མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་དཔོན་གུ་ཅུན་ཧྲན་གྱི་གསང་བའི་སྤྲོ་ཚོམས་ཁང་རྙེད།

བོད་ཀྱི་དུས་བབ།
༢༠༡༤/༡༢/༢༩
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་དབུས་དམག་དོན་བཀོད་འདོམ་ཁང་གི་འགན་འཛིན་ཟུར་བ་གུ་ཅུན་ཧྲན་ལ་ཞིབ་བཤེར་བྱས་པ་བརྒྱུད་ཁོ་ལ་པེ་ཅིན་དུ་ཁང་པ་ ༣༠༠ ལྷག་ཡོད་པ་དང་ཁོས་ནག་ཚོགས་ལ་རྒྱ་སྒོར་དུང་ཕྱུར་ ༦ ལྷག་གི་ལྐོག་རྔན་སྤྲད་དེ་ཁོ་ལ་ངོ་ཡ་བྱེད་མཁན་ལྐོག་གསོད་བྱེད་རྩིས་བྱས་ཡོད་འདུག

ཉེ་ལམ་ཞིན་ཐཱང་རིན་(xin tangren)ཞེས་པའི་རྒྱ་ཡིག་དྲ་བར་གནས་ཚུལ་སྤེལ་བ་ལྟར་ན། ད་ལྟ་གྱོད་དོན་ལ་ཞིབ་བཤེར་བྱེད་བཞིན་པའི་རྒྱ་ནག་དབུས་དམག་དོན་བཀོད་འདོམ་ཁང་གི་འགན་འཛིན་གཞོན་པ་ཟུར་བ་གུ་ཅུན་ཧྲན་(Gu junshan)ལ་རྒྱ་སྒོར་དུང་ཕྱུར་ ༣༠༠ ལྷག་གི་གྱོད་དོན་དང་འབྲེལ་བ་ཡོད་ཅིང་། ཁོས་རྒྱ་སྒོར་དུང་ཕྱུར་ ༦ ལྷག་ནག་ཚོགས་ལ་ལྐོག་རྔན་སྤྲད་དེ་མི་གསོད་རྩིས་བྱས་ཡོད་པའི་གནས་ཚུལ་ཤེས་རྟོགས་བྱུང་ཡོད་འདུག

སྤྱིར་བཏང་གུ་ཅུན་ཧྲན་གྱི་གནས་ཚུལ་དེ་ཐོག་མ་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐོ་ཡི་སྔོག་བཤེར་བྱས་ཏེ་ ༢༠༡༢ ལོའི་ལོ་མགོ་ནས་བྱུང་བ་ཞིག་ཡིན་པ་མ་ཟད། སྐབས་དེར་ཁོ་ལ་ལྐོག་ཟ་རུལ་སུངས་གཙོས་པའི་པེ་ཅིན་དུ་ཁྲིམས་མཐུན་མིན་པའི་སྡོད་ཁང་མང་པོ་ཞིག་ཡོད་པའི་གནས་ཚུལ་ཡང་ཁྱབ་ཡོད་ཅིང་། ཉེ་ལམ་ཁོ་ལ་པེ་ཅིན་དུ་གསང་བའི་སྡོད་ཁང་ཞིག་ཡོད་པ་ཧོང་ཀོང་གི་རྨ་བྱ་ (Fenhuang Zhoukan) གསར་འགོད་པ་ཞིག་གིས་མཐོང་ཡོད་འདུག གསང་བའི་སྤྲོ་ཚོམས་ཁང་དེ་ནི་གུ་ཅུན་ཧྲན་གྱིས་གཞུང་དོན་སྒྲུབ་སའི་དམག་དོན་བཀོད་འདོམ་ཁང་གི་ར་སྐོར་གྱི་ཟུར་ཞིག་ཏུ་ཡོད་ཅིང་། དམག་དོན་ཁང་དེའི་ལས་བྱེད་ཅིག་གིས་བརྗོད་པ་ལྟར་ན། གུ་ཅུན་ཧྲན་ཐོག་མ་པེ་ཅིན་དུ་ཡོང་བ་ནས་བཟུང་དམག་དོན་བཀོད་ཁང་གི་ར་བ་འདིར་བསྡད་ཡོད། ཁོས་གོ་སྐབས་དེ་བརྒྱུད་ནས་པེ་ཅིན་དུ་སྡོད་ཁང་མང་པོ་ཞིག་གསར་རྒྱག་བྱས་ཡོད་པ་དང་། ཡིན་ནའང་ཁོ་རང་ནམ་རྒྱུན་སྡོད་ས་ར་སྐོར་འདིའི་ནང་ཡིན་འདུག

ཁང་པ་དེ་ནི་གུ་ཅུན་ཧྲན་གྱི་གསང་བའི་སྡོད་ཁང་ཞིག་ཡིན་པ་དང་། གུ་ཅུན་ཧྲན་གྱི་ངོ་ཤེས་ཤིག་གིས་བརྗོད་པ་ལྟར་ན། ཁང་པ་དེ་ནི་ཐོག་མ་མེ་ཏོག་ལྡུམ་རྭའི་ནང་སྤང་འབུར་ཆུང་ཆུང་ཞིག་ཡོད་པ་དེའི་ཤུལ་ཡིན་པ་དང་། མི་མང་གིས་དོ་སྣང་དོགས་པ་མི་འབྱུང་ཆེད་ཁང་པ་དེའི་མཐའ་རུ་སྨྱུག་མ་སྦོམ་པོ་ཕོར་བའི་ཁ་ལྟ་བུའི་སྐོར་ཡོད་འདུག སྤྱིར་བཏང་རྒྱ་ནག་བྱང་རྒྱུད་ཀྱི་དྲོད་གྲང་ལྟར་ན། ཁང་པ་དེའི་མཐའ་རུ་སྨྱུག་མ་དེ་དག་སྐྱེས་ཐབས་མེད་ནའང་ཐོག་མ་ཁང་པ་བཟོ་འགོད་སྐབས། སྨྱུག་མ་དེ་དག་འདེབས་འཛུགས་བྱེད་ཡུལ་གྱི་ས་འོག་ཏུ་དྲོད་གྲང་སྙོམ་སྒྲིག་བྱེད་པའི་ལྕགས་སྦུག་བཙུགས་ཏེ་སྨྱུག་མ་དེ་དག་སྐྱེ་ཐབས་བྱས་ཡོད་འདུག མཐོ་ཞིང་སྟུག་པོའི་སྨྱུག་མ་དེ་དག་གིས་གུ་ཅུན་ཧྲན་གྱི་ཁང་པ་འགེབས་སྲུང་ལྟ་བུ་བྱས་ཡོད་ཅིང་། གལ་སྲིད་རྒྱུས་མངའ་མེད་མཁན་ཞིག་ཡིན་ན་ས་ཆ་དེར་ཁང་པ་ཞིག་ཡོད་པ་ཤེས་ཐུབ་མེད་མོད། གུ་ཅུན་ཧྲན་འཛིན་ཟུང་གིས་གྱོད་དོན་ཞིབ་བཤེར་བྱས་པ་བརྒྱུད་དེ་ཁང་པ་དེ་དང་། དེའི་འགྲམ་དུ་ཕྱི་བཀོད་ཚོགས་ཁང་གི་དབྱིབས་ཡིན་པའི་སྤྲོ་སྐྱིད་གཏོང་སའི་ཚོགས་ཁང་ཞིག་བཅས་རྙེད་སོན་བྱུང་འདུག

གུ་ཅུན་ཧྲན་གྱིས་དམག་དོན་བཀོད་འདོམ་སྡེ་ཚན་ར་བ་དེའི་ཟུར་གཞན་ཞིག་ཏུའང་ཐོག་རྩེག་ཅན་གྱི་ཁང་པ་ཞིག་རྒྱག་འཕྲོས་སུ་བཞག་ཡོད་ཅིང་། ཁང་རྩེག་དེར་གསོལ་མགྲོན་ཁང་ཞིག་གི་འཆར་འགོད་བྱས་ཡོད་ཀྱང་ད་བར་གཞུང་གིས་ཆོག་མཆན་ཐོབ་མེད་སྟབས། གུ་ཅུན་ཧྲན་གྱི་གྱོད་དོན་སྔོག་བཤེར་བྱས་ནས་བཟུང་ཁང་པ་དེའང་རྒྱག་འཕྲོས་སུ་ལྷག་ཡོད་འདུག

གཞན། པེ་ཅིན་ཙི་ཀྲོའི་ཡན་(Zi Zhuyuan)གླིང་ཀའི་ཉེ་འགྲམ་དུའང་གུ་ཅུན་ཧྲན་ལ་གནའ་དེང་ཟུང་འབྲེལ་གྱི་བཟོ་བཀོད་མཛེས་སྡུག་ལྡན་པའི་ལྡུམ་རྭའི་སྐོར་བའི་སྤྲོ་ཚོམས་ཁང་ཞིག་ཀྱང་ཡོད་འདུག ད་དུང་ཁོར་པེ་ཅིན་དུ་ཁང་པ་ཧ་ཅང་མང་པོ་ཞིག་ཡོད་འདུག་ལ། དམག་དོན་བཀོད་འདོམ་སྡེ་ཚན་གྱི་གནས་ཚུལ་ཕྱི་གྱར་བྱུང་བ་ལྟར་ན། གུ་ཅུན་ཧྲན་ལ་ཁྱོན་བསྡོམས་སྡོད་ཁང་ ༣༠༠ ལྷག་ཡོད་པ་དང་། རྩད་ཞིབ་བྱས་པ་བརྒྱུད་དེ་སྡོད་ཁང་ ༦༠ ཙམ་དངོས་སུ་ཤེས་རྟོགས་བྱུང་ཡོད་འདུག

༢༠༡༢ ལོ་ཟླ་ ༢ བའི་ནང་རྒྱ་ནག་གཞུང་གིས་གུ་ཅུན་ཧྲན་གྱི་གོ་གནས་བླངས་ཡོད་པ་དང་། ༢༠༡༤ ཟླ་ ༡ བའི་ནང་གུ་ཅུན་ཧྲན་གྱི་གྱོད་དོན་ཕྱི་བསྒྲགས། ༢༠༡༤ ཟླ་ ༣ ཚེས་ ༣༡ ཉིན་རྒྱ་ནག་དམག་དོན་ཞིབ་བཤེར་ཁང་གིས་གུ་ཅུན་ཧྲན་ལ་ལྐོག་ཟ་རུལ་སུངས་དང་། དབང་ཆ་སྒེར་སྤྱོད་ཀྱི་ཉེས་མིང་བཏགས་ཏེ་རྒྱ་ནག་དམག་དོན་ཁྲིམས་ཞིབ་ཁང་དུ་ཞུ་གཏུག་བྱས་ཡོད། ཁྲིམས་འཛིན་ཁང་དུ་འདྲི་གཅོད་བྱེད་པའི་ཉིན་ཤས་རིང་ཁོ་ཉིན་ལྟར་ཆུ་ཚོད་ཁ་ཤས་རིང་ངུ་བཞིན་ཡོད་པའི་སྲོལ་ཡང་བྱུང་ཡོད།

གཞན། ཟླ་འདིའི་ཚེས་ ༡༠ ཉིན་ཧོང་ཀོང་གི་གསར་ལམ་ཐོག་གནས་ཚུལ་ཐོན་པར། གུ་ཅུན་ཧྲན་ལ་རྒྱ་སྒོར་དུང་ཕྱུར་ ༣༠༠ ལྷག་གི་གྱོད་དོན་དང་འབྲེལ་བ་ཡོད་པ་དང་། རྒྱ་སྒོར་དུང་ཕྱུར་ ༦ ལྷག་གཞན་ལ་ལྐོག་རྔན་སྤྲད་ཡོད་པ་མ་ཟད། ཉེ་ཆར་རྩད་ཞིབ་བྱུང་པ་ལྟར་ན། ཁོ་ལ་གསེར་སྤྱི་རྒྱ་ ༤༠༠ དང་། ལོ་ཆང་མོ་ཐེད་ (Maotai) ཤོག་སྒམ་ ༡༨༠༠ལྷག (མོ་ཐེད་ཆང་ལ་རིན་གོང་འདྲ་མིན་ཡོད་ཅིང་། སྙལ་བའི་ལོ་གྲངས་ལྟར་ཤེལ་དམ་གཅིག་ལ་རྒྱ་སྒོར་ ༦༠༠ ནས་ ༤༢༩༩༨ བར་ཡིན་འདུག) ད་དུང་བྱང་ཤར་སྟག་པགས་ ༡༡ དང་ཨ་ཧྥི་རི་ཀའི་གླང་ཆེན་ཆེ་བ་ ༡༠། གསེར་གྱི་སྐུ་འདྲ་སྤྱི་རྒྱ་གཉིས་ཅན་ཁ་ཤས། དེ་མིན་གྱི་རྩ་ཆེའི་དངོས་པོ་སྣ་ཚོགས་བཅས་ཡོད་འདུག

གུ་ཅུན་ཧྲན་གྱི་ངོ་ཤེས་ཚོས་བརྗོད་པ་ལྟར་ན། གུ་ཅུན་ཧྲན་འགན་འཛིན་གཞོན་པའི་ལས་འགན་འཁུར་བའི་སྐབས་སུ་ཁོ་ལ་རྒྱབ་རྟེན་བཙན་པོ་ཞིག་ཡོད་པའི་བདེན་དཔང་གཅིག་ནི། ཁོས་སྐབས་དེའི་ཁོ་རང་གི་མགོ་གཙོ་ལའོ་ཡེ་ལོན་ (Liao Yilong) ལ་འདི་ལྟར་བཤད་འདུག་ “ཁྱོད་ཀྱིས་རང་ཉིད་དམག་དོན་ཨུ་ཡོན་དང་བཀོད་འདོམ་འགན་འཛིན་ཡིན་མ་བསམ། ངས་ཁྱོད་རང་སོང་ཟེར་དུས་འགྲོ་དགོས། ” ཞེས་བརྗོད་ཡོད་པ་དང་། དེ་བཞིན་ཁོ་རང་ལས་གོ་གནས་མཐོ་བའི་ལའོ་ཡན་ ( Liu yuan )ལའང་། “ ངའི་གོ་གནས་རྗེས་མ་སྤྱིའི་དམག་དོན་འགན་འཛིན་གཞོན་པ་ཡིན་ལ། དབུས་ཨུ་ཡོན་བཞིའི་ཁྲོད་དུ་ང་ཡོད་པའི་དུས་ཚོད་ཅིག་ཆར་ངེས་ཡིན་སྟབས། ངས་ཁྱོད་ཀྱི་ལམ་མི་འགོག་ལ་ཁྱོད་ཀྱིས་ཀྱང་ང་ལ་བར་ཆད་མ་བྱེད།” ཅེས་བརྗོད་ཡོད་འདུག

༢༠༡༡ ལོའི་ཟླ་ ༡༢ ཚེས་ ༢༥ ནས་ཚེས་ ༢༨ ཉིན་བར་གྱི་རྒྱ་ནག་དམག་དོན་ཨུ་ཡོན་ཚོགས་ཆེན་སྟེང་། ལའོ་ཡོན་གྱིས་གུ་ཅུན་ཧྲན་གྱི་ལྐོག་ས་རུལ་སུངས་ཀྱི་གྱོད་དོན་གླེང་ཡོད་པ་དང་། དེའི་རྗེས་ཧུའུ་ཅིན་ཐོ་ ( Hu Jintao) དང་ཞི་ཅིན་ཕིན་ ( Xi Jinping)གཉིས་ཀྱིས་རིམ་པ་བཞིན་གྱོད་དོན་དེར་ཞིབ་བཤེར་བྱེད་སྐབས། གུ་ཅུན་ཧྲན་གྱིས་ནག་ཚོགས་ལ་ལྐོག་རྔན་འབོར་ཆེན་སྤྲད་དེ། ལའོ་ཡན་གྱི་སྡོད་གནས་ཁ་བྱང་དང་འཚོ་བའི་གོ་རིམ་སོགས་བཤད་དེ་ཁོ་ལྐོག་གསོད་བྱེད་རྩིས་བྱེད་རྒྱུར་འཆར་འགོད་བྱས་ཡོད་འདུག

རྒྱ་ནག་གི་སྲིད་དོན་དབྱེ་ཞིབ་པ་ཚོས། གུ་ཅུན་ཧྲན་ནི་ལའོ་ཡན་དང་ལེའོ་ཡེ་ལོན་གཉིས་དང་བསྡུར་ན་གོ་གནས་དམའ་བོ་ཡིན་ཡང་། ཁོ་ལ་དེ་འདྲའི་སྤོབས་པ་དང་ང་རྒྱལ་ཆེན་པོ་ཡོད་དོན་ནི། ཁོའི་རྒྱབ་རྩར་སྟོབས་ཤུགས་ཧ་ཅང་ཆེན་པོ་ཡོད་པའི་དཔུང་ཁག་ཅིག་ཡོད་པ་མཚོན་ཐུབ་ཅེས་རྗོད་བཞིན་ཡོད།

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གཞུང་གིས་བོད་མགོ་ལོག་ཁུལ་དུ་ཆབ་སྲིད་སློབ་གསོ་སྤྲོད་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

ཉིན་གྲངས་ ༡༧ ནང་བོད་དུ་བྱུང་བའི་ཆོས་དང་ཆབ་སྲིད་ཀྱི་གནས་ཚུལ་ཁག་ཅིག

ཆུ་ཚོད་ ༣ སྔོན་ལ།
China completes building a fifth new border defence village few km from Arunachal border
Mobile App

རྒྱ་ནག་གཞུང་གིས་རྒྱལ་སྲུང་མཐའ་མཚམས་ཀྱི་གྲོང་ཚོ་ལྔ་པ་དེ་འཛུགས་སྐྲུན་བྱས་ཚར་ཡོད་ཟེར།

ཆུ་ཚོད་ ༦ སྔོན་ལ།
Chinese officials celebrate the 70th anniversary of the invasion of Tibet at Potala Palace in Lhasa, Tibet. Photograph: Xinhua/Rex/Shutterstock
Mobile App

རང་སྐྱོང་གི་འཁྲུལ་སྣང་། བོད་པ་ཚོས་དངོས་ཡོད་ལ་གདོང་ལེན་བྱ་དགོས་པའི་རྒྱུ་མཚན།

ཆུ་ཚོད་ ༢༤ སྔོན་ལ།
དཀར་མཛེས་ཁུལ་སྐྱེས་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག དྲ་ལམ་གྱི་པར།
Mobile App

དཀར་མཛེས་ཁུལ་སྐྱེ་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག་ལ་ཞིབ་བཤེར་བྱེད་ཀྱིན་འདུག

༢༠༢༦/༠༧/༡༦
Tibetan monks hold a ceremony to mourn the death of Tibetan activist Lobga Rangzen in Liberty Square in Taipei last night. Lobga Rangzen set himself on fire outside the UN headquarters in New York on July 2 in protest of China’s occupation of Tibet and Beijing’s Ethnic Unity and Progress Promotion Law, which went into effect on July 1.
Photo: Tu Chien-rong, Taipei Times
Mobile App

 བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་གིས་རང་བཙན་བློ་དགའ་ལགས་སུ་གདུང་སེམས་མཉམ་སྐྱེད་ཞུས།

༢༠༢༦/༠༧/༡༦
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༧།༧།༡༥
Mobile App

དུས་རབས་ཉེར་གཅིག་པའི་མི་གྲངས་མང་ཤོས་རྐྱེན་འདས་སུ་གྱུར་བའི་དམག་འཁྲུག་ཆེན་པོ་གསུམ།

༢༠༢༦/༠༧/༡༥

མཆན། 1

  1. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    མའོ་རང་མདོག རྗེན་པ་སྟོན་པའིམ་དུས་བབ་པ་འདྲ། ཧཧ། ཧོ་ཧོ། དགའ་ཡང་དགའ་བ་ལ། སྐྱིད་ཡང་སྐྱིད་པ་ལ། གཞན་གཏོང་དགོས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese