མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལྐོག་ཟ་རུལ་སུངས་བ་ ༢༨༨ རྩད་ཆོད་ཡོད་ཟེར།

བོད་ཀྱི་དུས་བབ།
༢༠༡༤/༡༡/༡༨
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་རྒྱ་ནག་ཉེན་རྟོག་ཁང་གིས་འདས་པའི་ཟླ་ཤས་རིང་ཕྱི་རྒྱལ་དུ་ཡོད་པའི་རྒྱ་ནག་གི་ལྐོག་ཟ་རུལ་སུངས་བ་ ༢༨༨ རྩད་ཆོད་ཟེར།

ཁ་སང་ཕྱི་ཚེས་ ༡༧ ཉིན་རྒྱ་ནག་ཉེན་རྟོག་ཁང་གིས། འདི་ལོའི་ཕྱི་ཟླ་ ༧ པ་ནས་བཟུང་རྒྱ་གཞུང་གིས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་བྲོས་བྱོལ་ཕྱིན་པའི་ལྐོག་ཟ་རུལ་སུངས་བ་རྩད་གཅོད་བྱས་ཏེ། འདས་པའི་ཟླ་བ་ ༤ ལྷག་གི་ནང་ཁྱོན་ལྐོག་ཟ་རུལ་སུངས་བ་ ༢༨༨ རྩད་གཅོད་ཐུབ་ཡོད་ཅིང་། དེའི་ནང་ནས་མི་ ༡༢༦ རང་འགུལ་གྱིས་ཕྱིར་ལོག་སྟེ་ནག་ཉེས་ངོས་ལེན་བྱས་ཡོད་པ་དང་། ད་ཆར་མུ་མཐུད་དུ་ཨ་རི་དང་ཁེ་ན་ཌ། སི་པེན། ཐའེ་ལན་ཌི། ཐའེ་ཝན། ཨ་ཧྥ་རི་ཁའི་རྒྱལ་ཁབ་ཁག་ཅིག་བཅས་ཁྱོན་རྒྱལ་ཁབ་ ༥༦ ནང་རྒྱ་ནག་གི་ལྐོག་ཟ་རུལ་སུངས་བ་རྩད་གཅོད་བྱེད་བཞིན་ཡོད་པ་དང་། ཕྱི་ལོ་ ༢༠༠༨ ནས་ ༢༠༡༣ བར་ཕྱི་རྒྱལ་དུ་ཡོད་པའི་ལྐོག་ཟ་རུལ་སུངས་བ་ཁྱོན་ ༨༡༠ རྩད་གཅོད་ཐུབ་ཡོད་པ་མ་ཟད། ཨ་རི་དང་ཁ་ན་ཌ། ཉི་ཧོང་། སྦེལ་ཇམ་སོགས་སྟོབས་འབྱོར་ཆེ་བའི་རྒྱལ་ཁབ་ཁག་ནས་མི་ ༨༤ རྩད་གཅོད་ཐུབ་ཡོད་སྐོར་བསྒྲགས་འདུག

འདི་ལོའི་ཕྱི་ཟླ་ ༡༠ པའི་ནང་རྒྱ་ནག་ཆེས་མཐོའི་མི་མང་ཞིབ་བཤེར་ཁང་དང་ཆེས་མཐོའི་ཁྲིམས་ཁང་། ཉེན་རྟོག་ཁང་། ཕྱི་འབྲེལ་ལྷན་ཁང་བཅས་མཉམ་འབྲེལ་གྱིས་༼ ཕྱི་རྒྱལ་གྱི་དཔལ་འབྱོར་དོགས་ཡོད་ཉེས་ཅན་ཚོས་རང་སྐྱོན་ངོས་ལེན་བྱེད་པར་སྐུལ་འདེད་ཀྱི་བརྡ་ཁྱབ།༽ཟེར་བ་ཞིག་བསྒྲགས་ཏེ། འདི་ལོའི་ཕྱི་ཟླ་ ༡༢ ཚེས་ ༡ ནང་ཚུད་དུ་ཕྱི་རྒྱལ་ཁག་ཏུ་ཡོད་པའི་ཉེས་ཅན་ཚོས། གནས་ཡུལ་གྱི་རྒྱ་ནག་གཞུང་ཚབ་ཁང་བརྒྱུད་དེ་ཉེན་རྟོག་ཁང་དང་མི་མང་ཞིབ་བཤེར་ཁང་། མི་མང་ཁྲིམས་ཁང་བཅས་ལ་རང་སྐྱོན་ཡར་ཞུ་བྱས་ཏེ་རང་འགུལ་གྱིས་རྒྱལ་ནང་དུ་ལོག་པ་ཡིན་ན། དངུལ་དངོས་ཀྱི་ཉེས་ཆད་སོགས་ཡང་དུ་གཏོང་རྒྱུ་ཡིན་པ་མ་ཟད། ནག་ཉེས་ཆུང་རིགས་ལ་ཁྲིམས་ཆད་མེད་པ་བཟོ་རྒྱུ་དང་། གལ་སྲིད་དེ་ལས་ལྡོག་ཚེ་ཉེན་རྟོག་ཁང་གིས་ནུས་པ་ཡོད་དགུ་བཏོན་ཏེ་འཛིན་བཟུང་གིས་ཁྲིམས་ལྟར་ཐག་གཅོད་ནན་པོ་བྱ་རྒྱུ་ཡིན་པའི་བཀའ་ཁྱབ་བཏང་འདུག

གནད་དོན་དཔྱད་ཞིབ་པ་ཚོས། རྒྱ་གཞུང་གིས་ཨ་རིའི་ནང་ཡོད་པའི་རྒྱ་ནག་གི་ལྐོག་ཟ་རུལ་སུངས་བ་རྩད་གཅོད་ཐུབ་ཡོད་ལུགས་བསྒྲགས་པ་དེར་ཡིད་ཆེས་མེད་སྐོར་དང་། རྒྱ་ནག་དང་ནུབ་ཕྱོགས་དམངས་གཙོའི་རྒྱལ་ཁབ་ཁག་བར་གྱི་རིན་ཐང་ལྟ་བ་དང་འདུ་ཤེས་འཛིན་སྟངས་ཀྱི་ཐོག་ཁྱད་པར་ཆེན་པོ་ཡོད་སྟབས། ཁྲིམས་འཛིན་མཉམ་འབྲེལ་ཐོག་དཀའ་ངལ་ཆེན་པོ་ཡོད་ལུགས་བརྗོད་འདུག

རྒྱ་ནག་གཞུང་འབྲེལ་གསར་ལམ་ཁག་གིས། ཕྱི་རྒྱལ་དུ་བྲོས་བྱོལ་ཕྱིན་པའི་ལྐོག་ཟ་རུལ་སུངས་བ་རྩད་གཅོད་བྱེད་སྐབས། ཕྱིའི་རྒྱལ་ཁབ་ཁག་ཅིག་གིས་ཉེས་ཅན་ལ་སྲོག་ཁྲིམས་མི་གཅོད་པའི་ཁས་ལེན་དགོས་པའི་རེ་བ་བཏོན་ཡོད་ཀྱང་། ཁྲིམས་ཀྱི་གཏན་འབེབས་ལྟར་ཉེན་རྟོག་ཁང་གིས་ཆེས་མཐོའི་ཁྲིམས་ཁང་ལ་གནས་ཚུལ་ཡར་ཞུ་བྱེད་དགོས་པ་དང་། ཆེས་མཐོའི་ཁྲིམས་ཁང་གིས་ཐག་གཅོད་བྱས་རྗེས། ཕྱི་འབྲེལ་ལྷན་ཁང་གིས་རྒྱལ་ཁབ་ཀྱི་ཚབ་བྱས་ཏེ་ཁས་ལེན་བྱེད་དགོས་སྐོར་བརྗོད་འདུག

རྒྱ་ནག་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་གིས་སྤེལ་བའི་སྙན་ཐོ་ཞིག་གི་ནང་། འདས་ལོའི་སྟོན་ཚིགས་དུས་ཆེན་དང་རྒྱལ་སྟོན་དུས་ཆེན་གྱི་གུང་གསེང་དང་བསྟུན་ཏེ། རྒྱ་གཞུང་གི་ལས་བྱེད་པ་ ༡༡༠༠ ཕྱི་རྒྱལ་དུ་ཕྱིན་ཏེ། དུས་ལྟར་ཕྱིར་ལོག་མེད་པ་མ་ཟད། དེའི་ནང་ནས་མི་ ༧༡༤ གཏན་ནས་ཕྱིར་ལོག་མེད་སྐོར་བརྗོད་ཡོད་པ་དང་། ཉེ་སྔོན་རྒྱ་ནག་སྤྱི་ཚོགས་ཚན་རིག་གླིང་གིས་འདི་ལོར་ལྐོག་ཟ་རུལ་སུངས་དང་འབྲེལ་བའི་གཞུང་ཞབས་པ་སྔར་ལས་མང་པོ་བྲོས་བྱོལ་དུ་ཕྱིན་ཡོད་པ་མ་ཟད། ཕྱི་རྒྱལ་དུ་ཁྱིམ་མི་གཉེན་འབྲེལ་ཡོད་པ་དང་རྒྱུ་དངོས་བཅོལ་འཇོག་བྱས་ཡོད་མཁན་ཚོ་བྲོས་བྱོལ་དུ་འགྲོ་བའི་གོ་སྐབས་མང་དུ་ཕྱིན་ཡོད་སྐོར་བརྗོད་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

ཨ་རི་དང་ཨི་རན་དམག་འཁྲུག་གི་ཆོས་པ་དང་སྲིད་དོན་པའི་རྩོད་རྙོག་མགོ་བཙུགས།

༢༠༢༦/༠༤/༡༧
བོད་རྨ་ཆུ་རྫོང་ཆུ་ཁ་མ་དགོན་པའི་དགེ་འདུན་པ་བསམ་གཏན་རྒྱ་མཚོ་ལགས་དང་འཇམ་དབྱངས་བསམ་གཏན་ལགས་གཉིས་འཛིན་བཟུང་བྱས་ཏེ་ལོ་གཅིག་ལྷག་ཕྱིན།   པར་འབྲེལ་ཡོད་ནས་འདི་ག་དུས་བབ་ལ་མཁོ་སྤྲོད་བྱས།
Mobile App

དགེ་འདུན་པ་གཉིས་འཛིན་བཟུང་བྱས་ཏེ་ལོ་གཅིག་ལྷག་ཕྱིན་འདུག

༢༠༢༦/༠༤/༡༧
བསམ་ཚུལ།

ཀློག་དེབ་ལོ་ཙཱ་བ་དང་གྲོས་འདེབས་ཀྱི་གཏམ་ཟུར་གསུམ་མ།

༢༠༢༦/༠༤/༡༧
མོན་གྷོ་འདོད་རྒུ་གླིང་གི་རུ་ཁག་ལ་ལོ་གསུམ་བསྟུད་མར་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་རྟགས་མ་ཐོབ་སོང་། ཐད་གཏོང་ནས་པར་བླངས། ༢༠༢༦།༤།༡༦
Mobile App

མོན་གྷོ་འདོད་རྒུ་གླིང་རུ་ཁག་ལ་ལོ་གསུམ་བསྟུད་མར་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཐོབ།

༢༠༢༦/༠༤/༡༦
བོད་ཀྱི་ཟློས་གར་ཚོགས་པའི་ནང་མོན་ཡུལ་གྱི་སློབ་ཕྲུག་ ༡༢ རིན་མེད་ཐོག་སློབ་འཇུག་གནང་།
Mobile App

མོན་ཡུལ་གྱི་སློབ་ཕྲུག་ ༡༢ རིན་མེད་ཐོག་བོད་ཀྱི་ཟློས་གར་ཚོགས་པའི་ནང་སློབ་འཇུག་གནང་།

༢༠༢༦/༠༤/༡༦
Uncategorized

ངའི་མཐོང་ལམ་གྱི་མདོ་སྨད་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ།

༢༠༢༦/༠༤/༡༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese