མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་ཏཱ་ལའི་བླ་མ་ནི་ངའི་ཡིད་སྨོན་བྱེད་ཡུལ་ཡིན།

བོད་ཀྱི་དུས་བབ།
༢༠༡༥/༠༢/༠༤
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ལམ་དབྱིན་ཡུལ་གྱི་ཁེ་ལས་ཤིག་གིས་དྲ་ཐོག་ནས་བསམ་ཤོག་བསྡུས་པ་བརྒྱུད་༧གོང་ས་མཆོག་འཛམ་གླིང་ཐོག་ཡིད་སྨོན་བྱེད་ཡུལ་ཆེ་ཤོས་ཀྱི་མི་སྣ་ཨང་བདུན་པའི་མཚན་སྙན་ཐོབ་ཡོད་འདུག

ཁ་སང་ཨུ་རུ་སུའི་མཱོ་སོ་ཁོ་དུས་བབ་ཐོག་གནས་ཚུལ་སྤེལ་བ་ལྟར་ན། འདས་ལོའི་ཟླ་ ༡༢ ནང་དབྱིན་ཡུལ་ནང་རྟེན་གཞི་བྱས་པའི་ཁྲོམ་རྭའི་གནས་སྟངས་རྟོག་ཞིབ་བྱེད་མཁན་གྱི་དྲ་ཐོག་ཁེ་ལས་ (YouGov) ཞེས་པས་རྒྱལ་སྤྱིའི་རྒྱལ་ཁབ་ ༢༣ གྱི་མང་ཚོགས་གཉིས་ཁྲི་ལྔ་སྟོང་ལ། འདི་ལོར་འཛམ་གླིང་ཐོག་ཁྱོད་ཀྱི་ཡིད་སྨོན་ཆེ་ཤོས་ཀྱི་མི་དེ་སུ་ཡིན་ཞེས་དྲ་ཐོག་བསམ་ཤོག་ཅིག་བསྡུས་ཡོད་པ་དང་། དེ་དག་ལས་འོས་གྲངས་མཐོ་ཤོས་ཐོབ་མཁན་གྱི་སྐྱེས་པ་ ༢༠ དང་བུད་མེད་ ༢༠ བདམས་ནས་ཟླ་སྔོན་མའི་ཚེས་ ༢༣ ཉིན་སླར་ཡང་འོས་བླུགས་ཏེ། ཟླ་སྔོན་མའི་ཚེས་ ༣༠ ཉིན་མཐའ་བསྡོམས་གྲུབ་འབྲས་ཕྱིར་བསྒྲགས་བྱས་པའི་ནང་། ཨང་རིམ་སྤྱི་བསྡོམས་ནང་བོད་མིའི་འདི་ཕྱིའི་སྐྱབས་གནས་༧གོང་ས་མཆོག་ལ་ཨང་བདུན་ཐོབ་ཡོད་པ་དང་། རྒྱལ་ཁབ་བྱེ་བྲག་པ་སོ་སོ་ལས་སུད་ཌན་དང་ཧྥ་རན་སིའི་ནང་ཨང་དང་པོ་དང་། ནོར་ཝེ་དང་འཇར་མན་ནང་ཨང་གཉིས་པ། ཌན་མག་ནང་ཨང་གསུམ་པ་བཅས་ཐོབ་ཡོད་འདུག

འདིའི་ཐད་དྲ་ཐོག་ཁེ་ལས་ཀྱི་དྲ་ཚིགས་ཐོག “ང་ཚོས་རྒྱ་དཀར་ནག་གཉིས་དང་། ཨིན་དྷུ་ཎི་ཤི་ཡ། པ་ཀི་སི་ཐན། ནེ་ཇི་རི་ཡ། ཨེ་ཇབ། ཐའེ་ལན་ཌི། སོ་ཌི་ཨ་རབ་བྷེ་ཡ། མ་ལེ་ཞི་ཡ། ཨ་རབ་ཨེ་མེ་ར་ཌི། ཧོང་ཀོང་། སིང་གྷ་པུར་བཅས་ནང་དྲ་ཐོག་བརྒྱུད་བསམ་ཤོག་བསྡུས་ཡོད། དེ་མིན་གྱི་རྒྱལ་ཁབ་གཞན་ནང་རྒྱལ་ཁབ་དེའི་ངོ་ཚབ་ཀྱིས་བསམ་ཤོག་བསྡུས་པ་ལྟར་ཐག་གཅོད་བྱས་པ་ཡིན། རྒྱལ་ཁབ་ཁ་ཤས་ནང་རྒྱལ་ཁབ་གཞན་ལས་ལྷག་པ་མང་ཚོགས་ཀྱིས་མཉམ་ཤུགས་བྱས་ཡོད་སྟབས། ང་ཚོས་མཐའ་བསྡོམས་ཐག་གཅོད་བྱེད་སྐབས་རྒྱལ་ཁབ་བྱེ་བྲག་པའི་ནང་མི་སྣ་དེར་འོས་གྲངས་ག་ཚོད་ཐོབ་ཡོད་མེད་ལ་གཞིགས་ནས་ཐག་གཅོད་བྱས་པ་ཡིན”ཞེས་བཀོད་འདུག

འདི་ལོར་མང་ཚོགས་ཚོས་འཛམ་གླིང་ཐོག་ཡིད་སྨོན་ཆེ་ཤོས་བྱེད་ཡུལ་གྱི་སྐྱེས་པའི་མཚན་སྙན་དེ་མེ་ཁཱོར་སོབ་ཌི་ (Microsoft founder) ཁེ་ལས་གསར་འཛུགས་གནང་མཁན་བྷེལ་གྷེ་ཌི་(Bill Gates) ལ་ཐོབ་པ་ཡོད་པ་དང་། གཉིས་པ། ཨོ་བྷ་མ་དང་། གསུམ་པ། ཞི་ཅིན་ཕིན། བཞི་པ། རྒྱ་མིའི་གློག་བརྙན་འཁྲབ་སྟོན་པ་ཇར་ཀི་ཅཱན། ལྔ་པ། ནཱ་རེན་ཌ་མུ་དྷེ། དྲུག་པ། ཡེ་ཤུའི་བླ་ཆེན་པོབ་ཧྥན་སི་སི། བདུན་པ། ༧གོང་ས་མཆོག བརྒྱད་པ། རྒྱ་རིགས་ཁེ་ལས་པ་ཇཱག་མཱ་(Jack Ma)། དགུ་པ། དངོས་ཁམས་ཚན་རིག་པ་སི་ཌི་ཧྥིན་ཧཱོ་ཀིང་ (Stephen Hawking)དང་རྐང་རྩེད་སྤོ་ལོ་བ་ཌཱ་ཝུ་ཌི་བྷེག་གྷམ་ (David Beckham)བཅས་ཡིན་འདུག

བུད་མེད་ཁྲོད་ཀྱི་མཚན་སྙན་དང་པོ་ཐོབ་མཁན་ནི་ཨ་རིའི་གློག་བརྙན་འཁྲབ་སྟོན་པ་དང་མཉམ་འབྲེལ་རྒྱལ་ཚོགས་སྐྱབས་བཅོལ་ལྷན་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་ཨན་ཇི་ལི་ཎཱ་ཇོ་ལེ་ (Angelina Jolie) དང་། གཉིས་པ། པ་ཀི་སི་ཐན་གྱི་འདས་ལོའི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་མཱ་ལཱ་ལཱ་(Malala Yousafzai)། གསུམ་པ། ཨ་རིའི་ཕྱི་སྲིད་དྲུང་ཆེ་ཟུར་པ་ཧི་ལཱ་རི་ཁེ་ལིན་ཌོན་ (Hillary Clinton)། བཞི་པ། དབྱིན་ཡུལ་རྒྱལ་མོ་ཨི་ལཱ་ཛི་བྷ་ཋ་གཉིས་པ་ (Elizabeth II)། ལྔ་པ། མེ་ཤལ་ཨོ་བྷ་མ། དྲུག་པ། གཞས་མ་གྲགས་ཅན་སི་ལི་ཎེ་(Celine Dion)། བདུན་པ། མདོ་འཛིན་མ་ཨོབ་ར་ (Oprah Winfrey)། བརྒྱད་པ། གློག་བརྙན་འཁྲབ་སྟོན་ཇོ་ལི་ཡ་རོ་བྷར་ཌི་(Julia Roberts)། དགུ་པ། འབར་མའི་དམངས་གཙོ་དོན་གཉེར་བ་དང་ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ལྕམ་ཨང་སང་སུ་ཀི (Aung San Suu Kyi)། བཅུ་པ། འཇར་མན་གྱི་སྲིད་བློན་ལྕམ་ཨང་གྷེ་ལཱ་མེར་གྷལ་ (Angela Merkel) བཅས་ཡིན་འདུག

ཁ་སང་ཁེ་ལས་དྲ་ཚིགས་དེའི་ཐོག “ཨ་རིའི་སྲིད་འཛིན་ཨོ་བྷ་མ་རྒྱལ་སྤྱིའི་རྒྱལ་ཁབ་མང་ཆེ་བའི་ཁྲོད་ནས་བསམ་ཤོག་མང་ཤོས་ཐོབ་མཁན་ཨང་བཅུ་པའི་ཁོངས་སུ་ཐོན་ཡོད་ཀྱང་། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་རྒྱ་ནག་རྒྱལ་ནང་མ་གཏོགས་རྒྱལ་ཁབ་གཞན་གྱི་བསམ་ཤོག་ནང་གྲངས་འབོར་མང་པོ་ཐོན་མི་འདུག ལྷག་པར་དུ་ད་རེབ་འོས་ཤོག་འདི་བརྒྱུད་ད་ལྟ་རྒྱལ་སྤྱིའི་མང་ཚོགས་མང་ཆེ་བས་མི་གཞན་ལ་ཕན་ཐོགས་སྐྲུན་མཁན་གྱི་གཏོང་ཕོད་ཅན་དང་སེམས་བཟང་ཅན་ཚོར་གུས་བཀུར་བྱེད་པ་ལས་ཆབ་སྲིད་ཀྱི་མགོ་ཁྲིད་ཚོར་དེ་ཙམ་ཡིད་སྨོན་བྱེད་ཀྱི་མེད་པ་གསལ་སྟོན་བྱས་འདུག”ཅེས་སོགས་བཀོད་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

Mobile App

མི་རིགས་མཐུན་སྒྲིལ་ཡར་རྒྱས་ཀྱི་ཁྲིམས།

ཆུ་ཚོད་ ༤ སྔོན་ལ།
བོད་རིག་པའི་ཆེད་མཁས་པ་དང་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཟུར་བ་རྒན་བདེ་མཆོག་ལགས། པར་བོད་ནང་གི་དྲ་ལམ་ནས་བླངས། ༢༠༢༦།༧།༡༧
Mobile App

བོད་རིག་པའི་མཁས་དབང་བདེ་མཆོག་ལགས་སྐུ་གྲོངས།

༢༠༢༦/༠༧/༡༧
རྒྱ་ནག་གཞུང་གིས་བོད་མགོ་ལོག་ཁུལ་དུ་ཆབ་སྲིད་སློབ་གསོ་སྤྲོད་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

ཉིན་གྲངས་ ༡༧ ནང་བོད་དུ་བྱུང་བའི་ཆོས་དང་ཆབ་སྲིད་ཀྱི་གནས་ཚུལ་ཁག་ཅིག

༢༠༢༦/༠༧/༡༧
China completes building a fifth new border defence village few km from Arunachal border
Mobile App

རྒྱ་ནག་གཞུང་གིས་རྒྱལ་སྲུང་མཐའ་མཚམས་ཀྱི་གྲོང་ཚོ་ལྔ་པ་དེ་འཛུགས་སྐྲུན་བྱས་ཚར་ཡོད་ཟེར།

༢༠༢༦/༠༧/༡༧
Chinese officials celebrate the 70th anniversary of the invasion of Tibet at Potala Palace in Lhasa, Tibet. Photograph: Xinhua/Rex/Shutterstock
Mobile App

རང་སྐྱོང་གི་འཁྲུལ་སྣང་། བོད་པ་ཚོས་དངོས་ཡོད་ལ་གདོང་ལེན་བྱ་དགོས་པའི་རྒྱུ་མཚན།

༢༠༢༦/༠༧/༡༦
དཀར་མཛེས་ཁུལ་སྐྱེས་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག དྲ་ལམ་གྱི་པར།
Mobile App

དཀར་མཛེས་ཁུལ་སྐྱེ་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག་ལ་ཞིབ་བཤེར་བྱེད་ཀྱིན་འདུག

༢༠༢༦/༠༧/༡༦

མཆན། 3

  1. སྟོན་པ། says:
    ལོ་ 11 སྔོན།

    ཁ་བ་དཀར་པོ་ལགས། ཡིད་ཆེས་རྩ་བ་ཉིད་ནས་མེད་ཟེར་ནས་ཨུར་བརྒྱབ་པ་ལས། གནས་ལུགས་ཤིག་གསལ་བཤད་བྱས་ན་འགྲིག ཧཧཧ

    Reply
  2. ཁ་བ་དཀར་པོ། says:
    ལོ་ 11 སྔོན།

    ད་རེས་དབྱིན་ཡུལ་གྱི་དྲ་ཚིགས་ཤིག་གིས་བསམ་ཤོག་བསྡུས་ཏེ་ར་ཤི་ཡ་ཚང་གི་གསར་ལམ་ཞིག་ཏུ་བརྒྱུད་འགོད་བྱས་པ་དེར་ཡིད་ཆེས་གཏན་ནས་མེད། དེ་ནི་༧གོང་ས་མཆོག་ལ་ཨང་དང་པོ་མ་ཐོབ་པའི་རྒྱུ་མཚན་གྱིས་ཕྱོགས་ཞེན་གྱི་སྐད་ཆ་བཤད་པ་མིན། ཞི་ཅེན་ཕིང་ཨང་གསུམ་པར་བསླེབས་པའི་རྒྱུ་མཚན་དེས་དབང་གིས་བཤད་པ་ཡིན། ཡིད་ཆེས་རྩ་བ་ནས་མེད།
    དེང་སྐབས་ར་ཤི་ཡ་ཚང་དང་རྒྱ་ནག་ཚང་ཁ་འཐབ་བྱས་ཡོད་པ་རེད།

    Reply
  3. ཀརྨ་རྡོ་རྗེ། says:
    ལོ་ 11 སྔོན།

    ་་་་་་་་་ བདུན་པ། ༧གོང་ས་མཆོག ་་་་་་་་་་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese