མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གི་དཔོན་རིགས་ཚོས་དཔེ་ཀློག་མང་ཙམ་བྱེད་དགོས།

བོད་ཀྱི་དུས་བབ།
༢༠༡༥/༠༦/༡༥
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཕྱི་དྲོ། རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་དུ། རྒྱ་ནག་གི་དཔོན་རིགས་ཚོས་རང་གི་མཚན་མཐོང་མཐོར་འདེགས་དང་ལྐོག་ཟ་རུལ་སུངས་ཇེ་ཉུང་དུ་གཏོང་ཆེད། དཔེ་ཀློག་མང་ཙམ་བྱེད་དགོས་པའི་འབོད་སྐུལ་བཏང་འདུག

དེ་ཡང་ཧོང་ཀོང་ཧྲིན་ཀྲོའུ་གྲོང་ཁྱེར་གྱི་དཔོན་རིགས་ཤིག་གི་ཁྱིམ་གྱི་དཔེ་སྟེགས་སྟེང་དུ། ཨ་རག་དང་རི་མོ་མ་གཏོགས་དཔེ་ཆ་གཅིག་ཀྱང་མཐོང་རྒྱུ་མེད་པ་རྒྱུ་མཚུན་དུ་བགྲངས་ཏེ། ཕྱིའི་དངོས་པོའི་རིག་གནས་ཤེས་བྱ་ཁོ་ན་སྦྱོང་བ་ནི། དེང་རབས་གཞོན་སྐྱེས་ཚོར་འོས་འཚམ་མིན་ལུགས་དང་། ནང་ཁུལ་གྱི་རུལ་སུངས་གཙང་བཤེར་བྱེད་པའི་ལས་འགུལ་འོག་ཏུ། རྒྱ་ནག་གི་དཔོན་རིགས་ཚོས་རང་གི་འདོད་ཡོན་དང་བག་མེད་ལོངས་སྤྱོད་ཀྱི་འཚོ་བར་ཚོད་འཛིན་བྱེད་དགོས་པའི་འབོད་སྐུལ་བཏང་ཡོད་ཅིང་། ཕྱི་ཟླ་གསུམ་པའི་ནང་། སྐུ་ཞབས་ཅིང་གིས་ལྐོག་རྔན་འབོར་ཆེན་སྤྲད་པ་དང་རྒྱན་པོ་འགྱེད་པ། ལོག་གཡེམ་བྱས་པ་བཅས་ཀྱི་ནག་ཉེས་འོག་འཛིན་བཟུང་བཙོན་འཇུག་བྱས་ཡོད་པ་དང་།

ཡང་རེས་གཟའ་ཕུར་བུའི་ཉིན། རུས་མིང་བརྗོད་འདོད་མེད་པའི་ཞིབ་དཔྱོད་པ་ཞིག་གིས། “སྐུ་ཞབས་ཅིང་ཚང་གི་གཞིས་ཀ་ཧ་ཅང་ཆེ་ཞིང་ཕར་བལྟོས་ཚོད་ཀྱིས། གོང་མའི་ཕོ་བྲང་དང་གཉིས་སུ་མེད་ལ། ཁོང་ཚང་གི་ཁང་ཁྱིམ་ཧྲིལ་བོ་རིན་གོང་མཐོ་བའི་ཨ་རག་དང་། ཡིག་གཟུགས། རི་མོ། གཡང་ཊིའི་དངོས་ཟོག་གིས་ཁེངས་ཡོད་པ་མ་གཏོགས། དཔེ་ཆ་མཐོང་ཡ་མི་འདུགཡིན་ནའང་། སྐུ་ཞབས་ཅིང་གི་མལ་ཁྲིའི་འཁྲིས་སུ་བཞག་འདུག་པའི་དུས་དེབ་དེ་ནི་དེང་སང་གི་གཞོན་སྐྱེས་ཚོས་བཀླག་མི་རུང་བ་རེད”ཟེར།

ཡང་རང་གི་རུས་མིང་བརྗོད་འདོད་མེད་པའི་རྒྱ་རིགས་བཅར་འདྲི་མཁན་གཞན་ཞིག་གིས། “སྤྱིར་དཔེ་ཀློག་ནི་དཔོན་རིགས་ཚོ་སྒེར་ངོས་ཀྱི་གནད་འགག་ཙམ་དུ་མ་ཟད། དེ་ནི་མིའི་གཤིས་རྒྱུད་དང་། མཐོང་རྒྱ། རིན་ཐང་ལྟ་ཚུལ། གོ་རྟོག་གི་ནུས་པ་སོགས་ཅི་ནས་ཀྱང་འགན་དུ་འཁུར་དགོས་པའི་གནད་འགག་ཆེན་པོ་རེད། དེར་བརྟེན། འབྱུང་འགྱུར་རྒྱ་ནག་གི་དཔོན་རིགས་ཚོས་རང་གི་བླ་སྲོག་གི་དར་ཆ་མཐོང་བ་དང་སྦྲགས་ཏེ། ཁོ་ཚོའི་བསམ་གཞིག་གི་གཏིང་ཇེ་ཟབ་ཏུ་འགྲོ་བ་དང་། ཐ་ན་ལྐོག་ཟ་རུལ་སུངས་ཀྱི་ནག་ཉེས་ཀྱང་ཇེ་ཉུང་དུ་འགྲོ་ངེས་རེད”ཟེར།

རྒྱ་ནག‘ནང་ཁུལ་གྱི་ལྐོག་ཟ་རུལ་སུངས་རྟོག་ཞིབ་དང་གཙང་བཤེར་ལྷན་ཁང’གི་གསར་ཤོག་སྟེང་དུ། རྒྱ་ནག་གཞུང་འབྲེལ་ཞིན་ཧྭ་གསར་ཁང་གི་དཔྱད་བརྗོད་པ་ཀྲང་ཡུ་ཧྲིན་གྱིས་སྤེལ་བའི་རྩོམ་ཐུང་ཞིག་གི་ནང་དུ། དེང་སྐབས་རྒྱ་ནག་ནང་གི་དཔོན་རིགས་ 71% ལྷག་གིས་དཔེ་ཀློག་གི་གོམས་གཤིས་ལ་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་དང་། ཡང་རྒྱ་ནག་གཞུང་འབྲེལ་ཞིན་ཧྭ་གསར་ཁང་ནས་འགྲེམ་སྤེལ་བྱས་པའི་དུས་དེབ་ཅིག་གི་སྟེང་དུ། རྒྱ་རིགས་ཆེད་མཁས་པ་ཚོས། གནའ་བོའི་རྒྱ་ནག་གི་དཔོན་རིགས་རྣམས་ཀྱིས་ལོ་ངོ་མང་པོར། གོང་མའི་ཕོ་བྲང་གི་ཡིག་རྒྱུགས་ཆེན་མོ་ཁོ་ནར་སྦྱོང་བརྩོན་བྱེད་དགོས་པ་དང་། དེང་སང་གི་དཔོན་ངན་ཚོས་དཔེ་ཀློག་གི་འདུ་ཤེས་ཐེད་དུ་བོར་འདུག་པ་བཅས་ལ་སྡིགས་མོ་གཏོང་གི་ཡོད་ཚུལ་བསྒྲགས་འདུག་ལ། ཁྲུ་ཐེན་སེ་ཊེ་གསར་ཤོག་གི་དཔྱད་བརྗོད་པ་ཧྲོ་ཇེ་ཁུན་ཟེར་བ་ཞིག་གིས། “གལ་ཏེ་དུས་ཡུན་རིང་བོར་དཔེ་ཀློག་མི་བྱེད་པའི་མི་དེའི་ཡིད་སེམས་མི་འགྱང་བར་གཞན་དབང་དུ་འགྱུར་འགྲོ་བ་རེད”ཟེར།

གོང་བསྙད་ཀྲང་ཡུ་ཧྲིན་གྱི་རྩོམ་ཐུང་དེའི་ནང་དུ་ད་དུང་། ཉེ་ལམ་སྲིད་འཛིན་ཞི་ཅེན་ཕེན་གྱིས་རྒྱ་ནག་གི་དཔོན་རིགས་ཚོས་དཔེ་ཀློག་མང་ཙམ་བྱེད་དགོས་པའི་བཀའ་རྒྱ་བསྒྲགས་པ་མ་ཟད། ཕྱི་ལོ་ ༢༠༡༢ ལོར་ཁོས་རྒྱ་ནག་ནང་གི་ལྐོག་ཟ་རུལ་སུངས་མགོ་སྟེང་སློག་རྒྱུ་ཡིན་པའི་ཆོད་སེམས་བཅངས་ཤིང་། སྐབས་དེ་ནས་བཟུང་རྒྱ་ནག་གི་དཔོན་རིགས་སྟོང་ཕྲག་མང་པོར་ཞིབ་བཤེར་བྱེད་འགོ་བརྩམས་ཏེ། རེས་གཟའ་ཕུར་བའི་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འགོ་ཁྲིད་ཟུར་བ་ཀྲུའུ་ཡོང་ཁཱང་ལ་ཚེ་བཙོན་གྱི་ཉེས་ཆད་བཅད་པ་རེད་ཅེས་སོགས་འགྲེལ་བརྗོད་འདུག

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༡༧/༧/༡༩
Mobile App

དཔའ་བོའི་མངོན་འདོད་རྒྱུན་མཐུད་ཀྱི་ཟས་བཅད་ངོ་རྒོལ་སྤེལ་མགོ་བཙུགས།

ཆུ་ཚོད་ ༡༠ སྔོན་ལ།
Mobile App

མི་རིགས་མཐུན་སྒྲིལ་ཡར་རྒྱས་ཀྱི་ཁྲིམས།

༢༠༢༦/༠༧/༡༨
བོད་རིག་པའི་ཆེད་མཁས་པ་དང་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཟུར་བ་རྒན་བདེ་མཆོག་ལགས། པར་བོད་ནང་གི་དྲ་ལམ་ནས་བླངས། ༢༠༢༦།༧།༡༧
Mobile App

བོད་རིག་པའི་མཁས་དབང་བདེ་མཆོག་ལགས་སྐུ་གྲོངས།

༢༠༢༦/༠༧/༡༧
རྒྱ་ནག་གཞུང་གིས་བོད་མགོ་ལོག་ཁུལ་དུ་ཆབ་སྲིད་སློབ་གསོ་སྤྲོད་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

ཉིན་གྲངས་ ༡༧ ནང་བོད་དུ་བྱུང་བའི་ཆོས་དང་ཆབ་སྲིད་ཀྱི་གནས་ཚུལ་ཁག་ཅིག

༢༠༢༦/༠༧/༡༧
China completes building a fifth new border defence village few km from Arunachal border
Mobile App

རྒྱ་ནག་གཞུང་གིས་རྒྱལ་སྲུང་མཐའ་མཚམས་ཀྱི་གྲོང་ཚོ་ལྔ་པ་དེ་འཛུགས་སྐྲུན་བྱས་ཚར་ཡོད་ཟེར།

༢༠༢༦/༠༧/༡༧
Chinese officials celebrate the 70th anniversary of the invasion of Tibet at Potala Palace in Lhasa, Tibet. Photograph: Xinhua/Rex/Shutterstock
Mobile App

རང་སྐྱོང་གི་འཁྲུལ་སྣང་། བོད་པ་ཚོས་དངོས་ཡོད་ལ་གདོང་ལེན་བྱ་དགོས་པའི་རྒྱུ་མཚན།

༢༠༢༦/༠༧/༡༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese