མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལོག་ལྟ་ཆོས་ལུཊ་ཀྱི་ངོ་བོར་བསྒྱུར་ཐབས་བྱས་ན་མི་འགྲིག

བོད་ཀྱི་དུས་བབ།
༢༠༡༤/༡༠/༢༧
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་གིས་ཁེ་ན་ཌའི་ནང་གི་མཛད་འཕྲིན་གྲུབ་སྟེ་ཨ་རིའི་ནང་ཞབས་སོར་འཁོད་ཡོད་ཅིང་། དེ་གའི་མི་མང་ལ་སློབ་ཕྲུག་ཚོར་བྱམས་བརྩེ་གཞི་ལ་བཞག་པའི་ཤེས་ཡོན་སློབ་གསོ་སྤྲོད་དགོས་པ་གལ་འགངས་ཆེན་པོ་ཡིན་སྐོར་གསུངས་འདུག

ཟླ་འདིའི་ཕྱི་ཚེས་ ༢༠ ཉིན་༧གོང་ས་མཆོག་ཁེ་ན་ཌའི་གྲོང་ཁྱེར་ཝན་ཁོ་ཝར་(Vancouver)ནང་ཞབས་སོར་འཁོད་ཡོད་ཅིང་། ཕྱི་ཚེས་ ༢༡ ནས་ ༢༤ ཉིན་བར། ཁུལ་དེའི་ནང་གི་སློབ་ཆེན་དང་རིག་གཞུང་ལྟེ་གནས་ཁང་སོགས་སུ་མི་མང་ལ་བཀའ་སློབ་དང་། རྒྱལ་སྤྱིའི་ཚན་རིག་པ་དང་ཚོང་ལས་སྡེ་ཚན་འདྲ་མིན་གྱི་སྤྱི་ཁྱབ་འགན་འཛིན་ཁག་ཅིག་ལ་བཟང་སྤྱོད་དང་འབྲེལ་བའི་ཐོག་བཀའ་བསྡུར་བཅས་གནང་ཡོད་འདུག གཞན། ཁེ་ན་ཌའི་སྤྱི་ཚོགས་ཡར་རྒྱས་བློན་ཆེན་སྐུ་ཞབས་ཇེ་སོན་ཀེན་ནི་(Jason Kenney )ལགས་དང་དཔྱ་ཁྲལ་བློན་ཆེན་སྐུ་ཞབས་ཀེར་རི་ལིན་ཕིན་ཌེ་ལེ་ (Kerry-Lynn Findlay)ལགས་རྣམ་གཉིས་གཙོས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ ༡༠ ལ་མཇལ་འཕྲད་གནང་ཡོད་འདུག

ཕྱི་ཚེས་ ༢༣ ཉིན་བོད་རིགས་ ༡༠༠༠ ལྷག་ལ་བཀའ་སློབ་གནང་སྐབས། ཁོང་གིས་ང་ཚོ་བཙན་བྱོལ་དུ་འབྱོར་ནས་ལོ་ངོ་ ༥༥ ལྷག་བརྒལ་བཞིན་ཡོད། ད་ལྟ་མི་རབས་གསར་པ་ཚོས་ཀྱང་སོ་སོའི་བུ་ཕྲུག་གསོ་སྐྱོང་བྱས་ཏེ་མི་ཐོག་བརྗེ་བཞིན་ཡོད་ཀྱང་། བོད་ཀྱི་རིག་གཞུང་སྲུང་སྐྱོབ་ལ་ལྷག་བསམ་དང་མི་རིགས་ཀྱི་ལ་རྒྱ་སྔར་ལྷག་ཆེ་རུ་འགྲོ་བཞིན་ཡོད། བོད་ཀྱི་རྩ་དོན་འདི་ད་ལྟའང་མ་ཤི་གསོན་པོར་གནས་ཡོད་པའི་རྒྱུ་མཚན་གཅིག་དེ་ཆོས་དང་རིག་གཞུང་ལ་བརྟེན་ནས་བྱུང་ཡོད། དེ་སྔོན་ངས་བརྗོད་རྒྱུ་བྱུང་། བོད་ཀྱི་ནང་བསྟན་ཆོས་ལུགས་ནི་གཞན་དང་མ་འདྲ་བར་མཚན་ཉིད་ཀྱི་རིགས་ལམ་ཐོག་ནས་བརྟག་དཔྱད་ཀྱིས་གཏན་ལ་ཕབ་པ་ཞིག་དང་། རང་རེའི་སྐད་ནི་ནཱ་ལེནྜའི་ནང་པའི་ཆོས་བརྒྱུད་དཔྱིས་ཕྱིན་པ་འགྲེལ་བཤད་རྒྱག་ཐུབ་མཁན་དེ་ཡིན། དེང་སྐབས་ནཱ་ལེནྜ་ནི་གྱང་རོ་ཞིག་ལས་མེད་ཀྱང་། འདི་ལས་བྱུང་བའི་ཆོས་བརྒྱུད་བོད་ཀྱི་རིག་གཞུང་ནང་གསོན་པོར་གནས་ཡོད་པ་ལ་ཧ་ཅང་དགེ་མཚན་ཆེན་པོ་ཞིག་ཡོད། རྒྱ་ནག་ཏུ་ནང་པའི་མི་འབོར་ས་ཡ་བཞི་བརྒྱ་ནས་ལྔ་བརྒྱའི་བར་ཡོད་པ་ཚོའི་ཁྲོད་ཀྱི་མང་པོ་ཞིག་བོད་ཀྱི་ནང་ཆོས་ལ་དོ་སྣང་བྱེད་རྒྱུ་ཤུགས་ཆེ་རུ་འགྲོ་བཞིན་ཡོད། ཅེས་སོགས་གསུངས་འདུག

ཕྱི་ཚེས་ ༢༤ ཉིན་ཨ་རིའི་ཨ་ལཱ་བྷ་མ་ (Alabama)མངའ་སྡེའི་བྷར་མིན་ཧམ་གྲོང་ཁྱེར་དུ་ཞབས་སོར་འཁོད་ཡོད་པ་དང་། ཕྱི་ཚེས་ ༢༥ ཉིན་ཨ་ལཱ་བྷ་མའི་གཙུག་ལག་སློབ་ཁང་ནང་དུ་ཀླད་རྩའི་འགྱུར་ལྡོག་དང་གསོ་ཐབས་སྐོར་གྱི་བགྲོ་གླེང་ཐོག་ཞུགས་ཡོད་ཅིང་། ཚེས་ ༢༦ ཉིན་གྱི་སྔ་དྲོར་བྷར་མིན་ཧམ་གྲོང་ཁྱེར་ལས་ཁུངས་ཀྱི་གོ་སྒྲིག་འོག་༧གོང་ས་མཆོག་གིས་ཆོས་དད་ཀྱི་ར་བ་ལས་བརྒལ་བ་ (Beyond Belief)ཞེས་པའི་ཆོས་ལུགས་འདྲ་མིན་གྱི་མི་སྣའི་བགྲོ་གླེང་ཐོག་ལྷན་ཞུགས་གནང་ཡོད་པ་དང་། ཉིན་རྒྱབ་གྲོང་ཁྱེར་དེའི་རྩེད་ཐང་དུ་མི་ ༨༠༠༠ བརྒལ་བར་ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་ (Secular Ethics in Our Time) ཅེས་པའི་ཐོག་གསུང་བཤད་གནང་ཡོད་འདུག

སྐབས་དེར་༧གོང་ས་མཆོག་གིས། ཆོས་ལུགས་གང་འདྲ་ཞིག་ཡིན་རུང་བྱམས་བརྩེའི་བསླབ་བྱ་དགོས་སྐོར་གཅིག་མཚུངས་གསུང་གི་ཡོད། སྤྱིར་བཏང་ཁ་ཆེ་དང་ཡེ་ཤུ་ཙམ་དུ་མ་ཟད། ནང་པ་སངས་རྒྱས་པའི་ཆོས་ཀྱི་རྗེས་འབྲང་ནང་དུའང་ལོག་ལྟ་མཁན་ཡོད་སྲིད། གལ་ཏེ་ལོག་ལྟའི་བྱ་སྤྱོད་དེ་རིགས་ཆོས་ལུགས་ཤིག་གི་ངོ་བོར་བསྒྱུར་ཐབས་བྱས་ན་ འགྲིག་གི་མེད་ལ། དེ་བཞིན་ང་ཚོ་ནི་སྐྱེ་བ་ནས་འཆི་བའི་བར་མཚམས་སུ་འཚོ་བཞིན་གནས་པའི་སེམས་ཅན་ཞིག་ཆགས་ཡོད་སྟབས། ལུས་སེམས་གཉིས་བདེ་གནས་ཐོག་ཞི་བདེའི་ངང་ནས་འཚོ་ཐབས་ལ་སྔར་ལྷག་འབད་བརྩོན་བྱེད་དགོས་པ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། གང་ཡིན་ཞེ་ན། སེམས་སྐྱིད་པོ་བྱུང་ན་ལུས་པོ་བདེ་ཐང་ལ་ཕན་ཐོགས་ཆེན་པོ་ཡོད། ལྷག་པར་དུ་རང་ཉིད་ཀྱི་མི་ཚེ་སྐྱིད་པོ་ཞིག་དང་ཁྱིམ་ཚང་བདེ་སྐྱིད་ལྡན་པ་ཞིག་ཡོང་རྒྱུར་དངུལ་དང་དབང་ཤུགས་ཁོ་ནའི་ཡོང་ཐབས་མེད་སྟབས། རང་རྒྱུད་ལ་ཡོད་པའི་བཟང་སྤྱོད་གོང་སྤེལ་ཐོག་ང་ཚོས་གཞན་གཅེས་འཛིན་གྱི་བསམ་བློ་གཏོང་ཐུབ་ན། རང་ཉིད་ལ་བདེ་སྐྱིད་ཡོང་གི་ཡོད། དེ་ལྟར་ཡོང་བར་སློབ་ཆུང་སྐབས་ནས་སློབ་ཆེན་བར་གྱི་སློབ་ཕྲུག་སོགས་ལ་བྱམས་བརྩེ་གཞི་ལ་བཞག་པའི་ཐོག་ནས་ཤེས་ཡོན་སློབ་གསོ་སྤྲོད་དགོས་པ་ཤིན་ཏུ་གལ་འགངས་ཆེན་པོ་ཆགས་ཡོད། ཅེས་སོགས་གསུངས་འདུག

ཕྱི་ཚེས་ ༢༨ ཉིན་༧གོང་ས་མཆོག་ཨ་རིའི་ཉིའུ་ཇར་སི་ཡི་ཕི་རིན་སི་ཊོན་(Princeton)གཙུག་ལག་སློབ་ཆེན་ནང་མི་མང་ལ་བྱམས་བརྩེའི་སྐོར་ལ་བཀའ་སློབ་གནང་རྒྱུ་ཡིན་པ་དང་དེ་ནས་རིམ་གྱིས་ཨ་རིའི་གྲོང་ཁྱེར་བྷོ་སི་ཊོན་དང་ཉེའུ་ཡོག་དུ་ཆིབས་བསྒྱུར་གྱིས་མི་མང་ལ་ཆོས་འབྲེལ་དང་། འཛམ་གླིང་བཟང་ཕྱོགས་སུ་འགྱུར་བ་གཏོང་མཁན་རླབས་ཆེན་མི་སྣའི་བགྲོ་གླེང་སོགས་སུ་མཉམ་ཞུགས་གནང་རྒྱུ་ཡིན་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

བོད་རྣམ་གླིང་རྫོང་ཁོངས་སུ་ཁུང་ཙིའི་སློབ་གསོ་ལག་བསྟར་མགོ་འཛུགས་བྱས།

ཆུ་ཚོད་ ༡༡ སྔོན་ལ།
TTT
Mobile App

བོད་མི་རྣམས་ལ་མཐུན་རྐྱེན་སྦྱོར་སྤྲོད་གང་ཐུབ་གནང་རྒྱུ་ཡིན་པ་བསྐྱར་ནན་གསུངས།

ཆུ་ཚོད་ ༡༤ སྔོན་ལ།
རྩོམ་པ་པོ་འཛུམ་ཤུལ་འཇམ་དབྱངས་ཐབས་མཁས་ལགས་ཀྱིས་བརྩམས་པའི་དཔེ་དེབ་དབུ་འབྱེད། པར་བོད་ཀྱི་དུས་བབ་གསར་ཁང་གི་བསྒྲིགས། ༢༠༢༦།༦།༡༢
Mobile App

ང་ཚོས་རྒྱ་ནག་གི་དྲག་གནོན་ལ་འཚེ་མེད་ཞི་བའི་ཐོག་ནས་ཁ་གཏད་བཅག་པ་ནི་རྗེས་དྲན་བྱ་འོས་པ་ཞིག་ཡིན།

༢༠༢༦/༠༦/༡༢
ཆེས་མཐོའི་ཁྲིམས་ཞིབ་ཁང་གི་གཏུག་བཤེར་ཁང་དུ་སྔོན་འགྲོའི་ཉན་ཞིབ་ཚོགས་པ་དང་འབྲེལ་བའི་ཐག་གཅོད་གནང་སྐབས། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་པར།
Mobile App

བདེ་སྙན་དེབ་འགོད་ཨང་ ༡ ངོས་བཞེས་རྩིས་མེད་དུ་སོང་བའི་ཐག་གཅོད་གནང་།

༢༠༢༦/༠༦/༡༢
བཀའ་ཟུར་ཇོ་དཔལ་དཔལ་འབྱོར་ཚེ་རིང་མཆོག་ལ་མཆོད་འབུལ་སྨོན་ལམ། བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༦།༦།༡༢
Mobile App

བཀའ་ཟུར་ཇོ་དཔལ་དཔལ་འབྱོར་ཚེ་རིང་མཆོག་འདས་གྲོངས་སུ་གྱུར།

༢༠༢༦/༠༦/༡༢
Front Slider

བདེ་སྙན་དེབ་འགོད་ཨང་ ༡ ངོས་བཞེས་རྩིས་མེད་དུ་སོང་བའི་ཐག་གཅོད་གནང་།

༢༠༢༦/༠༦/༡༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese