མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༢༠༡༥ ལོའི་བོད་ནང་གི་གནས་ཚུལ་ཆེ་ཁག་ ༡༠ །

བོད་ཀྱི་དུས་བབ།
༢༠༡༦/༠༡/༠༡
Share on FacebookShare on TwitterShare on EmailShare on Whatsapp

༼གཅིག༽

 
ཕྱི་ཟླ་ ༣ ཚེས་ ༥ ཉིན། བོད་མདོ་སྨད་རྔ་པ་རྫོང་སྤྲོ་ཚིགས་ཡུལ་ཚོའི་རྡོ་བ་སྡེ་བའི་བུད་མེད་ནོར་ཕྱུག་ལགས་ཀྱིས། རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་སྟེ་སྐུ་གྲོངས་ཡོད། ནོར་ཕྱུག་ལཊ་རང་ལོ་ ༤༧ ཡིན་ཞིང་། ཁོང་མོ་དྷི་ཕུ་དགོན་གྱི་ལྷ་སྡེ་མ་ཎི་སྐྱབས་ཚང་གི་ཕ་ཚེ་བདག་དང་། མ་འོད་སྒྲོན་གཉིས་ཀྱི་བུ་མོ་ཡིན་འདུག

༼གཉིས།༽

 
ཕྱི་ཟླ་ ༤ ཚེས་ ༨ ཉིན། དཀར་མཛེས་རྫོང་ཉེན་རྟོག་ཁང་གི་ཉེ་འགྲམ་ཞིག་ཏུ། ལྕོགས་རི་ངང་སྒང་ཇོ་མོ་དགོན་གྱི་བཙུན་མ་ཡེ་ཤེས་མཁའ་འགྲོ་ལགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་སྟེ་སྐུ་གྲོངས་ཡོད་པ་དང་། བཙུན་མ་ཡེ་ཤེས་མཁའ་འགྲོ་ལགས་ནི་བྲག་མགོ་རྫོང་བྲག་ཟུར་གྲོང་ཚོའི་བྲག་ཟུར་ཚང་གི་ཕ་ཤེས་རབ་དང༌། མ་བསོད་ནམས་སྒྲོལ་མ་གཉིས་ཀྱི་བུ་མོ་ཡིན་ཞིང་ད་ལྟ་རང་ལོ་ ༤༧ ཡིན་འདུག

༼གསུམ།༽

 
ཕྱི་ཟླ་ ༤ ཚེས་ ༡༦ ཉིན། བོད་མདོ་སྨད་རྔ་བ་རྫོང་ཨ་འདུས་སྡེ་བའི་བོད་མི་དམ་དཀར་རམ་གནས་སྐྱབས་ལགས་ཀྱིས་རང་གི་རྭ་སྐོར་ནང་རྒྱ་ནག་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་སྟེ་སྐུ་གྲོངས་ཡོད་འདུག ཁོང་ད་ལྟ་རང་ལོ་ ༤༥ ཡིན་ཞིང་རྔ་བ་རྫོང་ཨ་འདུས་ཡུལ་ཚོ་ནས་ཡིན་ཞིང་། ཁོང་ལ་ཕྲུ་གུ་བདུན་ཡོད་པའི་ནང་ནས་ཆེ་ཤོས་དེ་ལོ་ ༢༡ དང་ཆུང་ཤོས་དེ་ལོ་ ༧ ཡིན་འདུག

༼བཞི།༽

 
ཕྱི་ཟླ་ ༥ ཚེས་ ༢༡ ཉིན། དཀར་མཛེས་ཁུལ་རྟའུ་རྫོང་ཁང་སར་ཡུལ་ཚོ་རུ་བསྟན་འཛིན་རྒྱ་མཚོ་ལགས་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་སྐབས་རྒྱ་གཞུང་ཉེན་རྟོག་པས་བཙན་ཁྲིད་བྱས་ཡོད་འདུག བསྟན་འཛིན་རྒྱ་མཚོ་ལགས་ནི་རྟའུ་རྫོང་ཁང་གསར་ཡུལ་ཚོ་ཁུ་ནན་གྲོང་པ་ནས་ཡིན་ཞིང་ད་ལྟ་རང་ལོ་ ༣༥ ཡིན་ཞིང་། ཁོང་བཟའ་མི་གཉིས་ལ་བུ་གསུམ་དང་བུ་མོ་གཅིག་ཡོད་འདུག

༼ལྔ།༽

 
ཕྱི་ཟླ་ ༥ ཚེས་ ༢༧ ཉིན། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཅོ་ནེ་རྫོང་ཉིན་པ་ཡུལ་ཚོའི་རྒྱ་གཞུང་ལས་ཁུངས་འགྲམ་དུ་སངས་རྒྱས་མཚོ་ལགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེཊ་གནང་སྟེ་སྐུ་གྲོངས། སངས་རྒྱས་མཚོ་ལགས་ནི་ཀན་ལྷོ་ཁུལ་ཅོ་ནེ་ཆོས་དཔལ་ཡུལ་ཚོའི་རྨེ་རུ་སྲིབ་པ་སྡེ་བ་ནས་ཡིན་པ་དང་། ཁོང་མོ་རང་ལོ་ ༣༦ ཡིན་ཞིང་། ཁོང་གི་བཟའ་ཟླ་རྟ་མགྲིན་དབང་རྒྱལ་དང་ཁོང་གཉིས་ལ་བུ་ཞིག་དང་བུ་མོ་གཅིག་ཡོད་འདུག

༼དྲུག༽

 
ཕྱི་ཟླ་ ༧ ཚེས་ ༡༠ ཉིན། ཡུལ་ཤུལ་སྐྱེ་རྒུ་མདོའི་གེ་སར་ཐང་ཆེན་གྱི་གཡས་ཟུར་དུ་གྲྭ་བསོད་ནམས་སྟོབས་རྒྱལ་ལགས་ཀྱིས་རྒྱ་གཞུང་ལ་ཞི་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་ཡོད་པ་དང་། ཕྱིས་སུ་བོད་མི་ཚོས་ཁོང་སྨན་ཁང་དུ་བསྐྱལ་ཡོད་ཀྱང་འདས་གསོན་གྱི་གནས་ཚུལ་ཤེས་རྟོགས་ཐུབ་མེད། གྲྭ་བསོད་ནམས་སྟོབས་རྒྱལ་ལགས་རང་ལོ་ ༢༦ ཡིན་ཞིང་། ཕ་ནང་ཆེན་བཀྲ་ཤིས་དང་མ་བོད་བདེ་གཉིས་ཀྱི་བུ་ཡིན་འདུག

༼བདུན།༽

ཕྱི་ཟླ་ ༨ ཚེས་ ༢༧ ཉིན། ཀན་ལྷོ་ཁུལ་བསང་ཆུ་རྫོང་བསང་ཁོག་ཡུལ་ཚོའི་ཐོག་ཏུ། བཀྲ་ཤིས་སྐྱིད་ལགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་ཡོད་ཅིང་། ཉིན་དེའི་མཚན་མོའི་ཆུ་ཚོད་ ༣ ལ་སྐུ་གྲོངས་ཡོད་འདུག ཕྱི་ཚེས་ ༢༨ ཉིན་རྒྱ་གཞུང་ཉེན་རྟོག་ཡོང་སྟེ་སྐུ་ཕུང་བཙན་འཕྲོག་བྱས་ཡོད་འདུག བཀྲ་ཤིས་སྐྱིད་ལགས་ནི་བསང་ཆུ་རྫོང་བསང་ཁོག་ཡུལ་ཚོའི་དངུལ་ར་སྡེ་བ་ནས་ཡིན་པ་དང་ད་ལྟ་རང་ལོ་ ༥༥ ཡིན་འདུག

༼བརྒྱད།༽

 
ཕྱི་ཟླ་ ༡ ཚེས་ ༢༧ ཉིན། བོད་རང་སྐྱོང་ལྗོངས་སྒྲིག་ཁྲིམས་ཞིབ་བཤེར་ཁང་གིས་འདས་ལོར་བོད་རང་བཙན་ཚོགས་པ་ལ་ལྐོག་འབྲེལ་བྱས་པ་དང་། གསང་བའི་གནས་ཚུལ་མཁོ་སྤྲོད་བྱས་པ་བཅས་ཀྱི་དོགས་གཞིའི་འོག་བོད་རང་སྐྱོང་ལྗོངས་ཁོངས་ཀྱི་ཏང་ཡོན་ལས་བྱེད་པར་ཞིབ་བཤེར་བྱས་ཏེ་ཁྱོན་ཏང་ཡོན་ལས་བྱེད་པ་ ༤༥ ཕྱིར་ཕུད་དང་ལས་བྱེད་ ༡༥ ལ་ཉེས་ཆད་བཅད།

༼དགུ།༽

 
ཕྱི་ཟླ་ ༧ ཚེས་ ༡༢ ཉིན། ལི་ཐང་རྫོང་ཁྲིམས་སྲིད་ལྷན་ཁང་གིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་སྐུ་གྲོངས་ཡོད་སྐོར་བརྗོད་ཡོད་པ་དང་། སྐུ་འཁོར་ནང་མི་རྣམས་སྐུ་ཕུང་གདན་འདྲེན་ཞུ་བར་བསྐྱོད་སྐབས་སྐུ་ཕུང་རྩིས་སྤྲོད་མ་བྱས་སྟབས་ཁྲིན་ཏུའུ་ཡི་བཙོན་ཁང་དུ་བཞུགས་འབུལ་བྱེད་དགོས་བྱུང་ཡོད། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་མཆོག་ ༢༠༠༢ ལོར་རྒྱ་གཞུང་གིས་འཛིན་བཟུང་བྱས་ཏེ། ཐོག་མར་དུས་འགྱངས་སྲོག་ཁྲིམས་དང་རྗེས་སུ་ཚེ་བཙོན་དུ་བསྒྱུར།

༼བཅུ།༽

 
ཕྱི་ཟླ་ ༡༡ ཚེས་ ༩ ནས་ ༡༡ བར། ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་དང་དམངས་གཙོ་ཚོགས་པའི་དབུ་ཁྲིད་ལྕམ་ནན་སེ་ཕོ་ལོ་སེ་(Nancy Pelosi)ཡིས་སྣེ་ཁྲིད་པའི་དམངས་གཙོ་ཚོགས་པའི་སྐུ་ཚབ་ཚོགས་ཆུང་ཞིག་བོད་ཀྱི་རྒྱལ་ས་ལྷ་སར་གཟིགས་སྐོར་གནང་སྟེ། བོད་རང་སྐྱོང་ལྗོངས་གི་མགོ་ཁྲིད་རྣམས་དང་། སེ་འབྲས་དགའ་གསུམ་གྱི་བླ་སྤྲུལ་བཅས་སུ་ཐུག་འཕྲད་བྱས།

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཚོགས་གཙོ་བསྟན་འཛིན་སྒྲོལ་དཀར་ལགས།
Mobile App

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་བསྐྱར་དུ་བར་བརྒལ་བཀའ་ཁྱབ་གཏོང་དགོས་པའི་སྙན་ཞུ་ཕུལ།

ཆུ་ཚོད་ ༡༣ སྔོན་ལ།
སྤྱི་ཟུར་ཐུབ་བསྟན་དབང་ཆེན་ལགས་ལྷོ་ཨ་མི་རི་ཀའི་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་བྱས་འདུག ༡༡།༥།༢༠༢༦
Mobile App

སྤྱི་ཟུར་ཐུབ་བསྟན་དབང་ཆེན་ལགས་ལྷོ་ཨ་མི་རི་ཀའི་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་གནང་།

ཆུ་ཚོད་ ༡༨ སྔོན་ལ།
Mobile App

དུས་ལས་ཡོལ་བའི་སློབ་གསོ་དང་དུས་རབས་གསར་པའི་ཤེས་ཡོན།     

ཆུ་ཚོད་ ༡༩ སྔོན་ལ།
བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་བར་བརྒལ་བཀའ་ཁྱབ་གཏོང་དགོས་པའི་སྙན་ཞུ་ཕུལ་འདུག ༢༠༢༦།༠༥།༨ པར་དུས་བབ་ཀྱི་བསྒྲིགས།
Mobile App

བལ་ཡུལ་མཆོད་འཇོར་གྱི་ཁྲིམས་གཏུག་ལ་བར་བརྒལ་བཀའ་ཁྱབ་གཏོང་དགོས་པའི་སྙན་ཞུ་ཕུལ།

༢༠༢༦/༠༥/༠༨
Mobile App

རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་ཟུར་པ་གཉིས་ལ་ལོ་གཉིས་ཕར་འགྱང་གི་སྲོག་ཁྲིམས་བཅད།

༢༠༢༦/༠༥/༠༨
Mobile App

བོད་ཀྱི་སྐད་ཡིག་དང་ད་ལྟའི་གནས་བབ།

༢༠༢༦/༠༥/༠༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese