མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཤིན་ཅང་གི་དྲག་རྒོལ་དམར་གསོད།

བོད་ཀྱི་དུས་བབ།
༢༠༡༥/༠༥/༡༤
Share on FacebookShare on TwitterShare on EmailShare on Whatsapp

ཉེ་སྔོན་ཤིན་ཅང་གི་ཞིབ་བཤེར་ས་ཚིགས་ཤིག་ཏུ་དྲག་རྒོལ་དོན་རྐྱེན་ཐེངས་གཉིས་བྱུང་སྟེ་ཁྱོན་མི་གྲངས་ ༦ བསད་པ་དང་མི་ ༤ ལ་རྨས་སྐྱོན་ཕོག་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༡༡ ཉིན་གྱི་མཚན་མོ་པེ་ཅིན་གྱི་ཆུ་ཚོད་ ༩ པ་ཙམ་ལ། ཤིན་ཅང་ཡུ་གུར་མི་རིགས་རང་སྐྱོང་ཁུལ་ལོ་ཕུ་རྫོང་ལོ་ཕུ་གྲོང་ཚོའི་ཞིབ་བཤེར་ས་ཚིགས་ཏུ། མི་ཞིག་གིས་འབར་རྫས་གཡུགས་ཏེ་ཁོ་རང་དང་ཉེན་རྟོག་པ་གཉིས་རྐྱེན་ལམ་དུ་བཏང་ཡོད་པ་དང་། དོན་རྐྱེན་དེ་བྱུང་མ་ཐག་ས་གནས་ཉེན་རྟོག་ཁང་གིས་རིམ་པ་དང་པོའི་འཐབ་རྒོལ་གྲ་སྒྲིག་བྱས་ཡོད་ཀྱང་། ཕྱི་ཚེས་ ༡༢ ཉིན་གྱི་མཚན་མོའི་ཆུ་ཚོད་ ༨ ཐོག ཡང་བསྐྱར་ཞིབ་བཤེར་ས་ཚིགས་དེར་གཏོར་རྒོལ་ཐེབས་ཏེ། ལུས་ལ་འབར་རྫས་བཅངས་པའི་མི་ ༢ དང་ཉེན་རྟོག་པ་ ༡ བསད་པ་དང་། ཉེན་རྟོག་པ་ ༤ ལ་རྨས་སྐྱོན་ཕོག་ཡོད་འདུག

ཡུ་གུར་གྱི་གསར་འགྱུར་བརྒྱུད་ལམ་ཁག་ནས་དོན་རྐྱེན་དེ་བྱུང་རྗེས། ངོ་རྒོལ་བའི་ཁྱིམ་མི་གཉེན་འབྲེལ་སོགས་མི་གྲངས་ ༢༠༠ ལྷག་ས་གནས་ཉེན་རྟོག་ཁང་གིས་འཛིན་བཟུང་བཀག་ཉར་བྱས་ཡོད་པ་མ་ཟད། རྒྱ་ནག་ཉེན་རྟོག་ཕྱོགས་ནས་བསྟུད་མར་བྱུང་བའི་ངོ་རྒོལ་དོན་རྐྱེན་དེ་འཆར་གཞི་ལྡན་པ་དང་རྩ་འཛུགས་ཡོད་པ་ཞིག་ཡིན་སྐོར་བསྒྲགས་ཡོད་ཀྱང་། ད་ལྟའི་ཆར་དོན་རྐྱེན་བཟོ་མཁན་གཙོ་བོ་སུ་ཡིན་དང་། འཇིགས་སྐུལ་རྩ་འཛུགས་ལ་འབྲེལ་བ་ཡོད་མེད་གསལ་བོ་ཆགས་མེད་སྐོར་བརྗོད་འདུག

ཡང་ཡུ་གུར་གྱི་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། ཞིབ་བཤེར་ས་ཚིགས་དེ་ས་གནས་འཆར་ལྡན་བུ་སྐྱེས་ཁང་དང་སྨན་ཁང་གི་འགྲམ་དུ་ཡོད་ལ། ཞིབ་བཤེར་ས་ཚིགས་དེས་གཙོ་བོ་ཡུ་གུར་བུད་མེད་ཚོས་མགོ་རས་གྱོན་པ་དང་། སྐྱེས་པ་ཚོས་ཨ་ར་རིང་པོ་འཇོག་པའི་ཐལ་དྲགས་རིང་ལུགས་སུ་རྩི་བའི་བྱ་སྤྱོད་རིགས་ལ་ཞིབ་བཤེར་བྱེད་བཞིན་ཡོད་པ་དང་། ཐེངས་འདིའི་གཏོར་རྒོལ་བ་ ༣ དེ་ལོ་ཕུ་རྫོང་ནས་ཡིན་ཞིང་། ད་ལྟ་རང་ལོ་ ༡༨ ནས་ ༢༠ བར་ཡིན་འདུག དོན་རྐྱེན་བྱུང་རྗེས་ས་གནས་ཉེན་རྟོག་ཁང་གི་འགན་འཛིན་གྱིས། སྲིད་གཞུང་གིས་ཡུ་གུར་བའི་མགོ་རས་དང་ཨ་ར་ལ་ཞིབ་བཤེར་བྱེད་བཞིན་པ་དེར་མ་དགའ་བའི་རྣམ་འགྱུར་སྟོན་ཆེད། ཞིབ་བཤེར་ས་ཚིགས་དེ་དྲག་རྒོལ་གྱི་དམིགས་འབེན་དུ་བཟུང་བ་ཡིན་སྲིད་སྐོར་བརྗོད་འདུག

རྒྱ་ནག་ནང་གི་གྲངས་ཉུང་མི་རིགས་ཀྱི་གནད་དོན་ལྟ་ཞིབ་པ་ཨ་རིའི་ཧྥོར་སི་བྷོར་གྷི་མངའ་སྡེའི་གཙུག་ལག་སློབ་ཆེན་(Frostburg State University)གྱི་དགེ་རྒན་ཆེན་མོ་མཱ་ཧི་ཡེན་གྱིས། ཤིན་ཅང་ནང་གི་ས་གནས་སྲིད་གཞུང་ཚང་མས་གནད་དོན་ཆུང་དུ་བཏང་སྟེ་མེད་པ་བཟོ་བའི་ཐབས་ལམ་མི་འཚོལ་བར་གོ་སྐབས་སྣ་ཚོགས་བཙལ་ཏེ་གནད་དོན་བཟོ་བ་དང་། གནད་དོན་ཤུགས་ཆེ་རུ་གཏོང་བཞིན་འདུག གནད་དོན་ཆུང་ཆུང་ཐ་མག་དང་ཆང་རག་བཙོང་བ། དཔང་ཡིག་བསྡུ་ལེན་ནས་ཞིབ་བཤེར་ས་ཚིགས་ལ་གཏོར་རྒོལ་བཏང་བའི་གནད་དོན་རིམ་པའི་ཁྲོད་མི་མང་པོ་འཛིན་བཟུང་བྱས་ཡོད་པ་རེད། ང་ཚོས་སེམས་ཁུར་བྱེད་སའི་གནད་དོན་ཞིག་ནི། རྒྱ་ནག་གི་གཅིག་གྱུར་ཆེན་པོའི་ཁོར་ཡུག་འོག ག་རེ་བྱས་ནས་ཤིན་ཅང་ཁུལ་གྱི་རྫོང་སྲིད་གཞུང་ནས་གྲོང་ཁྱེར་སྲིད་གཞུང་བར་གྱིས། རྒྱལ་ཁབ་ཀྱི་གཞི་རྩའི་སྒྲིག་ཁྲིམས་དང་འགལ་བའི་བྱ་སྤྱོད་སྤེལ་བཞིན་ཡོད་པ་རེད། ཅེས་བརྗོད་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༡༧/༧/༡༩
Mobile App

དཔའ་བོའི་མངོན་འདོད་རྒྱུན་མཐུད་ཀྱི་ཟས་བཅད་ངོ་རྒོལ་སྤེལ་མགོ་བཙུགས།

སྐར་མ ༥༣ སྔོན་ལ།
Mobile App

མི་རིགས་མཐུན་སྒྲིལ་ཡར་རྒྱས་ཀྱི་ཁྲིམས།

ཆུ་ཚོད་ ༡༩ སྔོན་ལ།
བོད་རིག་པའི་ཆེད་མཁས་པ་དང་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཟུར་བ་རྒན་བདེ་མཆོག་ལགས། པར་བོད་ནང་གི་དྲ་ལམ་ནས་བླངས། ༢༠༢༦།༧།༡༧
Mobile App

བོད་རིག་པའི་མཁས་དབང་བདེ་མཆོག་ལགས་སྐུ་གྲོངས།

༢༠༢༦/༠༧/༡༧
རྒྱ་ནག་གཞུང་གིས་བོད་མགོ་ལོག་ཁུལ་དུ་ཆབ་སྲིད་སློབ་གསོ་སྤྲོད་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

ཉིན་གྲངས་ ༡༧ ནང་བོད་དུ་བྱུང་བའི་ཆོས་དང་ཆབ་སྲིད་ཀྱི་གནས་ཚུལ་ཁག་ཅིག

༢༠༢༦/༠༧/༡༧
China completes building a fifth new border defence village few km from Arunachal border
Mobile App

རྒྱ་ནག་གཞུང་གིས་རྒྱལ་སྲུང་མཐའ་མཚམས་ཀྱི་གྲོང་ཚོ་ལྔ་པ་དེ་འཛུགས་སྐྲུན་བྱས་ཚར་ཡོད་ཟེར།

༢༠༢༦/༠༧/༡༧
Chinese officials celebrate the 70th anniversary of the invasion of Tibet at Potala Palace in Lhasa, Tibet. Photograph: Xinhua/Rex/Shutterstock
Mobile App

རང་སྐྱོང་གི་འཁྲུལ་སྣང་། བོད་པ་ཚོས་དངོས་ཡོད་ལ་གདོང་ལེན་བྱ་དགོས་པའི་རྒྱུ་མཚན།

༢༠༢༦/༠༧/༡༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese