མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལིན་ཅི་ཧྭ་ཡི་དགའ་རོགས་མཛེས་མ་ཧྥིན་ཀྲའོ་གང་དུ་ཕྱིན་པ་རེད།

བོད་ཀྱི་དུས་བབ།
༢༠༡༥/༠༡/༠༢
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་དཔོན་ལིན་ཅི་ཧྭ་ལ་ཞིབ་བཤེར་བྱས་པ་བརྒྱུད་དེ་ཁོའི་སྐྱེས་དམན་གྱི་ནུ་བོ་ཀོ་ཡོན་ཞོའང་ལིན་ཅི་ཧྭ་ཡའི་བུའི་རླངས་འཁོར་དོན་རྐྱེན་དང་འབྲེལ་བ་ཡོད་པའི་གླེང་གཞི་གསར་པ་ཞིག་བྱུང་ཡོད་མ་ཟད། ལིན་ཅི་ཧྭ་ཡི་དགའ་རོགས་རྒྱ་ནག་དབུས་བརྙན་འཕྲིན་ཁང་ཆབ་སྲིད་སྡེ་ཁག་གི་འགན་འཛིན་གཞོན་པ་མཛེས་མ་ཧྥིན་ཀྲའོ་ཡང་ཉེ་ལམ་ཞིག་ནས་བོར་བརླག་ཏུ་ཕྱིན་ཡོད་པའི་གནས་ཚུལ་འཐོན་འདུག

གཟའ་མིག་དམར་ཉིན། རྒྱ་ནག་ལ་ལྟ་བ་ཞེས་པའི་དྲ་ཚིགས་སྟེང་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་མི་དམངས་ཆབ་སྲིད་གྲོས་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དེ་སྔའི་སྲིད་འཛིན་ཧུའུ་ཅིན་ཐོ་ཡི་དྲུང་ཡིག་ཟུར་བ། རྒྱ་ནག་དབུས་འཐབ་ཕྱོགས་གཅིག་གྱུར་གྱི་འགན་འཛིན་གཞོན་པ་ལིན་ཅི་ཧྭ་ཡི་སྐྱེས་དམན་གྱི་ནུ་བོ་རྒྱ་ནག་ཧེ་ལོན་ཅང་ཞིང་ཆེན་སྤྱི་བདེ་ལས་ཁུངས་ཀྱི་འགན་འཛིན་གཞོན་པ་ཀོ་ཡོན་ཞོ་ (Gu Yuanxu)ལའང་རྒྱ་ནག་གཞུང་གིས་ཞིབ་བཤེར་བྱས་ཡོད་ཀྱང་དེའི་སྐོར་གཞུང་འབྲེལ་ཐོག་ཕྱིར་བསྒྲགས་བྱས་མི་འདུག

ཕྱི་ལོགས་ཀྱི་གསར་ལམ་ཁག་ཅིག་ནང་གནས་ཚུལ་ཐོན་པར། ཀོ་ཡོན་ཞོ་ལ་ཞིབ་བཤེར་བྱེད་དོན་ལིན་ཅིན་ཧྭ་ཡི་བུ་ལིན་ཀོ་(Ling Gu)ཡི་རླངས་འཁོར་བརྡབ་སྐྱོན་དང་འབྲེལ་བ་ཡོད་པ་མ་ཟད། ལིན་ཀོའི་རླངས་འཁོར་བརྡབ་སྐྱོན་བྱུང་མ་ཐག ཀོ་ཡོན་ཞོ་ཡིས་ཁོ་རང་གི་དབང་ཚད་བེད་སྤྱོད་བཏང་ནས་འགྲིམ་འགྲུལ་དོན་རྐྱེན་དེར་ཐེ་གཏོགས་བྱས་ཡོད་པ་བརྗོད་འདུག

རྒྱ་ནག་གཞུང་འབྲེལ་གསར་ལམ་ཐོག་ཀོ་ཡོན་ཞོ་ཡི་གནས་ཚུལ་བཀོད་པ་མཐའ་མ་དེ་ནི་ ༢༠༡༤ལོ་ཟླ་ ༡༢ ཚེས་ ༥ ཉིན་ཡིན་པ་དང་། དེ་ནི་རྒྱ་ནག་ཧྲིན་ཡོང་གྲོང་ཁྱེར་ནས་ཤར་བྱང་ས་ཁུལ་གྱི་དམག་དོན་མཉམ་འབྲེལ་ཚོགས་འདུ་ཞིག་གི་སྟེང་ཀོ་ཡོན་ཞོ་ཞུགས་པའི་སྐོར་ཡིན་འདུག་ཀྱང་། ད་ལྟ་ཧེ་ལོན་ཅང་ཞིང་ཆེན་སྤྱི་བདེ་ལས་ཁུངས་ཀྱི་དྲ་ཚིགས་སྟེང་ཀོ་ཡོན་ཞོ་ཡི་མིང་དང་གནས་ཚུལ་ཡོངས་རྫོགས་ནག་གསུབ་བཏང་ཡོད་འདུག

ཕྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༡༨ ཉིན་ལིན་ཀོ་ཡི་རླངས་འཁོར་བརྡབ་སྐྱོན་བྱུང་སྟེ་སྐར་མ་ ༡༥ ཕྱིན་རྗེས་སུ་པེ་ཅིན་འགྲིམ་འགྲུལ་བདེ་སྲུང་མི་སྣ་བསླེབས་སྐབས། ལིན་ཅི་ཧྭ་ཡིས་ཀྱང་གནས་ཚུལ་དེ་གསར་ལམ་ཁག་ཏུའགེབས་སྲུང་ཆེད། ཁོས་རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་འགན་འཛིན་གྱི་དབང་ཆ་བེད་སྤྱད་དེ་དབུས་བདེ་སྲུང་དམག་མི་བཏང་སྟེ། ས་གནས་དེ་བཀག་སྡོམ་བྱས་ཡོད་འདུག

ཉིན་དེར་གླ་གཏོང་རླངས་འཁོར་ཁ་ལོ་བ་ཞིག་གིས་དངོས་མཐོང་གནས་ཚུལ་བརྗོད་པ་ལྟར་ན། རླངས་འཁོར་བརྡབ་སྐྱོན་བྱུང་བའི་རྗེས་སུ་པེ་ཅིན་སྲང་ལམ་དུ་མེ་སྒྱོགས་དང་དམག་མི་འབོར་ཆེན་བསླེབས་པ་དང་། དབུས་བདེ་སྲུང་ལས་ཁུངས་ཀྱི་དཔོན་རིགས་མཐོ་གྲས་གསུམ་དང་དབུས་གཞུང་དོན་ཁང་གི་འགན་འཛིན་གཞོན་པ་ཞིག་བཅས་ཀྱང་དོན་རྐྱེན་བྱུང་ནས་དུས་ཚོད་གཅིག་གི་རྗེས་སུ་ཡུལ་ངོས་ལ་འབྱོར་ཡོད་པའི་གནས་ཚུལ་བརྗོད་འདུག

གནས་ཚུལ་དབྱེ་ཞིབ་པ་ཚོས་བརྗོད་པ་ལྟར་ན། རླངས་འཁོར་དོན་རྐྱེན་དེ་ཀྲུའུ་ཡོན་ཁང་གིས་གསལ་བོར་ཐོས་མ་ཐག ཁོ་པེ་ཅིན་སྤྱི་བདེ་ལས་ཁུངས་སུ་བསྐྱོད་ཡོད་པ་དང་། ཀྲུའུ་ཡོན་ཁང་དང་ལིན་ཅི་ཧྭ་གཉིས་ཀྱིས་གྲོས་མོལ་བྱས་མཐར། ཀྲུའུ་ཡོན་ཁང་གི་རོགས་སྐྱོར་འོག་ལིན་ཅི་ཧྭ་དབུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་དུ་འགྲོ་ཐུབ་བྱ་རྒྱ་དང་། ལིན་ཅི་ཧྭ་ཡིས་ཧུའུ་ཅིན་ཐོ་ལ་ཀྲུའུ་ཡོན་ཁང་གི་གྱོད་དོན་ལ་ཁ་ཡ་མི་བྱེད་པ་དང་དབུས་སྒྲིག་ཁྲིམས་ཞིབ་བཤེར་ཁང་གིས་ཀྲུའུ་ཡོན་ཁང་གི་གྱོད་དོན་རྩད་ཞིབ་མཚམས་འཇོག་བྱེད་འཇུག་རྒྱུ་སོགས་གྲོས་མོལ་བྱས་ཏེ། ལིན་ཅི་ཧྭ་དང་ཀྲུའུ་ཡོན་ཁང་གཉིས་མཉམ་འབྲེལ་གྱི་ཚོགས་ཁག་ཅིག་གསར་འཛུགས་བྱས་ཡོད་འདུག

གནས་ཚུལ་དེའི་ནང་བཀོད་པར། རླངས་འཁོར་བརྡབ་སྐྱོན་ཁྲོད་བུ་མོ་གཉིས་ཀྱི་ནང་མི་ལ་གུན་གསབ་ཆེད་རྒྱ་སྒོར་ཁྲི་༣༠༠༠ སྤྲོད་རྒྱུ་བྱས་ཡོད་པ་དེར། ཀྲུའུ་ཡོན་ཁང་གིས་རོགས་སྐྱོར་བྱ་རྒྱུ་ཁས་ལེན་བྱས་ཏེ་དངུལ་དེའི་ཕྱེད་ཀ་ཀྲུའུ་ཡོན་ཁང་གི་བུ་ཀྲུའུ་བེན་ཁྲོ་ (Zhou Binchu)ཡིས་སྤྲོད་རྒྱུ་དང་ཕྱེད་ཀ་ཀོ་ཡོན་ཞོ་ཡིས་སྤྲོད་རྒྱུ་བྱས་ཡོད་འདུག ནན་ཧྭ་གསར་ཤོག་སྟེང་གནས་ཚུལ་སྤེལ་བ་ལྟར་ན། རླངས་འཁོར་དོན་རྐྱེན་དེའི་རྗེས། རྒྱ་ནག་རྡོ་སྣུམ་ལས་ཁོངས་ཀྱི་མགོ་གཙོ་ཅཱིང་ཇེ་མིན་(Jian Jiemin)གྱིས་རྒྱ་སྒོར་འབོར་ཆེན་ཞིག་རྡོ་སྣུམ་དངུལ་བྱང་བརྒྱུད་བུ་མོ་རྨས་མ་དེ་གཉིས་ཀྱི་ཁྱིམ་བདག་གི་དངུལ་བྱང་སྟེང་བསྐུར་ཡོད་ཚུལ་བསྒྲགས་འདུག

རླངས་འཁོར་དོན་རྐྱེན་བྱུང་བའི་ཉིན་དེར། ཀོ་ཡོན་ཞོ་དང་རྒྱ་ནག་སྤྱི་ཚོགས་དོ་དམ་བདག་སྐྱོང་ཁང་གི་མགོ་གཙོ་ཀྲུའུ་པིན་ཧྲོན་ (Zhou Benshun)གཉིས་ཀྱིས་དུས་ཚོད་ ༢༤ ནང་པེ་ཅིན་གྱི་འགྲིམ་འགྲུལ་བདེ་སྲུང་མི་སྣ་ཚོ་ལ། ལིན་ཀོ་དང་འབྲེལ་བ་ཡོད་པའི་ཡིག་ཆ་ཁག་གི་རུས་མིང་ཐེངས་གསུམ་ལ་བརྗེ་བསྒྱུར་བྱེད་བཅུག་མཐར། ཤི་བོའི་རུས་མིང་ཅཱ་ (Jia)ལ་བསྒྱུར་ཅིང་། པེ་ཅིན་གྱི་སྡོད་གནས་ཁ་བྱང་ཡང་བརྗེ་ཡོད་འདུག ད་དུང་། རྨས་མ་བུ་མོ་གཉིས་ཉེན་སྐྱོབ་བྱེད་བཞིན་པའི་སྐབས་སུ། ཀོ་ཡོན་ཞོ་ཡིས་ཨུ་ཚུགས་ཀྱིས་ཤི་བོའི་རུས་ལ་ཅཱ་ཡིན་པའི་མིང་རྟོགས་བཀོད་དུ་བཅུག་ཡོད་པ་དང་། རླངས་འཁོར་དོན་རྐྱེན་དེའི་སྐོར་ཕྱི་ལ་བསྒྲགས་མི་ཆོག་ཅིང་། གལ་སྲིད་ཕྱི་གྱར་བྱུང་ན་རྨས་མའི་ཁྱིམ་ཚང་གཉིས་ཀ་རྩ་མེད་བཟོ་རྒྱུའི་འཇིགས་སྐུལ་ཡང་བྱས་ཡོད་འདུག

ཀོ་ཡོན་ཞོ་ཡིས་ཉིན་དེའི་རླངས་འཁོར་དོན་རྐྱེན་ཐོ་འགོད་ཡིག་ཆ་ཚང་མ་མེད་པར་བཟོས་ཡོད་པ་མ་ཟད། སྐབས་དེའི་གནས་ཚུལ་བེའུ་པོ་(weibo)དྲ་ཚིགས་སྟེང་བཀོད་ཡོད་པའང་ནག་གསུབ་གཏོང་དུ་བཅུག་ཡོད་འདུག དེ་བཞིན། གསར་ཁང་གཞན་གཉིས་ཀྱིས་གནས་ཚུལ་དེ་ཚགས་པར་སྟེང་འགོད་འཆར་ཡོད་ཀྱང་རྗེས་སུ་དེའང་ཕྱིར་འཐེན་བྱེད་དགོས་བྱུང་ཡོད་པ་མ་ཟད། སྐབས་དེར་རྒྱ་ནག་གི་དྲ་ཚིགས་ ༡༦ ཙམ་ལ་ཛ་དྲག་གི་སྔོག་བཤེར་དང་། དྲ་ཚིགས་ ༣༡༠༠ ལྷག་ལ་ཁྲིམས་འགལ་ཉེས་ཆད་ཕོག་ཡོད་པ་སོགས་ཀྱང་ཀོ་ཡོན་ཞོ་ཡི་ལྐོག་ཇུས་ཡིན་ཚུལ་བརྗོད་འདུག

ཀོ་ཡོན་ཞོ་ནི་ཕྱི་ལོ་ ༡༩༦༣ ལོ་པེ་ཅིན་དུ་སྐྱེས་ཤིང་། པེ་ཅིན་དགེ་མཐོ་སློབ་ཆེན་མཐར་ཕྱིན་རྗེས། ཀྲུང་དབྱང་བརྙན་འཕྲིན་ཁང་གི་བདེ་སྲུང་ཚན་པར་བདེ་སྲུང་དམག་མི་དཀྱུས་མ་ཞིག་གི་ལས་ཀ་བྱས་ཡོད་ཅིང་། ལོ་ཤས་རྗེས་ཉེན་རྟོག་པ་ངོ་མ་ཆགས་རྗེས་ལིན་ཅི་ཧྭ་ཡིས་རོགས་སྐྱོར་འོག་ ༢༠༠༩ ལོར་རྒྱལ་ཁབ་འཇིགས་སྐུལ་རྒོལ་རྡུང་ཚོགས་ཆུང་(国家反恐怖工作协调小组)གི་ཚོགས་གཙོར་བསྐོས་ཡོད་འདུག ༢༠༡༠ ལོའི་ལོ་མགོར་སྤྱི་བདེ་ལས་ཁུངས་ ༢༧ པའི་འཇིགས་སྐུལ་རྒོལ་རྡུང་འགན་འཛིན་གཞོན་པར་བསྐོས་ཡོད་འདུག ལོ་དེའི་ཟླ་ ༩ བའི་ནང་ཀྲུའུ་ཡོན་ཁང་དང་ལིན་ཅི་ཧྭ། ཧེ་ལོན་ཅང་ཞིང་ཆེན་ཨུ་ཡོན་མགོ་གཙོ་ཅི་པེན་ཞུན་ (Ji Bingxuan)བཅས་ཀྱི་རོགས་རམ་འོག་ཧེ་ལོན་ཅང་ཞིང་ཆེན་སྤྱི་བདེ་ལས་ཁང་གི་འགན་འཛོན་གཞོན་པར་ཚོད་ལྟ་ལོ་གཉིས་ལ་བྱས་རྗེས། ༢༠༡༢ ལོ་ཟླ་ ༩ བའི་ནང་ཧེ་ལོན་ཅང་ཞིང་ཆེན་སྤྱི་བདེ་ལས་ཁུངས་ཀྱི་འགན་འཛོན་གཞོན་པ་དངོས་ཆགས་ཡོད་འདུག

གཞན་ཡང་། ཕྱི་ཟླ་ ༡༢ པའི་ཚེས་ ༢༧ ཉིན་ཝུན་ཞའོ་ཁྲིན་ཞེས་པའི་རྒྱ་ཡིག་དྲ་བའི་སྟེང་གནས་ཚུལ་བཀོད་པ་ལྟར་ན། ལིན་ཅི་ཧྭ་ཡི་དགའ་མར་གྲགས་པའི་ཀྲུང་དབྱང་བརྙན་འཕྲིན་ཁང་གི་ཆབ་སྲིད་གསར་འགྱུར་སྡེ་ཁག་གི་རྩོམ་སྒྲིག་འགན་འཁུར་བ་མཛེས་མ་ཧྥིན་ཀྲའོ་(Feng Zhou)ཟེར་བ་དེ་ཡང་ཉེ་ལམ་ཞིག་ནས་བོར་བརླག་ཕྱིན་ཡོད་ཚུལ་དང་། ཁོ་མོ་ཐོག་མ་ ༢༠༠༥ ལོ་ཙམ་ནས་ལིན་ཅི་ཧྭ་ཡི་དགའ་རོགས་ཡིན་ཚུལ་སྤྱི་ཚོགས་ནང་ཁྱབ་ཡོད་པ་མ་ཟད། ཁོ་མོར་ཀྲུང་དབྱང་བརྙན་འཕྲིན་ཁང་གི་འགན་འཛིན་གཞོན་པའི་གོ་གནས་ཐོབ་པ་དེ་ཡང་ལིན་ཅི་ཧྭ་ཡི་རོགས་རམ་ལ་བརྟན་པ་ཞིག་ཡིན་ཚུལ་སོགས་འཁོད་འདུག

ད་ལོའི་ཕྱི་ཟླ་ ༩ བའི་ནང་རྒྱ་ནག་གི་གསར་ལམ་ཁག་དུ་མཛེས་མ་ཧྥིན་ཀྲའོ་ལ་ཀྲུང་དབྱང་བརྙན་འཕྲིན་ཁང་གི་ཕུལ་བྱུང་ལས་བྱེད་ཀྱི་གཟེངས་རྟགས་ཐོབ་ཡོད་པའི་གནས་ཚུལ་ཐོན་ཡོད། འོན་ཀྱང་ཟླ་དེའི་ཟླ་དཀྱིལ་ཙམ་ནས་མཛེས་མ་ཧྥིན་ཀྲའོ་ལ་འབྲེལ་བ་བྱེད་ཐུབ་ཀྱི་མེད་པ་ཆགས་ཡོད་སྟབས། དཔྱད་བརྗོད་པ་ཚོས་གཅིག་བྱས་ན་མཛེས་མ་ཧྥིན་ཀྲའོ་ལ་རྒྱ་ནག་གཞུང་གིས་ཞིབ་བཤེར་བྱེད་མགོ་བཙུགས་ཡོད་པ་དང་། ཡང་ན། མོས་གྱོད་དོན་ཁག་ཅིག་ཐད་རྒྱ་ནག་གཞུང་ཁྲིམས་འཛིན་ལས་ཁུངས་ལ་རམ་འདེགས་བྱེད་ཀྱིན་ཡོད་པའི་ཚོད་དཔག་བྱས་ཡོད།

ཧྥིན་ཀྲའོ་ནི་ ༡༩༩༨ ལོར་ཀྲུང་དབྱང་བརྙན་འཕྲིན་ཁང་དུ་འཛུལ་བཞུགས་བྱས་པ་དང་། ལོ་གཉིས་ཀྱི་རྗེས་སུ་བརྙན་འཕྲིན་ཁང་དེའི་ཆབ་སྲིད་གསར་འགྱུར་སྡེ་ཚན་དུ་བསྐོ་བཞག་བྱས་ཡོད་ཀྱང་། བརྙན་འཕྲིན་ཁང་གི་ལས་བྱེད་ཚོས་བརྗོད་པ་ལྟར་ན། སྤྱིར་བཏང་གི་ལས་བྱེད་དཀྱུས་མ་ཞིག་ཡིན་ན་ཉུང་མཐར་ཀྲུང་དབྱང་བརྙན་འཕྲིན་ཁང་དུ་ལོ་ ༤ ནས་ ༥ ལ་བྱ་བ་བསྒྲུབས་པའི་རྗེས་ལ་གཞི་ནས་ལས་ཁུངས་ལྟེ་བའི་ལས་བྱེད་དུ་བསྐོ་བཞག་བྱེད་སྲོལ་ཡོད་ཀྱང་། ཧྥིན་ཀྲའོ་ལོ་གཉིས་ཟིན་མ་ཐག་ལས་ཁུངས་ལྟེ་བའི་ལས་བྱེད་ཆགས་ཡོད་པ་མ་ཟད། ༢༠༠༨ ལོར་འགན་འཛིན་གཞོན་པར་བསྐོ་བཞག་བྱས་ཡོད་པ་དེ་དག་གིས་ཁོ་མོ་རྒྱ་ནག་གི་དཔོན་རིགས་མཐོ་གྲས་ཤིག་ལ་འབྲེལ་བ་དམ་ཟབ་ཡོད་པ་རྟོགས་ཐུབ་ཚུལ་རྗོད་བཞིན་ཡོད།

ཕྱི་ཟླ་ ༩ ཚེས་ ༢༦ ཉིན་ནས་བཟུང་རྒྱ་ནག་གི་གསར་ལམ་ཁག་ཅིག་ཏུ། ཀྲུང་དབྱང་བརྙན་འཕྲིན་ཁང་གི་ལས་བྱེད་ཚོས་ཀྲུང་དབྱང་ཆབ་སྲིད་གསར་འགྱུར་སྡེ་ཚན་གྱི་འགན་འཛིན་གཞོན་པ་ཧྥིན་ཀྲའོ་ལ་བདུན་ཕྲག་གཅིག་གི་སྔོན་ཙམ་ནས་འབྲེལ་བ་བྱེད་མི་ཐུབ་པ་ཆགས་ཡོད་སྐོར་བསྒྲགས་ཡོད་པ་དང་། འོན་ཀྱང་ཁོ་མོར་གནས་ཚུལ་ཅི་བྱུང་ད་ཆར་ཁ་གསལ་གང་ཡང་མེད་པ་མ་ཟད། རྒྱ་ནག་གཞུང་ངོས་ནས་ཀྱང་ཁོ་མོར་ཞིབ་བཞེར་བྱེད་ཀྱི་ཡོད་མེད་ཀྱང་ཕྱིར་བསྒྲགས་བྱས་མེད།

ཧྥིན་ཀྲའོ་ནི་ཕྱི་ལོ་ ༡༩༩༨ ཟླ་ ༨ པའི་ནང་དངོས་གཞི་སློབ་མཐར་ཕྱིན་རྗེས་ཀྲུང་དབྱང་བརྙན་འཕྲིན་གསར་འགྱུར་སྡེ་ཚན་ལྟེ་བའི་རྩོམ་སྒྲིག་པ་ལོ་གཉིས་བྱས་རྗེས་ཆབ་སྲིད་གསར་འགྱུར་སྡེ་ཁག་ཏུ་བསྐོས་ཡོད་པ་དང་། ༢༠༠༨ ལོར་ཆབ་སྲིད་གསར་འགྱུར་སྡེ་ཁག་གི་འགན་འཛིན་གཞོན་པར་བསྐོས་འདུག ཀྲུང་དབྱང་བརྙན་འཕྲིན་དྲ་བར་གནས་ཚུལ་བཀོད་པ་ལྟར་ན་། ཆབ་སྲིད་གསར་འགྱུར་སྡེ་ཁག་ནི་ ༢༠༠༨ ལོའི་ཟླ་ ༨ པའི་ནང་གཞི་ནས་དབུ་བརྙེས་ཡོད་པ་དང་། གསར་ཁང་དེའི་ནང་དོན་གཙོ་བོ། རྒྱ་ནག་གི་དཔོན་རིགས་མཐོ་གྲས་ཚོའི་ཕྱི་ནང་གི་ལས་འཆར་ཁག་དང་རྒྱལ་ཁབ་ཀྱི་ཆབ་སྲིད། ཕྱི་འབྲལ་གྱི་གལ་ཆེའི་ལས་དོན་སྐོར་གྱི་གསར་འགྱུར་ཁག་ཁྱབ་སྤེལ་བྱེད་ཀྱིན་ཡོད་འདུག

ཀྲུང་དབྱང་བརྙན་འཕྲིན་ལས་ཁང་གི་ལས་བྱེད་ཅིག་གིས་བརྗོད་པ་ལྟར་ན། མཛེས་མ་ཧྥིན་ཀྲའོ་ཡི་འོག་གི་སྡེ་ཁག་དེ་ནི་ཀྲུང་དབྱང་བརྙན་འཕྲིན་ཁང་གི་ཆབ་སྲིད་གསར་འགྱུར་གྱི་ལྟེ་བ་ཡིན་ཞིང་། སྡེ་ཁག་དེར་ཡང་ནང་གསེས་ཆབ་སྲིད་དང་དཔལ་འབྱོར། སྤྱི་ཚོགས་བཅས་སྡེ་ཚན་མ་འདྲ་བ་ཁ་ཤས་ཡོད་པ་དང་། ཆབ་སྲིད་སྡེ་ཚན་དུ་ལས་བྱེད་ ༤༠ ནས་ ༥༠ ཙམ་ཡོད་ཅིང་། དཔལ་འབྱོར་དང་སྤྱི་ཚོགས་སྡེ་ཚན་དུ་ལས་བྱེད་ ༣༠༠ ལྷག་ཡོད་ཅེས་བརྗོད་འདུག

ཀྲུང་དབྱང་བརྙན་འཕྲིན་དྲ་བས་ཀྱང་ཧྥིན་ཀྲའོ་ལ་བསྟོད་སྔགས་མང་པོ་བྱས་ཡོད་ཅིང་། ༢༠༠༥ ལོའི་ཟླ་ ༤ བའི་ནང་རྒྱ་ནག་མགོ་གཙོ་ཞིག་ཕྱིར་སྐྱོད་སྐབས། ཆབ་སྲིད་སྡེ་ཁག་གི་རྩོམ་སྒྲིག་པ་ཧྥིན་ཀྲའོ་དུས་ཚོད་ ༢༤ ལ་གཉིད་མེད་པར་ལས་ཀ་བྱས་ཡོད་པ་མ་ཟད། ཧྥིན་ཀྲའོ་ཡི་གསར་འགྱུར་མང་པོ་ཞིག་ལ་བྱ་དགའ་རག་ཡོད་ཅིང་། མོ་བརྒྱུད་ནས་ཀྲུང་དབྱང་བརྙན་འཕྲིན་ཁང་ལ་ “ལྔ་བཞི་གཞོན་ནུའི་བྱ་དགའ་”སོགས་བྱ་དགའ་མང་པོ་ཞིག་རག་མྱོང་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

དཀར་མཛེས་ཁུལ་སྐྱེས་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག དྲ་ལམ་གྱི་པར།
Mobile App

དཀར་མཛེས་ཁུལ་སྐྱེ་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག་ལ་ཞིབ་བཤེར་བྱེད་ཀྱིན་འདུག

ཆུ་ཚོད་ ༡ སྔོན་ལ།
Tibetan monks hold a ceremony to mourn the death of Tibetan activist Lobga Rangzen in Liberty Square in Taipei last night. Lobga Rangzen set himself on fire outside the UN headquarters in New York on July 2 in protest of China’s occupation of Tibet and Beijing’s Ethnic Unity and Progress Promotion Law, which went into effect on July 1.
Photo: Tu Chien-rong, Taipei Times
Mobile App

 བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་གིས་རང་བཙན་བློ་དགའ་ལགས་སུ་གདུང་སེམས་མཉམ་སྐྱེད་ཞུས།

ཆུ་ཚོད་ ༤ སྔོན་ལ།
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༧།༧།༡༥
Mobile App

དུས་རབས་ཉེར་གཅིག་པའི་མི་གྲངས་མང་ཤོས་རྐྱེན་འདས་སུ་གྱུར་བའི་དམག་འཁྲུག་ཆེན་པོ་གསུམ།

ཆུ་ཚོད་ ༢༣ སྔོན་ལ།
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་གར་བྱང་ཕྱོགས་ཁུལ་དུ་གཞུང་འབྲེལ་གཟིགས་སྐོར་གནང་བཞིན་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་གར་བྱང་ཕྱོགས་ཁུལ་དུ་གཞུང་འབྲེལ་གཟིགས་སྐོར་གནང་བཞིན་པ།

ཆུ་ཚོད་ ༢༤ སྔོན་ལ།
Mobile App

མི་རིགས་ཀྱི་ཤུལ་བཞག་རིག་དངོས་རྩ་གཏོར་བྱེད་པ་ནི་ཁྲིམས་དང་འགལ་བའི་བྱ་སྤྱོད་ཡིན།

༢༠༢༦/༠༧/༡༤
འཛམ་གླིང་རྐང་སྤོལ་སྐར་ཆེན་བཞི། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༧།༡༤
Mobile App

འདི་ལོའི་རྐང་སྤོལ་རྩེད་འགྲན་གྱི་གསེར་བུམ་བདག་པོ་དེ་སུ་ཡིན་ནམ།

༢༠༢༦/༠༧/༡༤

མཆན། 4

  1. ཇོ་རུ་ཚེ་རིང་། says:
    ལོ་ 12 སྔོན།

    ལིན་ཅིས་ཧྭ་ངོ་སྤྲོད་ཏོག་ཙམ་ནོར་འདུག བསྐྱར་བཅོས་བྱེད་དགོས་འདུག རྒྱ་ནག་མི་དམངས་ཆབ་སྲིད་གྲོས་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དང་། རྒྱ་ནག་དབུས་འཐབ་ཕྱོགས་གཅིག་གྱུར་གྱི་འགན་འཛིན་འགན་འཛིན། དེ་སྔའི་ཧུའུ་ཅིན་ཐའོ་སྲིད་སྐབས་ཀྱི་རྒྱ་ནག་དམར་ཤོག་དབུས་གཞུང་སྒྲུབ་ཁང་གི་འགན་འཛིན་ཟུར་པ། བཅས་རེད། གཞོན་པ་དང་དྲུང་ཡིག་གཉིས་ནོར་འདུག བསམ་ཚུལ་འདི་དྲ་ངོས་སུ་མ་བཏང་ན་ཆོག

    Reply
  2. ཁྱུང་རང་སྒྲ། says:
    ལོ་ 12 སྔོན།

    གསར་འགྱུར་བརྒྱུད་ལམ་ཟེར་བ་འདི་ནི་དེང་དུས་ཀྱི་མི་རེ་རེའི་ཉིན་རེའི་འཚོ་བ་ལྟ་བུ་ཡིན་པས། བོད་ཀྱི་དུས་བབ་ལྟ་བུའི་གཞུང་མང་གཉིས་ཀྱིས་མིག་གིས་འཚོས་པའི་གསར་ཁང་ཁྱབ་ཆེན་ཞིག་ལ་མཚོན་ན། འདྲ་མཉམ་དང་དངོས་ཐོག་བདེན་འཚོལ་ཟེར་བ་སོགས་ཧ་ཅང་གལ་ཆེ་ལ། ལྷག་པར་དུ་དབྱེ་འབྱེད་དང་འཐེན་འཁྱེར་གྱི་རིགས་ལ་ཧ་ཅང་གཟབ་དགོས་པ་རེད། དཔེར་ན། རྩོམ་ཡིག་འདིའི་ནང་དུ་སྐྱེས་དམན་ཞེས་བྲིས་པ་དེ་ང་ཚོའི་སྤྱི་ཚོགས་ནང་རྒྱུན་འབྱམས་སུ་སོང་བའི་དབྱེ་འབྱེད་དང་དམའ་འབེབས་ཀྱི་ཚིག་གཤིས་ཤིག་ཡིན་པས་འདི་རིགས་རྗེས་ཕྱོགས་གང་ཐུབ་ཀྱིས་ཉུང་དུ་གཏོང་བའི་རེ་སྐུལ་ཞུ། དེ་མིན་བོད་ཀྱི་དུས་བབ་ཚང་གི་མགོ་ལས་ཡོངས་ནས་ཉིན་ནས་ཟླ། ཟླ་ནས་ལོ་བྱས་ཏེ་རང་རེའི་སྤྱི་ཚོགས་ནང་རླབས་ཆེན་གྱི་ཞབས་ཞུ་བསྒྲུབས་དང་བསྒྲུབ་བཞིན་པར་དགའ་ཞིང་མགུ་བའི་བསྔགས་བརྗོད་ཞུ། མ་འོངས་པར་ཡང་འདི་ལྟར་མདུན་སྐྱོད་ཐུབ་པའི་རེ་བ་དང་སྨོན་འདུན་ཞུ།

    Reply
  3. འབྲོང་བུ་སོག་ཚ། says:
    ལོ་ 12 སྔོན།

    སྐྱེས་དམན་ཞེས་པའི་མཐའ་བསྙད་དེ་སྔར་ནས་སོང་ཟིན་ཡང་། ད་ནས་བཟུང་སྐྱེས་སྨན་ཞེས་སྐྱེས་པའི་སྨན་དུ་འདོགས་ན་བཟང་།

    Reply
  4. སྟོན་པ། says:
    ལོ་ 12 སྔོན།

    སྐྱེས་དམན་ཞེས་པའི་མིང་ཚིག་འདི་བེད་སྤྱོད་མ་གཏོང་ན་ཡག་གི ཆུང་མ་དང་། བཟའ་ཟླ་སོགས་བེད་སྤྱོད་གཏོང་ན་ཤིན་ཏུ་འོས།

    གཞན་གནས་ཚུལ་ཁག་བཀོད་པ་ལ་བཀའ་དྲིན་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese