མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཐ་དད་ཡིན་ས་དེར་བསམ་བློ་མ་གཏོང་། གཅིག་གྱུར་ཡིན་ས་དེར་བསམ་བློ་ཐོངས།

བོད་ཀྱི་དུས་བབ།
༢༠༡༤/༡༡/༡༡
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་སྔ་དྲོར་དྷ་ས་ཐེག་ཆེན་གཙུག་ལག་ཁང་དུ་༧གོང་ས་མཆོག་གིས་ལྷོ་ཀོ་རི་ཡའི་ཆོས་ཞུ་བ་གཙོ་བོར་གྱུར་བའི་སེར་སྐྱ་མི་མང་ལ་ཉིན་གྲངས་ ༣ རིང་གི་གསུང་ཆོས་དབུ་འཛུགས་གནང་སོང་།

དེ་རིང་སྔ་དྲོར་དྷ་ས་ཐེག་ཆེན་གཙུག་ལག་ཁང་དུ། ༧གོང་ས་མཆོག་གིས་ལྷོ་ཀོ་རི་ཡའི་དད་ལྡན་ཆོས་ཞུ་པ་ ༣༥༠ ཙམ་གྱི་གཙོས་འཛམ་གླིང་གི་རྒྱལ་ཁབ་ ༥༧ ནས་ཡོང་བའི་ནང་ཆོས་དོན་གཉེར་བ་ ༩༠༠ ལྷག་དང་། དྷ་ས་ཁུལ་གྱི་སེར་སྐྱ་མི་མང་བཅས་མི་གྲངས་ ༤༠༠༠ ཙམ་ལ། མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རིན་ཆེན་ཕྲེང་བའི་གསུང་ཆོས་དབུ་འཛུགས་གནང་སོང་།

གསུང་ཆོས་དབུ་འཛུགས་མ་བྱས་གོང་དུ། ༧གོང་ས་མཆོག་གིས་དུས་རབས་ཉེར་གཅིག་པའི་ནང་ལོ་ངོ་སྟོང་ཕྲག་ནས་བརྒྱུད་པའི་ཆོས་ལུགས་རྣམས་དགོས་མཁོ་དང་འབྲེལ་བ་ཡོད་མེད་སྐོར་བཀའ་སློབ་གནང་སྐབས། ལྷོ་ཀོ་རི་ཡའི་ནང་རང་སྲོག་གཅོད་མཁན་ཡོད་མེད་བཀའ་འདྲི་གནང་སྐབས། ཀོ་རི་ཡའི་སྐད་ཀྱི་གསུང་སྒྱུར་བས་ད་སྐབས་ལྷོ་ཀོ་རི་ཡའི་ནང་ལོ་རེར་མི་ ༡༩༠༠༠ ཙམ་གྱིས་རང་ཤི་རྒྱག་གི་ཡོད་ལ། དེ་སྔོན་འཛམ་གླིང་ཐོག་རང་ཤི་རྒྱག་མཁན་མང་ཤོས་ཉི་ཧོང་ཡིན་ཡང་དེང་སྐབས་ལྷོ་ཀོ་རི་ཡ་མང་ཤོས་ཆགས་ཡོད་སྐོར་ཞུས་པར་༧གོང་ས་མཆོག་གིས། དངོས་པོ་ཡར་རྒྱས་ཆེན་པོ་ཕྱིན་པའི་ནུབ་ཕྱོགས་ལུང་པ་ཚོའི་ནང་སེམས་མ་སྐྱིད་པ་བྱེད་མཁན་མང་པོ་འདུག སེམས་མ་སྐྱིད་པ་ཡོང་བའི་རྒྱུ་རྐྱེན་གཙོ་བོ་སེམས་ནས་འཇིགས་སྣང་བྱེད་པ་དེ་ཡིན་ལ། འཇིགས་སྣང་ཡོང་བའི་རྒྱུ་རྐྱེན་མི་ཕན་ཚུན་བར་ཡིད་ཆེས་མེད་པར་དོགས་པ་བྱེད་པ་དང་། འགྲན་བསྡུར་ཞེ་དྲག་ཆེ་བ། ང་ང་ཟེར་ནས་རང་གཅིག་པུ་བསམ་བསྡད་པ་བཅས་ཀྱི་ཐོག་ནས་སེམས་ལ་དཀའ་ངལ་ཆེན་པོ་ཡོང་གི་ཡོད་པ་རེད།

སྔ་མོ་ཡིན་ན་ལ་དྭགས་དང་འབྲས་ལྗོངས་ལ་རང་ཤི་བརྒྱབ་པའི་གནས་ཚུལ་ཧ་ལམ་གོ་རྒྱུ་མེད་ཀྱང་དེང་སང་ཁ་ཤས་ཁ་ཤས་ཡོང་གི་འདུག འདས་པའི་ལོ་བཞི་བཅུ་ལྔ་བཅུའི་ནང་ལ་དྭགས་སུ་དངོས་པོ་ཡར་རྒྱས་ཞེ་དྲག་ཕྱིན་ཡོད་པ་དང་། སློབ་གྲྭ་མང་པོ་བཙུགས་ཏེ་ཤེས་ཡོན་གྱི་མཐུན་རྐྱེན་ཡང་ཤུགས་ཆེན་པོ་ཡར་རྒྱས་ཕྱིན་ཡོད་པ་རེད། ཡིན་ནའང་། སེམས་ལ་མ་སྐྱིད་པ་ཞིག་ཡོང་ནས་རང་ཤི་རྒྱག་གི་ཡོད་པས་གཅིག་གིས་འདང་གི་མེད་པ་རེད། དེར་བརྟེན་རིས་སུ་མ་ཆད་པའི་ཆོས་བརྒྱུད་དག་གིས་མིའི་སེམས་ལ་རེ་བ་ཞིག་བསྐྲུན་གྱི་ཡོད་སྟབས། དུས་རབས་ཉེར་གཅིག་པའི་ནང་འབྲེལ་བ་ཡོད་པ་དང་དགོས་མཁོ་ཡོད་པ་ཞིག་ཆགས་འདུག ཅེས་གསུངས་སོང་།

ཡང་ཆོས་བརྒྱུད་དང་རྒྱལ་ཁབ་གཅིག་པ་ཡིན་མིན་སོགས་ལ་མ་ལྟོས་པར་ནི་གཅིག་གྱུར་གྱི་འདུ་ཤེས་ཧ་ཅང་གལ་ཆེན་པོ་ཡིན་པའི་སྐོར་ལ་ཁོང་གིས། ང་ཚོ་ཚང་མའི་ཁ་ནས་ཞི་བདེ་ཞི་བདེ་ཟེར་གྱི་ཡོད་ཀྱང་འཁྲུག་པ་རྒྱག་མཁན་དང་གསོད་རེས་གཏོང་མཁན་ཞེ་དྲག་འདུག་གཱ། ཐབས་སྐྱོ་བ་ཞིག་ལ་ཆོས་ལུགས་མ་འདྲ་བ་རྒྱུ་མཚན་དུ་བྱས་ཏེ་གསོད་རེས་གཏོང་བ་དེ་དངོས་གནས་བློ་ཡུལ་ལས་འདས་པ་ཞིག་རེད། འཛམ་གླིང་འདིའི་སྒང་ལ་མི་གསོད་རེས་གཏོང་བ་ཡིས་མཚོན་པའི་འཚེ་བ་བྱེད་པ་ཟེར་བ་དེར་མི་གཅིག་གྱུར་གྱི་འདུ་ཤེས་ཡོད་ན། སོ་སོའི་ངོས་ནས་བརྩི་བཀུར་བྱེད་སའི་མི་དང་ཆོས་དད་མི་འདྲ་བ་ཡོད་པའི་མི་དེ་གཉིས་མི་ཡིན་པ་གཅིག་པ་ཡིན་པས་གཅིག་གྱུར་གྱི་འདུ་ཤེས་ཞེ་དྲག་གལ་ཆེན་པོ་རེད། འཛམ་གླིང་གི་མི་དུང་ཕྱུར་ ༧༠ ཟེར་དུས་ཆོས་ལུགས་དང་ཤ་མདོག་སོགས་ཀྱི་ཁྱད་པར་མེད་པར་འགྲོ་བ་མི་ཡིན་པ་གཅིག་པ་རེད།

ཁྱེད་རང་ཚོ་ཀོ་རི་ཡ་ལ་ཆ་བཞག་ན། ལྷོ་ཀོ་རི་ཡ་དང་བྱང་ཀོ་རི་ཡའི་མི་གཅིག་གྱུར་རེད། ཡིན་ནའང་། གཅིག་གྱུར་གྱི་འདུ་ཤེས་ལ་དོ་སྣང་ཞེ་དྲག་མ་བྱས་པར་མི་འདྲ་བའི་ཁྱད་པར་ཡོད་པ་དེ་རིམ་པ་གཉིས་པའི་ཐོག་མི་འདྲ་བ་ཐོན་ཡོང་གི་འདུག་གཱ ཤ་མདོག་མི་འདྲ་བ་དང་ཆོས་ལུགས་མི་འདྲ་བ། རྒྱལ་ཁབ་མི་འདྲ་བ་སོགས་རིམ་པ་གཉིས་པའི་སྒང་སླེབ་དུས་མི་འདྲ་བ་མང་པོ་ཡོད་པ་རེད། བསམ་བློ་ཐོངས་དང་། འཛམ་གླིང་ཐོག་རྙོག་དྲ་ཡོང་བའི་རྒྱུ་རྐྱེན་གཙོ་བོ་རིམ་པ་དང་པོ་སྟེ་མི་གཅིག་གྱུར་གྱི་འདུ་ཤེས་ཐོག་ཧ་ལམ་ཡོད་པ་མ་རེད། རིམ་པ་གཉིས་པ་མི་འདྲ་བ་མང་པོ་ཡོད་པ་དེའི་སྒང་ནས་རྙོག་དྲ་ཡོང་གི་ཡོད་པ་རེད། རྙོག་དྲ་དེ་ཚོ་སེལ་བར་ང་ཚོས་མི་གཅིག་གྱུར་ཡིན་པའི་འདུ་ཤེས་ཐོག་ཤུགས་ཏོག་ཙམ་བརྒྱབ་པ་ཡིན་ན། ག་ལེར་ག་ལེར་འགྱུར་བ་འགྲོ་བའི་རེ་བ་ཞིག་ཡོད་སྟབས། ཆོས་དད་ཡོད་ན་འདྲ་མེད་ན་འདྲ་མི་གཅིག་གྱུར་ཡིན་པའི་འདུ་ཤེས་དེ་གལ་ཆེན་པོ་ཞེ་དྲག་རེད་འདུག ཅེས་གསུངས་སོང་།

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

TTTT
Mobile App

སྐུ་སྒེར་དྲུང་ཆེ་བསྟན་འཛིན་སྟག་ལྷ་ལགས་སུ་ཁྲིག་རྩེ་གཟེངས་རྟགས་ཕུལ།

ཆུ་ཚོད་ ༢༡ སྔོན་ལ།
Front Slider

Public Reactions to the Election Results | Real Opinions & Views

ཆུ་ཚོད་ ༢༡ སྔོན་ལ།
མདོ་ཁམས་ཆུ་བཞི་སྒང་དྲུག་གཞིས་བྱེས་གཉིས་དང་ཧི་མ་ལ་ཡའི་ནང་པའི་ཆོས་ཚོགས་ཐུན་མོང་ནས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་བཞིན་པ། ༢༠༢༦།༠༥།༢༠ དུས་བབ་གསར་ཁང་གི་པར།
༸གོང་ས་མཆོག གསར་འགྱུར།

ཚོགས་སྡེ་གཉིས་ཀྱིས་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་སོང་།

ཆུ་ཚོད་ ༢༣ སྔོན་ལ།
Photo from the Facebook of Tsering Luding. Collected by Tibet Times.
Mobile App

བོད་མི་འཇིགས་བྲལ་ཀླུ་ལྡིང་ལགས་ཁེ་ན་ཌའི་དམག་དཔོན་ཞིག་ཏུ་བསྐོས་གཞག་གནང་འདུག

༢༠༢༦/༠༥/༢༠
རྒྱ་ནག་གཞུང་གིས་བོད་མགོ་ལོག་ཁུལ་དུ་དམར་ཤོག་དྲིལ་བསྒྲགས་སྤེལ་བ། ༢༠༢༣ བོད་འབྱོར་པར།
Mobile App

ཉིན་གྲངས་ ༡༥ ནང་བོད་དུ་བྱུང་བའི་ཆོས་དང་ཆབ་སྲིད་ཀྱི་གནས་ཚུལ་ཁག་ཅིག

༢༠༢༦/༠༥/༡༩
Mobile App

བོད་ཀྱི་འགྲེམས་སྟོན་ཁང་ཁག་གིས་འགྲེམས་སྟོན་བྱེད་ཕྱོགས་སྐོར་ལ་གྲོས་བསྡུར་གནང་།

༢༠༢༦/༠༥/༡༨

མཆན། 1

  1. dhemik69 says:
    ལོ་ 11 སྔོན།

    སྣ་མང་ཁྲོད་དུ་གཅིག་གྱུར་འདུ་ཤེས་ཡོད་ན་མི་རང་ཡིན།
    དེ་མིན་ལྟོས་དང་དུད་འགྲོའི་ཁྲོད་དུ་ཕན་ཚུན་གསོད་རེས་མང་།
    དེས་ན་༧གོང་ས་༧སྐྱབས་མགོན་རྒྱལ་བའི་དབང་པོ་གང་ཉིད་ཀྱིས།
    མི་རྣམས་མི་འདྲའི་ཁྲོད་དུ་གཅིག་གྱུར་འདུ་ཤེས་དགོས་པ་གསུངས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese