྱ་ནག་འགོ་ཁྲིད་ཚོས་འཆམ་མཐུན་གྱི་སྤྱི་ཚོགས་བསྐྲུན་རྒྱུར་ཡིད་སྨོན་བྱེད་བཞིན་ཡོད། སྤྱི་ཚོགས་ནང་འཆམ་མཐུན་དགོས་ན་ཕན་ཚུན་ཡིད་ཆེས་དགོས། དྲག་པོའི་སྟོབས་ཤུགས་ལ་བརྟེན་ནས་སྤྱི་ཚོགས་འཆམ་མཐུན་ཞིག་སྐྲུན་ཐབས་མེད། ལར་ནས་འཛམ་གླིང་ནང་ཕྱིའི་བདེ་འཇགས་ཀྱི་འགྲོ་སོང་ལས་རྒྱལ་ནང་གི་བདེ་འཇགས་ཀྱི་འགྲོ་སོང་ཆེ་བ་གཏོང་མཁན་རྒྱ་ནག་གཅིག་པུ་ཆགས་ཡོད། ཅེས་གསུངས་ཡོད་འདུག

དེ་བཞིན། ༧གོང་ས་མཆོག་གིས་ཞི་ཅིན་ཕིན་གྱིས་དེང་སྐབས་རྒྱ་ནག་ནང་ལྐོག་ཟའི་དཀའ་ངལ་སེལ་ཐབས་སུ་འབད་བརྩོན་གནང་བཞིན་པར་བསྔགས་བརྗོད་དང་། ཉེ་ལམ་ཧྥ་རན་སིའི་རྒྱལ་སར་རྒྱ་ནག་སྤྱི་ཚོགས་ནང་རིག་གཞུང་ཉམས་གསོ་ཡོང་རྒྱུར་ནང་ཆོས་ཀྱིས་ཕན་ཐོགས་ཆེན་པོ་བསྒྲུབ་ཐུབ་རྒྱུ་ཡིན་སྐོར་གསུངས་ཡོད་པ་དེར་བསྔགས་བརྗོད་མཛད་པ་མ་ཟད། རྒྱ་ནག་འགོ་ཁྲིད་མཁྲེགས་འཛིན་པ་ཚོས་དཀའ་ངལ་ལ་བསམ་ཤེས་གང་ཡང་མི་བྱེད་པར་མགོ་ལྕག་གཞུ་རྒྱུའི་ཐབས་ལམ་ལག་བསྟར་བྱེད་བཞིན་པ་དག་དང་བསྡུར་བ་ཡིན་ན། ཁོང་དངོས་ཐོག་བདེན་འཚོལ་གནང་མཁན་ཞིག་ཡིན་པའི་ཐུགས་སྣང་བྱུང་ཡོད་སྐོར་སོགས་གསུངས་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་བོད་དོན་གླེང་སློང་ངེས་པར་དུ་གནང་དགོས་པའི་ངོ་རྒོལ་ལས་འགུལ་སྤེལ།

༢༠༢༦/༠༧/༡༠
བསམ་ཚུལ།

བོད་ཀྱི་དཔའ་རྒོད་རང་བཙན་བློ་དགའ་ལས་འཕྲོས་པའི་རྗེས་དྲན།

༢༠༢༦/༠༧/༡༠
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གི་ཞབས་པུས་དྲག་སྐྱེད་བྱུང་མུས་ཡིན་པར་གསུངས། 

༢༠༢༦/༠༧/༠༩
A magnitude 5.29 earthquake struck the Sichuan province in southwestern China on Sunday, June 28, 2026
Mobile App

ཟི་ཁྲོན་ཞིང་ཆེན་ཁུལ་དུ་ཚད་རིམ་ལྔ་ཅན་གྱི་ས་ཡོམ་བསྟུད་མར་བྱུང་། 

༢༠༢༦/༠༧/༠༩
Advertisement for App

ཕྱི་ལོ་ ༢༠༢༦ སྐྱིད་ཚལ་གླིང་གི་སློབ་ཡོན་གསལ་བསྒྲགས།

༢༠༢༦/༠༧/༠༩
Mobile App

ཨ་རིས་བོད་དོན་འཐབ་རྩོད་ལ་རྒྱབ་སྐྱོར་བྱ་རྒྱུ་བསྐྱར་ནན་བྱས།

༢༠༢༦/༠༧/༠༩

མཆན། 2

  1. ཨ་མའི་བུ། says:
    ལོ་ 12 སྔོན།

    ངོ་མ་གོང་ས་མཆོག་གི་དགོངས་གཞི་འཛམ་གླིང་ལ་ཕན་པའི་ཕུགས་འདུན་ཞེ་བའི་ཡག་པོ་རེད་།གོང་ས་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་པའི་སྨོན།

    Reply
  2. ཨ་མའི་བུ། says:
    ལོ་ 12 སྔོན།

    ངོ་མ་གོང་ས་མཆོག་གི་དགོངས་གཞི་འཛམ་གླིང་ལ་ཕན་པའི་ཕུགས་འདུན་ཞེ་བའི་ཡག་པོ་རེད་།གོང་ས་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་པའི་སྨོན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese