མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཀྲུའུ་ཡའོ་ཀུང་གི་རྨི་ལམ།

བོད་ཀྱི་དུས་བབ།
༢༠༡༥/༠༡/༡༤
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཕྱི་ཟླ་ ༡ ཚེས་ ༡༣ ཉིན་རྒྱ་ནག་གི་སྐད་བརྡ་རིག་པའི་མཁས་པ་རྒྱ་ཡིག་གི་སྦྱོར་ཀློག་གསར་གཏོད་པ་ཀྲུའུ་ཡའོ་ཀུང་(Zhou Youguang)ལགས་དགུང་གྲངས་ ༡༠༩ ལ་ཕེབས་པའི་སྐྱེས་སྐར་དང་བསྟུན་ཏེ། རྒྱ་ཡིག་གི་བརྒྱུད་ལམ་ཁག་ཏུ་ཁོང་གི་ལོ་རྒྱུས་དང་མཛད་རྗེས། ཆབ་སྲིད་ལྟ་བ་བཅས་ཀྱི་སྐོར་ལ་གླེང་སློང་ཆེན་པོ་བྱེད་བཞིན་འདུག

དེ་རིང་ཀྲུང་གོར་ལྟ་བ་ཞེས་པའི་དྲ་ཚིགས་ཀྱིས་ཀྲུའུ་ཡའོ་ཀུང་ལ་བཅའ་འདྲི་ཞིག་ཞུས་པའི་ལན་དུ་ཁོང་གིས། “རྒྱ་ནག་གི་དཔལ་འབྱོར་བཅོས་བསྒྱུར་བྱས་ཏེ་མི་ལོ་ ༣༠ ཕྱིན་ཡོད་ཀྱང་རྒྱ་ནག་ལ་ད་དུང་དམངས་གཙོ་མངོན་འགྱུར་བྱེད་ཐུབ་མེད། ངས་དུས་རྒྱུན་དུ་བཅོས་བསྒྱུར་དང་འཕེལ་རྒྱས་ཀྱི་ལམ་ཁ་གཙོ་བོ་དེ་དམངས་གཙོའི་ལམ་ལུགས་ཁོ་ན་ཡིན་པར་ཡིད་ཆེས་བྱེད་ཀྱིན་ཡོད།”ཅེས་བརྗོད་འདུག

ཀྲུའུ་ཡའོ་ཀུང་ལས་གནས་ནས་དགོངས་པ་ཞུས་རྗེས་ཁོས་དེབ་བཅུ་གྲངས་ཤིག་བྲིས་ཡོད་པ་དང་། དེབ་དེ་དག་ནང་རྒྱ་གཞུང་གི་ཆབ་སྲིད་བཅོས་བསྒྱུར་བྱས་མེད་པ་དང་ཏུན་ཞོ་ཕིན་གྱིས་དཔལ་འབྱོར་བཅོས་བསྒྱུར་ལའང་ཆད་ལྷག་མང་པོ་ཡོད་པ་སོགས་བྲིས་ཡོད་འདུག ཁོང་གིས “རྒྱ་ནག་མི་མང་གི་དཔལ་འབྱོར་ཡར་རྒྱས་འགྲོ་བཞིན་པ་འདི་གལ་ཆེན་མ་རེད། རྒྱ་ནག་དམངས་གཙོའི་ལམ་དུ་འགྲོ་རྒྱུ་ནི་མིའི་རིགས་ཀྱི་ཡར་རྒྱས་ངོ་མ་དེ་ཡིན།” ཞེས་བརྗོད་ཡོད་འདུག

ཀྲུའུ་ཡའོ་ཀུང་ནི་རྒྱ་ནག་ཆབ་སྲིད་འགྱུར་བ་ཁག་ལ་རྒྱུས་མྱོང་ཆེན་པོ་ཡོད་མཁན་གྱི་མི་སྣ་རྒན་ཤོས་དེ་ཡིན་པ་དང་། ཁོང་གི་རྩོམ་ཡིག་དང་གཏམ་བཤད་མང་པོ་ཞིག་ལ་རྒྱ་ནག་གཞུང་གིས་བཀག་འགོག་བྱེད་བཞིན་ཡོད་འདུག ཉེ་ཆར་ཀྲུའུ་ཡའོ་ཀོང་གིས་རིག་གནས་གསར་བརྗེ་སྐོར་གྱི་དེབ་ཅིག་བྲིས་པའི་ནང་དུ་རིག་གནས་གསར་བརྗེ་ལས་འགུལ་སྐབས་མི་ཁྲི་སྟོང་མང་པོར་ཤི་རྨས་བྱུང་ཡོད་ཚུལ་གྱི་ཚན་པ་ཞིག་གཞུང་གིས་ནག་གསུབ་བྱས་ཡོད་འདུག

ཀྲུའུ་ཡའོ་ཀུང་གི་རྩོམ་སྒྲིག་པ་ཡེ་ཧྥོང་ (Ye Fang)གིས་བཤད་རྒྱུར། “ མུ་མཐུད་འདི་ལྟར་སྡོད་མི་བཤད་དཀའ་ཡང་། ད་ལྟའི་ཆར་ཀྲུའུ་ཡའོ་ཀོང་གི་དཔེ་དེབ་རིགས་དཔར་བསྐྲུན་ལ་སྲིད་གཞུང་གིས་དམ་དྲག་ཆེ་རུ་འགྲོ་བཞིན་འདུག”ཅེས་བརྗོད་འདུག ཀྲུའུ་ཡའོ་ཀོང་གིས་ཀྱང་། འདི་ནི་རྒྱ་ནག་མགོ་གཙོ་མི་རེ་ཟུང་གནད་དོན་ཞིག་དང་མི་གཅིག་གཉིས་ཀྱི་གནད་དོན་ཞིག་མ་རེད། འདི་ནི་ལམ་ལུགས་ཤིག་གི་གནད་དོན་རེད། རྒྱ་ནག་ནང་དུ་ང་ཚོར་སྨྲ་བརྗོད་རང་དབང་མེད་པས་རེད་ཅེ་བརྗོད་ཡོད་འདུག

ཀྲུའུ་ཡའོ་ཀུང་ནི་ཆིན་རྒྱལ་རབས་སྐབས་ཕྱི་ལོ་ ༡༩༠༦ ལོར་ཅིང་སུའུ་ཁྲུང་ཀྲུག་གི་མཐོ་རིམ་ཁྱིམ་ཚང་ཞིག་ཏུ་སྐྱེས་ཤིང་། རྒྱ་ནག་གི་ཡི་གེ་སྦྱོར་ཀློག་འགྲོ་སྟངས་སྟེ་ཕེན་ཡེན་(中国拼音书写系统)ཞེས་པ་གསར་གཏོད་གནང་མཁན་ཡང་ཁོང་ཡིན་འདུག ཆིན་རྒྱལ་རབས་བསྣུབས་རྗེས་ཁོས་ཧྲང་ཧེ་དང་ཉི་ཧོང་སོགས་ནས་སློབ་སྦྱོང་བྱས་ཡོད་པ་དང་། ༡༩༣༧ ལོར་ཉི་ཧོང་དང་རྒྱ་ནག་གི་དམག་འཁྲུག་སྐབས། ཁོའི་ནང་མི་ཚང་མ་ཁྲོན་ཆིན་ལ་གནས་སྤོར་བྱས་ཡོད་འདུག

༡༩༤༣ ལོ་ནས་ཨ་རའི་ནའེ་ཡོག་ནང་རྒྱ་ནག་གི་དངུལ་ཁང་ཞིག་ལ་ལས་ཀ་བྱས་ཡོད་པ་དང་། རྗེས་སུ་མའོ་ཙེ་ཏུང་གྱིས་སྤྱི་ཚོགས་རིང་ལུགས་འུད་སྒྲོག་ཤུགས་ཆེན་པོ་བྱས་པར་ཁོ་རང་ཡིད་འགུལ་ཐེབས་ཏེ་ ༡༩༤༩ ལོར་ཁོ་ཕྱིར་རྒྱ་ནག་ཏུ་ལོག་ཡོད་ཀྱང་། མའོ་ཡི་ཁ་ཞེ་མི་མཚུངས་པ་ཤེས་རྗེས་ཁོས་ “སྤྱི་ཚོགས་རང་ལུགས་འུད་སྒྲོག་བྱེད་སྐབས་ཁོ་ཚོ་ནི་དམངས་གཙོའི་རང་ལུགས་ཡིན་པ་བསྒྲགས་བཞིན་འདུག” ཅེས་བྲིས་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ལྕམ་སྐུ་ཇེག་ཁི་རོ་སན་མཆོག་གིས་བོད་མཐོ་སྒང་གི་ཁོར་ཡུག་ལ་གནོད་སྐྱོན་བཟོ་ཉེན་ཡོད་པར་ཞིབ་འཇུག་དགོས་པའི་ཁྲིམས་འཆར་བཏོན། བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས། ༢༠༢༥།༧།༡༧
Mobile App

བོད་མཐོ་སྒང་གི་ཁོར་ཡུག་ལ་གནོད་སྐྱོན་བཟོ་ཉེན་ཡོད་པར་ཞིབ་འཇུག་དགོས་པའི་ཁྲིམས་འཆར་བཏོན།

ཆུ་ཚོད་ ༧ སྔོན་ལ།
པེ་ཅིང་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་དུ་ཝུའུ་ཡེན་ཅེ་ལ་ཞིབ་བཤེར་བྱེད་བཞིན་པ། Lianhe Zaobao གསར་ཁང་གིས་པར།
Mobile App

བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་དྲུང་ཆེ་ཟུར་པ་ཝུའུ་ཡེན་ཅེ་ལ་ལོ་གཉིས་ཕར་འགྱངས་ཀྱི་སྲོག་ཁྲིམས་བཅད།  

ཆུ་ཚོད་ ༡༡ སྔོན་ལ།
༧སྐྱབས་རྗེ་དྭགས་པོ་རིན་པོ་ཆེ་མཆོག་ལ་ཧྥ་རན་སིའི་གཟེངས་རྟགས་ཐོབ། སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༥།༧།༡༦
Mobile App

༧སྐྱབས་རྗེ་དྭགས་པོ་རིན་པོ་ཆེ་མཆོག་ལ་ཧྥ་རན་སིའི་གཟེངས་རྟགས་ཐོབ།

༢༠༢༥/༠༧/༡༦
༸གོང་ས་མཆོག གསར་འགྱུར།

ཨ་རིའི་གྲོས་ཚོགས་གོང་མས་འཁྲུངས་སྐར་ཉིན་མོ་དེ་བྱམས་བརྩེའི་ཉིན་མོར་སྲུང་གཙི་ཞུ་རྒྱུ་སྤྱི་མོས་གཏན་འབེབས་གནང་།

༢༠༢༥/༠༧/༡༦
Sikkim BJP MP Dorjee Tshering Lepcha Reiterates Demand to Rename India-China Border as Indo-Tibetan Border
Mobile App

རྒྱ་གར་དབུས་གཞུང་གིས་འཕགས་བོད་ས་མཚམས་ཞེས་པའི་མིང་བེད་སྤྱོད་གནང་དགོས་པའི་འབོད་སྐུལ་གནང་།

༢༠༢༥/༠༧/༡༥
སྲིད་སྐྱོང་མཆོག་གིས་ཨོ་གླིང་གནས་མཁར་གསར་ས་གནས་བོད་མི་རྣམས་ལ་གསུང་བཤད་གནང་། ༢༠༢༥།༠༧།༡༣ སྲིད་སྐྱོང་གི་ངོ་དེབ་ཀྱི་པར།
Mobile App

༧སྐུའི་ཡང་སྲིད་ཕེབས་ཕྱོགས་ཐོག་ཨོ་གླིང་གཞུང་གི་ལངས་ཕྱོགས་གསལ་བོ་དགོས་པའི་རེ་སྐུལ་གནང་།

༢༠༢༥/༠༧/༡༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese