མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གར་གྱི་ས་ཁྲ་ཕྱེད་ཀ་མ།

བོད་ཀྱི་དུས་བབ།
༢༠༡༥/༠༥/༡༩
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ལམ་རྒྱ་གར་གྱི་སྲིད་བློན་རྒྱ་ནག་ནང་གཟིགས་སྐོར་དང་བསྟུན་ཏེ་རྒྱ་ནག་དབུས་བརྙན་འཕྲིན་ཁང་གིས་ཨ་རུ་ན་ཅཱལ་དང་ཇ་མུ་གཉིས་ཚུད་མེད་པའི་རྒྱ་གར་གྱི་ས་ཁྲ་ཞིག་བསྟན་པ་དེའི་ཐོག་གླེང་སློང་བྱེད་བཞིན་འདུག

ཉེ་ཆར་རྒྱ་གར་གྱི་སྲིད་བློན་ནཱ་རེན་ཌ་མུ་དྷེ་རྒྱ་ནག་དུ་སྐོར་སྐྱོད་བྱས་སྐབས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས་ཞི་ཨན་དུ་གནས་ལེན་དང་གཟིགས་སྐོར་ཕེབས་རོགས་བྱས་པའི་སྐབས་འདིར། རྒྱ་ནག་དབུས་བརྙན་འཕྲིན་ཁང་གིས་རྙོག་དྲ་ཅན་གྱི་རྒྱ་གར་ས་ཁྲ་ཞིག་བསྟན་ཡོད་པ་དེ། རྒྱ་གར་བརྒྱུད་ལམ་ཁག་ཏུ་གླེང་སློང་ཤུགས་ཆེན་པོ་བྱེད་བཞིན་ཡོད་པ་མ་ཟད། གནས་ཚུལ་དེ་ཞི་ཅིན་ཕིན་རྒྱ་གར་ལ་གཟིགས་སྐོར་ཕེབས་སྐབས། རྒྱལ་ཁབ་གཉིས་ཀྱི་མཐའ་མཚམས་དམག་མིའི་བར་ཁ་གཏད་ཀྱི་དོན་རྐྱེན་བྱུང་པ་དྲན་བཅུག་ཡོད་འདུག འོན་ཀྱང་། དེ་ནི་ཞི་ཅིན་ཕིན་གྱིས་གོ་སྒྲིག་བྱས་པ་ཞིག་ཡིན་མིན་ཐད་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་དབྱེ་ཞིབ་སྣ་ཚོགས་བྱེད་བཞིན་འདུག

དེ་རིང་ཞིན་ཐང་རིན་ཞེས་པའི་བརྒྱུད་ལམ་དུ། ཟླ་འདིའི་ཚེས་ ༡༤ ཉིན་རྒྱ་གར་གྱི་སྲིད་བློན་རྒྱ་ནག་ཞི་ཨན་ལ་འབྱོར་མ་ཐག རྒྱ་ནག་དབུས་བརྙན་འཕྲིན་ཁང་གིས་རྒྱ་ནག་གཞུང་ཕྱོགས་ནས་དཔར་བསྐྲུན་བྱས་པའི་རྒྱ་གར་གྱི་ས་ཁྲའི་ནང་དུ་རྒྱ་ནག་དང་རྩོད་གཞི་ཡིན་པའི་རྒྱ་གར་ཨ་རུ་ན་ཅལ་དང་། པ་ཀི་སི་ཐན་དང་རྩོད་རྙོག་ཡོད་པའི་ཇ་མུ་ཀཱ་ཤི་མིར་སོགས་མེད་པ་ཞིག་བསྟན་ཡོད་འདུག

སྐབས་དེར་རྒྱ་གར་བརྒྱུད་ལམ་ཁག་ཏུ་འདོད་བློ་མ་ཁེངས་པར། (firstpost) ཞེས་པའི་དྲ་རྒྱུའི་སྟེང་ས་ཁྲ་དེའི་སྐོར་ལ་གླེང་སློང་བྱས་པའི་ནང་། ‘མཐའ་མཚམས་ཀྱི་གྲོས་མོལ་བཞག་རོགས་གནང་། ཀྲུང་དབྱངས་བརྙན་འཕྲིན་གྱིས་རྒྱ་གར་ས་ཁྲ་བསྟན་པའི་ནང་། རྒྱ་ནག་ས་ཆའི་སྟེང་ལ་ཞེན་ཆགས་ཞེ་དྲགས་སྐྱེས་བཞིན་འདུག’ ཅེས་སོགས་བརྗོད་འདུག

རྒྱ་གར་གྱི་དེ་རིང་ (Indiatoday) དང་ཧིན་རྡུ་སི་ཐན་དུས་བབ་སོགས་སུ། རྒྱ་ནག་བརྙན་འཕྲིན་ཁང་གིས་རྒྱ་གར་ས་ཁྲ་བསྟན་པ་དེ་ནི་ནོར་འཁྲུལ་ཞིག་ཡིན་པ་དང་། སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་གནས་ཚུལ་དེའི་ཐད་མང་ཚོགས་ཁོང་ཁྲོ་ཆེན་པོ་ལངས་ཏེ། རྒྱ་ནག་ལ་སྐྱོན་བརྗོད་ཆེན་པོ་བྱེད་བཞིན་ཡོད་པ་རེད་ཅེས་སོགས་བཀོད་འདུག  

ཨ་རིའི་ ‘རྒྱ་ནག་ཚང་དོན་’ དུས་དེབ་རྩོམ་སྒྲིག་པ་ཝོ་ཧྥན་ (Wu Fan) གྱིས། “རྒྱ་ནག་གིས་ས་ཁྲ་དེ་འདྲ་ཞིག་བསྟན་པ་དེ་ནི་ཞི་ཅིན་ཕིན་གྱིས་ཆེད་དུ་གོ་སྒྲིག་བྱས་པ་རེད་དམ། ཡང་ན་ལིའུ་ཡོན་ཧྲན་ (Liu Yunshan) གྱིས་བཟོས་པ་རེད། དེ་མིན་ན་རྒྱ་ནག་དམག་དོན་ཕྱོགས་ནས་བཟོས་པ་རེད་དམ། མུ་དྷེས་ལ་བྱེད་སྟེངས་འདི་འདྲ་བྱས་ན་རྒྱ་གར་མི་དམངས་ཚོས་ངོས་ལེན་རྩ་བ་ནས་བྱ་རྒྱུ་མ་རེད།” ཅེས་བརྗོད་འདུག

ཁོང་གིས་མུ་མཐུད་དུ། “རྒྱ་ནག་གིས་དཔར་སྐྲུན་བྱས་པའི་ས་ཁྲའི་སྟེང་། མེག་མོ་ཧན་ས་ཐིག་( McMahon Line) སྤྱི་ལེ་གྲུ་བཞི་མ་ཁྲི་ ༩ ལྷག་ཡོད་པ་དེ་རྒྱ་ནག་ལ་བདག་ཚུལ་བཀོད་ཡོད་པ་དང་། རྒྱ་གར་གྱི་ས་ཁྲའི་སྟེང་ལ་རྒྱ་གར་ལ་དབང་བའི་སྐབས་འདིར། ཀྲུང་དབྱངས་བརྙན་འཕྲིན་ཁང་གིས་རྩོད་རྙོག་ཡོད་པའི་ས་ཁྲ་བསྟན་པ་དེ་ནི་རྒྱུན་ལྡན་ཞིག་མ་རེད།” ཅེས་བརྗོད་འདུག

སྤྱིར་བཏང་ད་རེབ་མུ་དྷེས་རྒྱ་ནག་ཏུ་སྐོར་སྐྱོད་བྱས་སྐབས་ཞི་ཨན་གནའ་བོའི་གྲོང་ཁྱེར་ནང་ཕེབས་བསུ་བྱས་ཡོད་པ་དང་གནའ་བོའི་དམག་དཔུང་དང་ཕོ་བྲང་བུད་མེད་ཚོའི་འཁྲབ་སྟོན་གྱིས་ཕེབས་བསུ་དང་། དེ་བཞིན་ཐང་རྒྱལ་རབས་ཀྱི་དཔོན་རིགས་ཚོའི་གྱོན་པ་གོན་ནས་ཕེབས་བསུ་བྱས་ཡོད་པ། ཞི་ཅིན་ཕིན་དང་ལི་ཁེ་ཆང་སོགས་རྒྱ་ནག་གི་དཔོན་རིགས་མཐོ་གྲས་ཚོ་ས་ཐག་རིང་པོ་ནས་ཞི་ཨན་དུ་མུ་དྷེས་ལ་མཇལ་འཕྲད་དུ་བསླེབས་པ་མ་ཟད། ཞི་ཅིན་ཕིན་གྱི་གཟིགས་སྐོར་ཕེབས་རོགས་འོག ཐང་རྒྱལ་རབས་ཀྱི་བཙུན་པ་ཞེན་བཙང་ (Xuan Zang) གིས་རྒྱ་གར་ནས་ཆོས་ལེན་པའི་དྲན་རྟེན་ ‘ཏཱ་ཡོན་མཆོད་རྟེན་’ནང་གནས་གཟིགས་གནང་ཡོད།

རྩོམ་སྒྲིག་འགན་འཛིན་ཝོ་ཧྥན་གྱིས། ཞི་ཅིན་ཕིན་གྱིས་འགུལ་སྐྱོད་ཀྱི་རྒྱུད་རིམ་ལ་བལྟས་ན་ཁོས་རྒྱ་གར་ལ་ཀུན་སློང་ བཟང་པོ་ཞིག་འཁྱེར་ཡོད་པ་མཚོན་ཐུབ། ལོ་སྔོན་མར་ཞི་ཅིན་ཕིན་རྒྱ་གར་ལ་སྐོར་སྐྱོད་བྱས་སྐབས། ཁོས་ལོ་ལྔའི་ནང་རྒྱ་གར་ལ་ཨ་སྒོར་དུང་ཕྱིར་ ༢༠ ཡི་མ་དངུལ་རོགས་སྐྱོར་བྱ་རྒྱུ་བྱས་ཡོད། དེར་བརྟེན། ད་རེབ་རྒྱ་གར་ས་ཁྲའི་གནད་དོན་དེའང་ཞི་ཅིན་ཕིན་གྱིས་རྐང་བཙུགས་ནས་ཇུས་འགོད་བྱས་པ་ཞིག་ཡིན་མི་སྲིད། ཅེས་སོགས་བརྗོད་འདུག

ཞིན་ཐང་རིན་གྱི་ ‘ཝེའུ་བརྙན་འཕྲིན་’ལས་ཚན་མདོ་འཛིན་པ་ཀྲའོ་ཕེས་ (Zhao Pei) ཀྱིས། ང་རང་གི་བསམ་ཚུལ་ལྟར་ན། ཉེ་ཆར་ཞི་ཅིན་ཕིན་གྱིས་རྒྱ་གར་ལ་ཀུན་སློང་བཟང་པོ་འཁྱེར་ཡོད་ཀྱང་། རྒྱ་ནག་ནང་ཁུལ་མོས་མཐུན་མེད་སྟབས་ད་རེབ་ཀྱི་དེའང་ཞི་ཅིན་ཕིན་ལོ་སྔོན་མའི་ཟླ་ ༩ བའི་ནང་རྒྱ་གར་ལ་སྐོར་སྐྱོད་བྱེད་པ་དང་གཅིག་མཚངས་རེད། ཅེས་བརྗོད་འདུག ད་དུང་ཁོང་གིས། “དང་ཐོག་ཞི་ཅིན་ཕིན་རྒྱ་གར་ལ་སྐོར་སྐྱོད་བྱས་པའི་ཉིན་མོ་དེར་རྒྱ་ནག་དང་རྒྱ་གར་གཉིས་ཀྱི་མཐའ་མཚམས་སུ་དམག་མི་སྟོང་ཕྲག་མང་པོས་ཕན་ཚུན་ལ་ཁ་གཏད་དུ་ལངས་རེས་བྱས་ཡོད་པ་དང་། ད་རེབ་ཀྲུང་དབྱངས་བརྙན་འཕྲིན་ཁང་གིས་རྩོད་རྙོག་ཅན་གྱི་ས་ཁྲ་བསྟན་པ་དེའང་ ༢༠༡༤ ལོའི་གནས་ཚུལ་བསྐྱར་དཔར་བྱས་པ་རེད། ཞི་ཅིན་ཕིན་ལ་ངོ་ཚ་བཟོས་པ་དང་། རྒྱ་ནག་དང་རྒྱ་གར་གཉིས་ཀྱི་མཛའ་བརྩེ་ལ་བར་ཆད་བཟོས་པ་རེད།” ཅེས་སོགས་བརྗོད་འདུག

གསར་འགོད་པ། འཇིགས་མེད་རྒྱ་མཚོ།

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༡༧/༧/༡༩
Mobile App

དཔའ་བོའི་མངོན་འདོད་རྒྱུན་མཐུད་ཀྱི་ཟས་བཅད་ངོ་རྒོལ་སྤེལ་མགོ་བཙུགས།

ཆུ་ཚོད་ ༡༠ སྔོན་ལ།
Mobile App

མི་རིགས་མཐུན་སྒྲིལ་ཡར་རྒྱས་ཀྱི་ཁྲིམས།

༢༠༢༦/༠༧/༡༨
བོད་རིག་པའི་ཆེད་མཁས་པ་དང་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཟུར་བ་རྒན་བདེ་མཆོག་ལགས། པར་བོད་ནང་གི་དྲ་ལམ་ནས་བླངས། ༢༠༢༦།༧།༡༧
Mobile App

བོད་རིག་པའི་མཁས་དབང་བདེ་མཆོག་ལགས་སྐུ་གྲོངས།

༢༠༢༦/༠༧/༡༧
རྒྱ་ནག་གཞུང་གིས་བོད་མགོ་ལོག་ཁུལ་དུ་ཆབ་སྲིད་སློབ་གསོ་སྤྲོད་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

ཉིན་གྲངས་ ༡༧ ནང་བོད་དུ་བྱུང་བའི་ཆོས་དང་ཆབ་སྲིད་ཀྱི་གནས་ཚུལ་ཁག་ཅིག

༢༠༢༦/༠༧/༡༧
China completes building a fifth new border defence village few km from Arunachal border
Mobile App

རྒྱ་ནག་གཞུང་གིས་རྒྱལ་སྲུང་མཐའ་མཚམས་ཀྱི་གྲོང་ཚོ་ལྔ་པ་དེ་འཛུགས་སྐྲུན་བྱས་ཚར་ཡོད་ཟེར།

༢༠༢༦/༠༧/༡༧
Chinese officials celebrate the 70th anniversary of the invasion of Tibet at Potala Palace in Lhasa, Tibet. Photograph: Xinhua/Rex/Shutterstock
Mobile App

རང་སྐྱོང་གི་འཁྲུལ་སྣང་། བོད་པ་ཚོས་དངོས་ཡོད་ལ་གདོང་ལེན་བྱ་དགོས་པའི་རྒྱུ་མཚན།

༢༠༢༦/༠༧/༡༦

མཆན། 1

  1. ཀརྨ་རྡོ་རྗེ། says:
    ལོ་ 11 སྔོན།

    ་་་་་་་་་་་་ ད་དུང་ཁོང་གིས། “དང་ཐོག་ཞི་ཅིན་ཕིན་རྒྱ་གར་ལ་སྐོར་སྐྱོད་བྱས་པའི་ཉིན་མོ་དེར་རྒྱ་ནག་དང་རྒྱ་གར་གཉིས་ཀྱི་མཐའ་མཚམས་སུ་དམག་མི་སྟོང་ཕྲག་མང་པོས་ཕན་ཚུན་ལ་ཁ་གཏད་དུ་ལངས་རེས་བྱས་ཡོད་པ་དང་། ད་རེབ་ཀྲུང་དབྱངས་བརྙན་འཕྲིན་ཁང་གིས་རྩོད་རྙོག་ཅན་གྱི་ས་ཁྲ་བསྟན་པ་དེའང་ ༢༠༡༤ ལོའི་གནས་ཚུལ་བསྐྱར་དཔར་བྱས་པ་རེད། ཞི་ཅིན་ཕིན་ལ་ངོ་ཚ་བཟོས་པ་དང་། རྒྱ་ནག་དང་རྒྱ་གར་གཉིས་ཀྱི་མཛའ་བརྩེ་ལ་བར་ཆད་བཟོས་པ་རེད།” ཅེས་སོགས་བརྗོད་འདུག ་་་་་་་་་་་་་་་་་་་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese