མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༢༠༡༤ ལོའི་རྒྱ་ནག་གི་གནས་ཚུལ་ཆེ་ཁག་བཅུ།

བོད་ཀྱི་དུས་བབ།
༢༠༡༥/༠༡/༠༣
Share on FacebookShare on TwitterShare on EmailShare on Whatsapp

༼༡༽ སོག་པོའི་དཔའ་རྒོད་ཧཱ་ཏ།

འདི་ལོའི་ཕྱི་ཟླ་ ༡༢ ཚེས་ ༩ ཉིན་རྒྱའི་བཙོན་ཁང་དུ་ལོ་ངོ་ ༡༩ མནར་གཅོད་མྱངས་བའི་སོག་རིགས་དམངས་གཙོ་དོན་གཉེར་བ་གྲགས་ཅན་ཧཱ་ཏ་ལགས་ཀློད་གྲོལ་བཏང་ཡོད་པ་དང་། ཉེན་རྟོག་པས་མུ་མཐུད་ཁོང་ལ་ལྟ་རྟོག་ནན་མོ་བྱེད་ཀྱི་ཡོད་ཀྱང་། ཧཱ་ཏ་ལགས་ཀྱིས་སྲིད་གཞུང་གིས་བྱེད་ཐབས་སྣ་ཚོགས་སྤྱད་དེ། ཁོང་གི་རང་དབང་བཙན་འཕྲོག་བྱས་པའི་ནག་ཉེས་རྣམས་དབུས་གཞུང་དང་ཆེས་མཐོའི་ཁྲིམས་ཁང་ལ་ཞུ་གཏུག་བྱ་རྒྱུ་ཡིན་སྐོར་ཕྱིར་བསྒྲགས་བྱས།

༼༢༽ སྟག་དང་སྦྲང་མ་མཉམ་རྡུང་།

འདས་པའི་ལོ་གཅིག་ལྷག་གི་རིང་ཞི་ཅིན་ཕིན་གྱིས་སྣེ་ཁྲིད་དེ་རྒྱ་ནག་རྒྱལ་ཡོངས་སུ་ལྐོག་ཟ་རུལ་སུངས་དང་དབང་ཆ་སྒེར་གཅོད་སོགས་ཀྱི་ཐད་སྟག་དང་སྦྲང་མ་མཉམ་རྡུང་གི་སྲིད་བྱུས་ལག་བསྟར་བྱེད་བཞིན་ཡོད་པ་ལྟར། འདི་ལོའི་ཕྱི་ཟླ་ ༣ ཚེས་ ༡༥ ཉིན་རྒྱ་ནག་དབུས་དམག་དོན་ལྷན་ཁང་གི་མགོ་ཁྲིད་གཞོན་པ་ཟུར་པ་ཞི་ཚེ་ཧུའུ་ཞིབ་བཤེར་དང་། ཕྱི་ཟླ་ ༡༢ ཚེས་ ༧ ཉིན་དབུས་ཆབ་སྲིད་ལྷན་ཁང་གི་མགོ་ཁྲིད་ཟུར་པ་ཀྲུའུ་ཡོང་ཁང་ཏང་ནས་ཕུད་དེ་སྲིད་ཁྲིམས་ལྷན་ཁང་ལ་རྩིས་སྤྲད། ཕྱི་ཟླ་ ༡༢ ཚེས་ ༢༢ ཉིན་དེ་སྔའི་སྲིད་འཛིན་ཟུར་པ་ཧུའུ་ཅིན་ཐའོ་ཡི་དྲུང་ཡིག་ལིན་ཅི་ཧྭ་ལ་ཞིབ་བཤེར་བྱེད་བཞིན་ཡོད་པ་བསྒྲགས། རྒྱ་ནག་ནང་ལོགས་ནས་ད་བར་ཁྱོན་ཏང་ཡོན་ལས་བྱེད་པ་ ༩༦༧༨༨ ལ་ཞིབ་བཤེར་ཐག་གཅོད་དང་། ཕྱིའི་རྒྱལ་ཁབ་ཁག་ ༥༦ ནང་བྲོས་བྱོལ་དུ་ཕྱིན་པའི་ལྐོག་ཟ་རུལ་སུངས་བ་ཁྱོན་ ༢༨༨ རྩད་གཅོད་ཐུབ་ཡོད་འདུག

༼༣༽ཡེ་ཤུ་བར་རྒོལ་བ།

རྒྱ་གཞུང་གིས་ཕྱི་ལོ་ ༢༠༡༣ ལོའི་ལོ་མཇུག་ནས་བཟུང་ཀྲེ་ཅང་ཞིང་ཆེན་ཡོངས་སུ་༼ཁྲིམས་འགལ་གྱིས་ལྷ་ཁང་འཛུགས་སྐྲུན་བྱས་པ་ལེགས་སྒྲིག༽ཅེས་པའི་ལས་འགུལ་སྤེལ་བཞིན་ཡོད་ཅིང་། ཨ་རིའི་ཡེ་ཤུའི་ཆོས་ལུགས་མཐུན་ཚོགས་(China Aid)ཀྱིས་འདི་ལོའི་ཡེ་ཤུའི་འཁྲུངས་སྐར་དུས་ཆེན་དང་བསྟུན་ཏེ་ལོ་འཁོར་སྙན་ཐོ་ཞིག་བསྒྲགས་པའི་ནང་། ད་ལོ་གཅིག་པུར་ཁྱོན་ཡེ་ཤུའི་ལྷ་ཁང་བརྒྱ་ལྷག་དང་། ཡེ་ཤུའི་ཆོས་རྟགས་ ༤༠༠ ལྷག་བཙན་གཏོར་བཏང་ཡོད་པ་མ་ཟད། ཆོས་ལོག་སྤེལ་བའི་ཉེས་མིང་འོག གཞུང་འབྲེལ་མ་ཡིན་པའི་ཆོས་ཚོགས་ཁག་ལ་དམ་དྲག་དང་སློབ་གྲྭ་ཆུང་འབྲིང་གི་སློབ་མར་ཆོས་མེད་སྨྲ་བའི་ལྟ་གྲུབ་དྲིལ་བསྒྲགས་བྱེད་བཞིན་ཡོད་སྐོར་བརྗོད་འདུག

༼༤༽ཡུ་གུར་བར་སྲོག་ཆད།

ད་ལོར་ཞིན་ཅང་ནང་མི་གསོད་དོན་རྐྱེན་བསྟུན་མར་བྱུང་ཡོད་པ་ལྟར། རྒྱ་གཞུང་གིས་དོན་རྐྱེན་དེ་དག་ལ་དངོས་ཤུགས་བརྒྱུད་གསུམ་གྱི་འབྲེལ་བ་ཡོད་པའི་ཉེས་མིང་འོག སྔ་ཕྱིར་ཡུ་གུར་བ་ ༨༨ ལ་ཁྲིམས་ཐག་བཅད་པའི་ནང་ནས་མི་གྲངས་ ༣༦ ལ་སྲོག་ཁྲིམས་བཅད་ཡོད་པ་རེད། འཛམ་གླིང་ཡུ་གུར་མི་རིགས་མཐུན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༣ ཟླ་ ༤ པ་ནས་ད་ལྟའི་བར་རྒྱ་གཞུང་གིས་ཡུ་གུར་བ་ཁྱོན་ ༧༣༥ འཛིན་བཟུང་འདྲི་གཅོད་བྱས་ཡོད་པ་མ་ཟད། རྡུག་རྡེག་མནར་གཅོད་འོག་མི་ ༡༤༠ ལྷག་གིས་ཚེ་སྲོག་ཤོར་ཡོད་ལུགས་བསྒྲགས་འདུག

༼༥༽ཞེ་འཁོན་ཆེན་པོ།

འདས་པའི་ལོ་འགའི་རིང་ནས་རྒྱ་ནག་དང་ཉི་ཧོང་བར་ཤར་རྒྱ་ནག་རྒྱ་མཚོའི་སན་ཁཱ་ཁོ་(Senkaku)གླིང་ཕྲན་གྱི་བདག་དབང་ཐད་རྩོད་རྙོག་རིམ་པར་བྱུང་ཡོད་པ་ལྟར། འདི་ལོའི་ཕྱི་ཟླ་ ༥ དང་ ༦ པའི་ནང་དམག་རྒྱག་གནམ་གྲུ་གཉིས་གདོང་ཐུག་རྒྱག་གྲབས་བྱས་ཡོད་སྟབས། ཕྱོགས་གཉིས་ཀྱི་མི་མང་ལ་སྡང་སེམས་ཆེན་པོ་བསླངས་ཏེ་རྒྱ་ནག་ནང་ཡོད་པའི་ཉི་ཧོང་གི་བཟོ་གྲྭར་གཏོར་བཅོམ་བཏང་ཡོད། སྔ་ལོར་ཉི་ཧོང་གི་སྲིད་བློན་ཤིན་ཛོ་ཨ་བྷེ་ཡིས་འཛམ་གླིང་དམག་ཆེན་གཉིས་པའི་སྐབས་འདས་གྲོངས་སུ་སོང་བའི་དམག་མིའི་རྗེས་དྲན་ལྷ་ཁང་དུ་མཆོད་འབུལ་དུ་བསྐྱོད་པར། རྒྱ་གཞུང་གིས་འཁོན་ལན་བསློགས་ཏེ་ཕྱི་ཟླ་ ༡༢ ཚེས་ ༡༣ ཉིན་ནི་ནན་ཅིན་དམར་གསོད་ཀྱི་རྗེས་དྲན་ཉིན་མོར་གཏན་འཁེལ་གྱིས་སྲུང་གཙི་བྱས་ཏེ་ལོ་རྒྱུས་ཀྱི་རྨ་ཁ་བསྐྱར་དུ་བསླངས་ཡོད། ད་ལོའི་ཕྱི་ཟླ་ ༩ པའི་ནང་པེ་ཅིན་དང་ཊོག་ཡོ་གླེང་སྟེགས་ཞེས་པའི་ཞིབ་འཇུག་སྙན་ཐོ་ལྟར་ན་ཕྱི་ལོ་ ༢༠༠༥ ནས་བཟུང་ཉི་རྒྱ་བར་གྱི་རྩོད་རྙོག་ཇེ་སྡུག་ཏུ་ཕྱིན་སྐོར་བརྗོད་འདུག

༼༦༽ པེ་ཅིན་གྱི་གློ་ནད།

དེ་སྔོན་ནས་པེ་ཅིན་དང་ཐིན་ཅིན་སོགས་དཔའ་འབྱོར་འཕེལ་རྒྱས་ཆེ་བའི་གྲོང་ཁྱེར་ཁག་ཏུ་མཁའ་དབུགས་འབག་བཙོག་གི་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད་པ་ལྟར། ཞིབ་འཇུག་སྙན་ཐོ་ལྟར་ན་མཁའ་དབུགས་འབག་བཙོག་གི་རྐྱེན་གྱིས་རྒྱ་ནག་ནང་གློ་ནད་སོགས་ཀྱིས་ལོ་རེར་མི་ཁྲི་ ༥༠ རྐྱེན་འདས་དང་། ནད་རིགས་སྣ་ཚོགས་སྐྱེད་པའི་རྒྱུ་རྐྱེན་ཆེན་པོ་ཞིག་ཆགས་ཡོད་སྟབས། རྒྱ་ནག་དབུས་ཁོར་ཡུག་སྲུང་སྐྱོབ་ལྷན་ཁང་གིས་མཁའ་དབུགས་བཙོག་རྡུལ་(PM2.5)དང་(PM10)གཉིས་ཉུང་དུ་གཏོང་ཐབས་དགོས་པའི་བཀའ་རྒྱ་བསྒྲགས་ཡོད་འདུག

༼༧༽ སེམས་ཁྲལ་གསར་པ།

འདི་ལོའི་ཕྱི་ཟླ་ ༡༠ ནང་པེ་ཅིན་དུ་སྐོང་ཚོགས་བྱས་པའི་ཨེ་ཤ་ཡའི་དཔལ་འབྱོར་གླེང་སྟེགས་ཞེས་པའི་ཐོག ཨ་རིའི་སྲིད་འཛིན་ཨོ་བྷ་མ་དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གཉིས་ཀྱིས། ཨ་རིར་སློབ་སྦྱོང་བྱེད་དུ་འགྲོ་མཁན་གྱི་རྒྱ་ནག་གི་སློབ་མའི་ཐོངས་མཆན་དུས་ཡུན་ལོ་ ༡ ནས་ལོ་ ༥ ལ་བསྲིངས་པ་དང་། སྤྲོ་འཆམ་པ་དང་ཚོང་པའི་ཐོངས་མཆན་ལོ་ ༡ ནས་ལོ་ ༡༠ ལ་བསྲིངས་ཡོད་སྟབས། རྒྱ་ནག་གི་སློབ་གྲྭའི་སྤུས་ཚད་ཇེ་ཞན་དང་སློབ་མ་ཇེ་ཉུང་དུ་འགྲོ་རྒྱུ་ཡིན་པ་མ་ཟད། རིམ་གྱིས་ཕྱིའི་རིག་གནས་ཀྱིས་རྒྱ་ནག་གི་ཤེས་ཡོན་ལམ་ལུགས་ལ་བཅོས་བསྒྱུར་ཐེབས་པའི་ཉེན་ཁ་ཡོད་པ་དང་། སློབ་མའི་སློབ་ཡོན་འབོར་ཆེན་ཕྱི་རྒྱལ་དུ་ཤོར་ཏེ་རྒྱ་ནག་གི་དཔལ་འབྱོར་ཐད་གྱོང་གུད་ཆེན་པོ་ཐེབས་རྒྱུ་ཡིན་པའི་གླེང་སློང་བྱུང་ཡོད།

༼༨༽ ཚེ་སྲོག་པེ་ཅིན་ལ་སྐྱེལ་མཁན།

རྒྱ་ནག་ནང་མྱུར་ཚད་མཐོ་བའི་བཟོ་ལས་འཛུགས་སྐྲུན་དང་ལྐོག་ཟ་རུལ་སུངས་རྒོལ་རྡུང་སོགས་ཀྱི་སྲིད་བྱུས་ཚ་ཚ་འུར་འུར་གྱིས་ལག་བསྟར་བྱས་རྐྱེན། གནད་དོན་ཡོད་པའི་མགོ་ཁྲིད་དང་ལས་བྱེད་པ་མང་པོ་རང་ཤི་རྒྱག་བཞིན་ཡོད་ཅིང་། ས་ཁང་བཙན་འཕྲོག་སོགས་ཀྱིས་མི་མང་དཀྱུས་མ་མང་པོའང་སོ་སོའི་ས་ཁང་གི་ཆེད་དུ་ཐོག་ཁང་ནས་མཆོངས་བ་དང་། རང་ལུས་མེར་བསྲེགས་བཏང་བ། དུག་རྫས་རིགས་བཏུང་བ་སོགས་བྱས་ཏེ། འདི་ལོར་ཉུང་མཐར་མི་གྲངས་ ༥༠ ཙམ་གྱིས་པེ་ཅིན་གྱི་དབུས་འབྲེལ་ཡོད་ལས་ཁུངས་ཁག་གི་མདུན་དུ་རང་ཤི་ངོ་རྒོལ་བྱས་ཡོད་འདུག

༼༩༽ ཡུ་གུར་དཔའ་རྒོད་ཨེ་ཧམ་ཐོ་ཊི།

ཤིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་ཝུ་རུ་མུ་ཆི་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས། འདི་ལོའི་ཕྱི་ཟླ་༩ ཚེས་ ༧ ཉིན་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་ཡུ་གུར་བ་དགེ་རྒན་ཆེན་མོ་ཨེ་ཧམ་ཐོ་ཊི་ལགས་ (Ilham Tohti)ལ་ཁྲིམས་བཤེར་བྱས་པ་བརྒྱུད། རྒྱལ་ཁབ་ཁ་བྲལ་གྱི་ཉེས་མིང་འོག་ཁོང་ལ་ཚེ་བཙོན་གྱི་ཁྲིམས་ཆད་དང་། ཁོང་གི་སློབ་ཕྲུག་ ༧ ལ་ལོ་ ༣ ནས་ ༨ བར་གྱི་ཁྲིམས་ཐག་བཅད་ཡོད་པར། ཨ་རིའི་གཞུང་གཙོས་པའི་རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་རྒྱ་གཞུང་ལ་སྐྱོན་བརྗོད་ཤུགས་ཆེན་བྱས།

༼༡༠༽ ཞི་ཅིན་ཕིན་གྱི་ཁེ་བཟང་།

འདི་ལོའི་ཕྱི་ཟླ་ ༩ ཚེས་ ༡༨ ནས་ཉིན་གྲངས་ ༣ རིང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་རྒྱ་གར་ནང་སྐོར་སྐྱོད་བྱས་ཏེ། རྒྱ་གར་སྲིད་བློན་ནཱ་རེན་ཌ་མུ་དྷེ་དང་རྒྱ་དཀར་ནག་བར་གྱི་མཐའ་མཚམས་རྩོད་རྙོག་ཐད་གྲོས་མོལ་བྱས་ཡོད་པ་མ་ཟད། ཕྱོགས་གཉིས་ཀྱི་ཚོང་འབྲེལ་ཐོག་ནས་རྒྱ་གར་ལ་ཨ་སྒོར་ཐེར་འབུམ་ ༣༥ ལྷག་གི་གྱོང་རག་གི་ཡོད་པ་ཉུང་དུ་གཏོང་ཐབས་དང་། རྒྱ་ནག་གིས་སྣ་ཐོད་ལ་ (Nathula) བརྒྱུད་གངས་རིན་པོ་ཆེ་བར་གཞུང་ལམ་སྒོ་ཕྱེ་རྒྱུ། དེ་བཞིན་རྒྱ་ནག་གིས་རྒྱ་གར་ནང་མྱུར་ཚད་ལྡན་པའི་མེ་འཁོར་ལྕགས་ལམ་བཟོ་སྐྲུན་སོགས་ཚོང་དོན་ཁག་ ༡༦ ལ་མིང་རྟགས་བཀོད་དེ། མ་འོངས་པའི་ལོ་ལྔའི་ནང་རྒྱལ་ཁབ་གཉིས་བར་ཨ་སྒོར་དུང་ཕྱུར་ ༢༠༠ ཡི་ཚོང་འབྲེལ་བྱ་རྒྱུའི་ཐག་གཅོད་བྱས་ཡོད་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

དཀར་མཛེས་ཁུལ་སྐྱེས་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག དྲ་ལམ་གྱི་པར།
Mobile App

དཀར་མཛེས་ཁུལ་སྐྱེ་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག་ལ་ཞིབ་བཤེར་བྱེད་ཀྱིན་འདུག

ཆུ་ཚོད་ ༡ སྔོན་ལ།
Tibetan monks hold a ceremony to mourn the death of Tibetan activist Lobga Rangzen in Liberty Square in Taipei last night. Lobga Rangzen set himself on fire outside the UN headquarters in New York on July 2 in protest of China’s occupation of Tibet and Beijing’s Ethnic Unity and Progress Promotion Law, which went into effect on July 1.
Photo: Tu Chien-rong, Taipei Times
Mobile App

 བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་གིས་རང་བཙན་བློ་དགའ་ལགས་སུ་གདུང་སེམས་མཉམ་སྐྱེད་ཞུས།

ཆུ་ཚོད་ ༤ སྔོན་ལ།
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༧།༧།༡༥
Mobile App

དུས་རབས་ཉེར་གཅིག་པའི་མི་གྲངས་མང་ཤོས་རྐྱེན་འདས་སུ་གྱུར་བའི་དམག་འཁྲུག་ཆེན་པོ་གསུམ།

ཆུ་ཚོད་ ༢༣ སྔོན་ལ།
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་གར་བྱང་ཕྱོགས་ཁུལ་དུ་གཞུང་འབྲེལ་གཟིགས་སྐོར་གནང་བཞིན་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་གར་བྱང་ཕྱོགས་ཁུལ་དུ་གཞུང་འབྲེལ་གཟིགས་སྐོར་གནང་བཞིན་པ།

ཆུ་ཚོད་ ༢༤ སྔོན་ལ།
Mobile App

མི་རིགས་ཀྱི་ཤུལ་བཞག་རིག་དངོས་རྩ་གཏོར་བྱེད་པ་ནི་ཁྲིམས་དང་འགལ་བའི་བྱ་སྤྱོད་ཡིན།

༢༠༢༦/༠༧/༡༤
འཛམ་གླིང་རྐང་སྤོལ་སྐར་ཆེན་བཞི། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༧།༡༤
Mobile App

འདི་ལོའི་རྐང་སྤོལ་རྩེད་འགྲན་གྱི་གསེར་བུམ་བདག་པོ་དེ་སུ་ཡིན་ནམ།

༢༠༢༦/༠༧/༡༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese