མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྐྱབས་བཅོལ་ལག་དེབ་དུས་འགྱངས་ལ་འགྱུར་བ་འདི་འདྲ་ཕྱིན་འདུག

བོད་ཀྱི་དུས་བབ།
༢༠༡༦/༠༡/༢༢
Share on FacebookShare on TwitterShare on EmailShare on Whatsapp

བོད་མིའི་སྐྱབས་བཅོལ་ལག་དེབ་(R.C)དུས་འགྱངས་བྱེད་པར་ཐོག་མར་དྲ་ཐོག་ནས་འགེང་ཤོག་བསྐངས་ཏེ་བདེ་སྲུང་ཡན་ལག་ལས་ཁུངས་བརྒྱུད་ཉིན་རེར་མི་གྲངས་ ༢༥ རེར་དུས་འགྱངས་གནང་བཞིན་ཡོད་འདུག

sonam_Dorjeeརྒྱ་གར་དབུས་ནང་སྲིད་ལས་ཁུངས་ཀྱི་བཀོད་ཁྱབ་འོག བོད་མིའི་སྐྱབས་བཅོལ་ལག་དེབ་(R.C)དུས་འགྱངས་གནང་ཕྱོགས་ཀྱི་འགྱུར་བ་དང་། དེ་བཞིན། ཕྱིར་སྐྱོད་ཆོག་མཆན་(Exit Permit)དང་ཕྱིར་ལོག་ཆོག་མཆན་(Return Visa)ཞུ་སྟངས་སོགས་ལ་འགྱུར་བ་ཁག་ཅིག་བཏང་ཡོད་པ་ལྟར། ཁ་སང་དྷ་ས་ས་གནས་མགོ་འཛིན་ལས་ཁུངས་ཀྱི་གོ་སྒྲིག་འོག གངས་སྐྱིད་གཉའ་ཁྲི་ཚོགས་ཁང་དུ། ཧི་མ་ཅལ་མངའ་སྡེའི་ཀང་ར་སྐོར་སྲུང་ལས་ཁུངས་ཀྱི་སྤྱི་ཁྱབ་གཞོན་པ་ (Sh. Pankaj Sharma)ལགས་ཀྱིས་དེའི་སྐོར་མི་མང་ལ་ལམ་སྟོན་གཏམ་བཤད་གནང་ཡོད་པ་དང་། ཟླ་ ༢ ཙམ་གྱི་སྔོན་ནས་བཟུང་སྐྱབས་བཅོལ་ལག་དེབ་དང་ཕྱིར་སྐྱོད་ཆོག་མཆན། དེ་བཞིན་ཕྱིར་ལོག་ཆོག་མཆན་བཅས་གང་ཡིན་རུང་ཐོག་མར་རྒྱ་གར་གཞུང་གི་སྙན་ཞུའི་འགེང་ཤོག་དྲ་རྒྱ་ (Indianfrro.gov.in)ཡི་ནང་གི་འགེང་ཤོག་བསྐངས་ཏེ། རྒྱ་གར་འབྲེལ་ཡོད་ལས་ཁུངས་ནང་ག་དུས་འགྲོ་དགོས་མིན་གཏན་འཁེལ་དགོས་ཀྱི་ཡོད་སྟབས། ས་གནས་མགོ་འཛིན་ལས་ཁུངས་དང་ས་གནས་རྒྱ་གར་ཉེན་རྟོག་ལས་ཁུངས་ནས་རྒྱབ་གཉེར་གནང་བ་བརྒྱུད་བདེ་སྲུང་ཡན་ལག་ལས་ཁུངས་ཀྱིས་སྔ་ཙམ་ནས་དུས་བཅད་བཟོ་ཡི་ཡོད་འདུག

དེ་རིང་འདི་གའི་གསར་འགོད་པས་དྷ་ས་ས་གནས་མགོ་འཛིན་བསོད་ནམས་རྡོ་རྗེ་ལགས་སུ། བོད་མིའི་སྐྱབས་བཅོལ་ལག་དེབ་(R.C)དུས་འགྱངས་སྐོར་ལ་འགྱུར་བ་ག་རེ་བཏང་ཡོད་དྲིས་པར་ཁོང་གིས། དེ་སྔོན་ཡིན་ན་དོ་བདག་སོ་སོ་རྒྱ་གར་ལས་ཁུངས་ནང་ཕྱིན་ནས་འགེང་ཤོག་བསྐངས་ཏེ། དེབ་རང་གི་ཐོག་ལ་ལོ་གཅིག་དང་ཡང་ན་ལོ་ལྔ་ཕར་འགྱངས་བྱེད་ཀྱི་ཡོད་པ་རེད། ཡིན་ནའང་། འདས་པའི་ཟླ་གཉིས་ཀྱི་སྔོན་དུ་འགྱུར་བ་ག་རེ་ཐེབས་ཡོད་པ་རེད་ལབ་ན་ལས་ཀ་ཚང་མ་དྲ་ཐོག་(Online)ཏུ་བཟོས་ཡོད་པ་དང་། སྐྱབས་བཅོལ་ལག་དེབ་དུས་འགྱངས་བྱེད་པར་ས་གནས་མགོ་འཛིན་ལས་ཁུངས་ནས་རྒྱབ་གཉེར་སྤྲད་དེ་བདེ་སྲུང་ཡན་ལག་ནས་དུས་ཚོད་བཟོ་ཡི་ཡོད་པ་རེད། དེ་སྔོན་ཡིན་ན་སྐྱབས་བཅོལ་ལག་དེབ་དུས་འགྱངས་བྱེད་པའི་གོ་སྐབས་བདུན་ཕྲག་གཅིག་ནང་ཉིན་གསུམ་མ་གཏོགས་མེད་ཀྱང་། ད་ལྟ་དྲ་ཐོག་ནས་ཉིན་རྟག་པར་དུས་འགྱངས་བྱེད་ཆོག་པ་མ་ཟད། ཉིན་རེར་མི་གྲངས་ ༢༥ རེར་སྐྱབས་བཅོལ་ལག་དེབ་དུས་འགྱངས་བྱེད་ཀྱི་ཡོད་པས།  དེ་ལ་འགྱུར་བ་ཤུགས་ཆེན་པོ་ཕྱིན་ཡོད་པ་རེད། ཅེས་དང་།

ཁོང་གིས་མུ་མཐུད། དྲ་ཐོག་ནས་དུས་འགྱངས་བྱེད་དགོས་པ་དེར་དཀའ་ངལ་ག་རེ་ཡོད་པ་རེད་ལབ་ན། དཔེར་ན། སྐྱབས་བཅོལ་ལག་དེབ་ཀྱི་དུས་ཡུན་དེ་རིང་རྫོགས་ཀྱི་ཡོད་པ་ཡིན་ན། ཉིན་བཅུ་བཅོ་ལྔ་ཞིག་གི་སྔོན་ལ་དྲ་ཐོག་ནས་དུས་འགྱངས་བྱེད་དགོས་པའི་གནས་སྟངས་ཆགས་ངེས་རེད་ལ། དྲ་ཐོག་ནས་དུས་འགྱངས་བྱེད་སྐབས་དུས་ཚོད་དེ་ཉིན་ལྔ་དང་ཡང་ན་དྲུག་གི་རྗེས་སུ་སྟེར་སྲིད་པ་རེད། གང་ཡིན་ཟེར་ན། ཉིན་རེར་མི་ ༢༥ རེར་མ་གཏོགས་དུས་འགྱངས་བྱེད་ཀྱི་ཡོད་པ་མ་རེད། གལ་ཆེ་ཤོས་ཤིག་ལ་དྷ་རམ་ས་ལའི་སྐྱབས་བཅོལ་ལག་དེབ་ཡིན་ཡང་། ས་གནས་གཞན་དུ་མཐོ་སློབ་ནང་སློབ་སྦྱོང་བྱེད་བཞིན་ཡོད་མཁན་ཚོས་བདུན་ཕྲག་གཅིག་ཙམ་གྱི་སྔོན་ནས་དྷ་རམ་ས་ལར་ཡོང་སྟེ། དྲ་ཐོག་གི་འགེང་ཤོག་སྐོང་དགོས་པ་ཞིག་ཆགས་ཀྱི་ཡོད་པ་རེད། དྲ་ཐོག་ནས་འགེང་ཤོག་སྐོང་བ་དེར་མཚོན་ན། སློབ་སྦྱོང་ཡོད་མཁན་ཞིག་ཡིན་ན་སོ་སོས་དྲ་ཐོག་ནས་སྐོང་ཐུབ་པ་རེད། ཡིན་ནའང་། ད་ལྟ་མང་ཆེ་བ་བདེ་སྲུང་ཡན་ལག་ལས་ཁུངས་ནས་སྐོང་དགོས་པའི་གནས་སྟངས་ཆགས་ཀྱི་ཡོད་པ་རེད། དྲ་ཐོག་ནས་དུས་འགྱངས་བྱེད་པར་ཆ་རྐྱེན་གཅིག་ག་རེ་བསྐྲུན་ཡོད་པ་རེད་ལབ་ན། སོ་སོ་གང་དུ་གནས་སྡོད་བྱེད་ཀྱི་ཡོད་ནའང་དེ་གའི་ས་གནས་མགོ་འཛིན་གྱི་རྒྱབ་གཉེར་ཞིག་དགོས་ཀྱི་ཡོད་སྟབས། མཐོ་སློབ་ནང་ཡོད་པའི་སློབ་ཕྲུག་ཚོར་དཀའ་ངལ་ཞིག་འཕྲད་ཀྱི་ཡོད་པ་གང་ལ་གང་འཚམ་གསལ་པོ་རེད། གང་ཡིན་ཟེར་ན། སྔོན་མ་ཡིན་ན་སྐྱབས་བཅོལ་ལག་དེབ་དྷ་རམ་ས་ལ་ནས་ཡིན་ཞིང་། ལྡི་ལིར་གནས་སྡོད་བྱས་ཡོད་མཁན་ཞིག་གི་སྐྱབས་བཅོལ་ལག་དེབ་ཀྱི་དུས་ཡུན་སང་ཉིན་རྫོགས་ཀྱི་ཡོད་ན། དེ་རིང་དགོང་མོར་ཡར་ཡོང་སྟེ་སང་ཉིན་དུས་འགྱངས་བྱས་ནས་ཕྱིར་ལོག་འགྲོ་ཡི་ཡོད་པ་རེད། ཡིན་ནའང་། དྲ་ཐོག་ནས་དུས་འགྱངས་བྱེད་སྐབས་ཉིན་བཞི་ལྔ་ལ་འདིར་སྒུག་དགོས་བྱུང་སྲིད་པ་རེད། ཅེས་བརྗོད་བྱུང་།

ཕྱིར་སྐྱོད་ཆོག་མཆན་(Exit Permit)ལ་འགྱུར་བ་ག་རེ་བྱུང་ཡོད་དྲིས་པར་ཁོང་གིས། ཕྱིར་སྐྱོད་ཆོག་མཆན་དེ་དོ་བདག་སོ་སོ་རྒྱ་གར་ནང་སྡོད་སྐབས་ཁྲིམས་ཀྱི་ནག་ཉེས་ཕོག་མཁན་མ་ཡིན་པ་ཞིག་ལ་སྤྲོད་ཀྱི་ཡོད་པ་རེད་མ་གཏོགས། ཁྲིམས་ཀྱི་ནག་ཉེས་ཕོག་མཁན་ཞིག་ལ་ཆོག་མཆན་དེ་རྩ་བ་ཉིད་ནས་སྤྲོད་ཀྱི་ཡོད་པ་མ་རེད། བོད་མི་མང་ཆེ་བས་ཕྱིར་སྐྱོད་ཆོག་མཆན་དེ་ཉིན་གཅིག་ནང་རག་པའི་ཐབས་ཤེས་བྱེད་བཞིན་ཡོད་པ་རེད། ཡིན་ནའང་། ཆོག་མཆན་དེ་སྤྲོད་པར་རྒྱ་གར་ཉེན་རྟོག་ལས་ཁུངས་ནས་ཞིབ་འཇུག་མང་པོ་བྱེད་བཞིན་ཡོད་སྟབས། ཉིན་གཅིག་ནང་ཡོང་ཐབས་ཡོད་པ་མ་རེད་ཅེས་ཁ་སང་གཏམ་བཤད་སྐབས་ཀང་ར་སྐོར་སྲུང་ལས་ཁུངས་ཀྱི་སྤྱི་ཁྱབ་གཞོན་པས་ཀྱང་ལབ་སོང་། ད་ལྟ་ཕྱིར་སྐྱོད་ཆོག་མཆན་ཞུ་སྟངས་ལ་འགྱུར་བ་ཕྱིན་ཏེ་དྲ་ཐོག་ནས་ཞུ་དགོས་པའི་གནས་སྟངས་ཆགས་བསྡད་ཡོད་ལ། དེས་ཡག་པོ་ག་རེ་བྱུང་ཡོད་པ་རེད་ལབ་ན། དེ་སྔོན་ཕྱིར་སྐྱོད་ཆོག་མཆན་ཞུ་སྐབས་རྒྱ་གར་ལས་ཁུངས་ནས་སང་ཉིན་ཤོག་དང་གནངས་ཉིན་ཤོག་ཟེར་བ་དེ་ཚོའི་ལམ་ཀ་འགག་པ་རེད། དྲ་ཐོག་ཏུ་འགྱུར་བ་བཏང་རྗེས་དེ་རིང་ཆོག་མཆན་སྤྲོད་རྒྱུ་ཡིན་པའི་དུས་ཚོད་བཟོས་ཡོད་ན་དེ་རིང་རང་གཙང་མ་བཟོ་དགོས་པའི་གནས་སྟངས་ཤིག་ཆགས་ཀྱི་ཡོད་པ་རེད། ཅེས་བརྗོད་བྱུང་།

ཡང་ཁོང་ལ་ཕྱིར་ལོག་ཆོག་མཆན་(Return Visa)ལ་འགྱུར་བ་ག་རེ་བྱུང་ཡོད་དྲིས་པར། རྒྱ་གར་ནང་ཕྱིར་ལོག་ཆོག་པའི་ཆོག་མཆན་དྲ་ཐོག་ནས་ཞུ་རྒྱུ་ཡོད་པ་དེས་ཡག་པོ་ག་རེ་ཆགས་ཡོད་པ་རེད་ལབ་ན། དེ་སྔོན་ང་ཚོས་ཕྱིར་ལོག་ཆོག་མཆན་ཞུ་སྐབས་དམ་ཕྲུག་ཚང་མ་ཕྱིར་སྐྱོད་ལག་ཁྱེར་(I.C)ནང་ལོགས་སུ་རྒྱག་གི་ཡོད་སྟབས། དེབ་དེ་རྫོགས་འགྲོ་བའི་ཉེན་ཁ་ཆེན་པོ་ཡོད་པ་རེད། ད་ལྟ་དམ་ཕྲུག་དེ་ཕྱིར་སྐྱོད་ལག་ཁྱེར་ནང་རྒྱག་གི་མེད་པར་ཤོག་བུ་དཀར་པོ་ཞིག་གི་ནང་སྤྲོད་ཀྱི་ཡོད་སྟབས། དེབ་རྫོགས་འགྲོ་བའི་དཀའ་ངལ་དེ་ཡོད་པ་མ་རེད། ཅེས་བརྗོད་བྱུང་།

ཁོང་གིས་མུ་མཐུད་སྐྱབས་བཅོལ་ལག་དེབ་དུས་འགྱངས་ཟིན་པའི་ཤོག་བུ་དང་། དེ་བཞིན། ཕྱིར་སྐྱོད་ཆོག་མཆན་དང་ཕྱིར་ལོག་ཆོག་མཆན་སྤྲད་པའི་ཤོག་བུ་དཀར་པོ་དེའི་སྐོར་ལ་བརྗོད་དོན། གལ་སྲིད་ཤོག་བུ་དཀར་པོ་དེ་བརླག་པ་ཡིན་ནའང། ཤོག་བུའི་ཐོག་གི་ཨང་གྲངས་དེ་ཧ་གོ་ཡི་ཡོད་པ་ཡིན་ན། ངའི་ཨང་གྲངས་འདི་ཡིན་ཞེས་རྒྱ་གར་ལས་ཁུངས་ལ་ལབ་ན། ཁྱེད་རང་གི་སྐྱབས་བཅོལ་ལག་དེབ་དེ་ཡོད་ཡོད་པ་ཡིན་ལ། དེ་བཞིན། མི་སུ་འདྲ་ཞིག་གིས་ཁྱེད་རང་རྩད་གཅོད་གཏོང་དགོས་ཀྱི་ཡོད་ནའང་ཨང་གྲངས་དེའི་ཐོག་ནས་གློག་ཀླད་ནང་སྔོག་པ་ཡིན་ན། ཁྱེད་རང་གི་ལག་དེབ་དུས་འགྱངས་འདིའི་བར་དུ་འདུག་ཅེས་ལབ་ཐུབ་པའི་གནས་སྟངས་ཡོད་པ་རེད། སྔོན་མ་ཡིན་ན་སྐྱབས་བཅོལ་ལག་དེབ་བརླག་པ་ཡིན་ན། དུས་འགྱངས་ག་ཚོད་བར་དུ་བྱས་ཡོད་མེད་རྩད་གཅོད་བྱེད་ས་ཡོད་པ་མ་རེད། དེར་བརྟེན་དྲ་ཐོག་ནས་དུས་འགྱངས་བྱས་པ་དེས་དོ་བདག་སོ་སོལའང་ཕན་ཐོགས་ཡོད་པ་རེད། ཅེས་དང་། ཁ་སང་གཏམ་བཤད་སྐབས་མི་མང་གིས་མ་འོངས་པར་ཤོག་བུ་དཀར་པོ་དེ་ཆུང་ཆུང་བཟོས་ནས་སྐྱབས་བཅོལ་ལག་དེབ་རང་གི་ནང་སྦྱར་བ་ཡིན་ན་བོར་བརླག་ཏུ་མི་འགྲོ་བར་ཕན་ཐོགས་ཡོད་ལུགས་དང་། དེ་བཞིན་སྤིར་གཞིས་ཆགས་སོགས་ནས་སྐྱབས་བཅོལ་ལག་དེབ་དུས་འགྱངས་བྱེད་པར་དྷ་རམ་ས་ལར་ཡོང་མི་དགོས་པ་ཞིག་བཟོ་བར་བསམ་ཤེས་དགོས་པའི་རེ་སྐུལ་ཞུས་ཡོད་སྐོར་བརྗོད་བྱུང་།

Old ICཉེ་སྔོན་ལྡི་ལི་དོན་གཅོད་ནས་ཕྱིར་སྐྱོད་ལག་ཁྱེར་(I.C)རྙིང་པ་རྣམས་གང་མགྱོགས་བསྐྱར་བཟོ་དགོས་པ་དང་། ལག་ཁྱེར་རྙིང་པ་ཅན་ཚོ་ཛ་དྲག་ངང་ཕྱིར་སྐྱོད་དགོས་ཚེ་ལྡི་ལི་དོན་གཅོད་ལ་འབྲེལ་གཏུག་ཞུ་དགོས་པའི་གསལ་བསྒྲགས་གནང་ཡོད་པ་ལྟར། ཕྱིར་སྐྱོད་ལག་ཁྱེར་རྙིང་པ་བསྐྱར་བཟོ་བྱེད་པར་དུས་ཡུན་ཅི་ཙམ་འགོར་གྱི་ཡོད་པ་དང་། ཛ་དྲག་ངང་ཕྱིར་སྐྱོད་དགོས་པ་ཚོས་ག་འདྲ་བྱེད་དགོས་མིན་དྲིས་པར་ཁོང་གིས། ཕྱིར་སྐྱོད་ལག་ཁྱེར་དེ་རྒྱ་གར་གཞུང་གིས་བོད་པ་སྐྱབས་བཅོལ་བ་ཚོར་དམིགས་བསལ་གྱི་ཐོག་ནས་ཕྱི་རྒྱལ་ཁག་ཏུ་འགྲོ་བར་ལག་ཁྱེར་སྤྲད་བཞག་པ་ཞིག་རེད། སྔོན་ཆད་ཡིན་ན་ལག་ཁྱེར་དེ་མཁྲེགས་པོ་ཡིན་ལ། ཕྱི་རྒྱལ་གྱི་གཞུང་ཚབ་ཚོས་ལག་ཁྱེར་བརྡར་བའི་སྐབས་སུ་ཀློག་མ་ཐུབ་པ་ཆགས་ཀྱི་ཡོད་པ་མ་ཟད། ལག་ཁྱེར་དེ་ག་རེ་རེད་མཐོང་མ་མྱོང་ཞེས་ངོས་ལེན་མ་བྱས་པའི་གནས་སྟངས་མང་པོ་ཆགས་ཀྱི་ཡོད་པ་རེད། དེ་ལྟ་བུའི་རྒྱུ་མཚན་མང་པོ་ཞིག་དང་ལྷག་པར་དུ་རྒྱ་གར་གཞུང་གིས་ཕྱི་སྐྱོད་ལག་ཁྱེར་མཁྲེགས་པོ་དེ་ཚོ་ཕྱིས་སུ་ང་ཚོས་ངོས་ལེན་བྱ་རྒྱུ་མིན་ཞེས་ལམ་སྟོན་ཕེབས་ཡོད་པ་རེད། དེར་བརྟེན་སོ་སོའི་ཕྱིར་སྐྱོད་ལག་ཁྱེར་མཁྲེགས་པོ་དེའི་དུས་ཚོད་རྫོགས་མེད་པ་ཡིན་ནའང་། གང་མགྱོགས་མགྱོགས་ཀྱིས་སྐྱབས་བཅོལ་ལག་དེབ་དང་ཕྱིར་སྐྱོད་ལག་ཁྱེར་རྙིང་པ་ཡི་ངོ་བཤུས་གཉིས་རེ་དང་། རང་བཙན་ལག་དེབ་ཀྱི་ངོ་བཤུས་གཅིག དོ་བདག་གི་པར། དེ་བཞིན་དྲ་ལམ་གྱི་འགེང་ཤོག་བསྐངས་ནས་ས་གནས་མགོ་འཛིན་ལས་ཁུངས་ལ་བཏང་བ་ཡིན་ན། ཟླ་བ་ ༣ གྱི་ནང་ཚུན་དུ་ཕྱིར་སྐྱོད་ལག་ཁྱེར་གསར་པ་རག་གི་ཡོད་པ་རེད། ཅེས་དང་།

ཡང་ཁོང་གིས། ད་ལྟ་མང་ཆེ་བ་ཞིག་གིས་ཕྱིར་སྐྱོད་ལག་ཁྱེར་ཛ་དྲག་གི་ཐོག་ནས་ལེན་པའི་གནས་སྟངས་ཤིག་ཡོད་པ་དེ་ཧ་གོ་ཡི་ཡོད་ས་མ་རེད། དཔེར་ན། སློབ་ཕྲུག་ཅིག་ཡིན་ན། ཕྱིའི་རྒྱལ་ཁབ་ཞིག་གི་ནང་སློབ་སྦྱོང་ཆེད་དུས་ཚོད་དེ་འདྲ་ལ་བསླེབ་དགོས་ཀྱི་ཡོད་ལབ་པ་དང་། དེ་བཞིན་སྨན་ཁང་ལ་ཛ་དྲག་ངང་འགྲོ་དགོས་པ་ལྟ་བུའི་རྒྱུ་མཚན་ཞུ་རྒྱུ་ཡོད་པ་ཡིན་ན། དང་པོ་ས་གནས་མགོ་འཛིན་ལས་ཁུངས་ནས་རྒྱབ་གཉེར་ཞིག་ལེན་དགོས་པ་དང་། རྒྱབ་གཉེར་དེ་འཁུར་ནས་ལྡི་ལི་དོན་གཅོད་ལ་ཕྱིན་པ་ཡིན་ན། ལྡི་ལི་དོན་གཅོད་ནས་ཛ་དྲག་གི་ཐོག་ཕྱིར་སྐྱོད་ལག་ཁྱེར་འདོན་པའི་གནས་སྟངས་དེ་འདྲ་ཡོད་པ་རེད། ཅེས་བརྗོད་བྱུང་།

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

TTT
Mobile App

རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་ཇུས་ཁག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

ཆུ་ཚོད་ ༡༣ སྔོན་ལ།
Daily Hunt གསར་ཁང་གི་པར།
Mobile App

རྒྱ་ནག་གིས་ཨི་རན་ལ་གསང་བའི་ངང་དམག་མཚོན་གྱི་རོགས་འདེགས་བྱས་འདུག

ཆུ་ཚོད་ ༡༤ སྔོན་ལ།
TTTT
Mobile App

སྲིད་སྐྱོང་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་ཞིག་གི་ནང་མིར་ཐུགས་གསོ་གནང་།

ཆུ་ཚོད་ ༡༨ སྔོན་ལ།
This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

༢༠༢༦/༠༤/༠༧
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

༢༠༢༦/༠༤/༠༧
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

༢༠༢༦/༠༤/༠༧

མཆན། 1

  1. མེ་ར་ཐོ་ནར། says:
    ལོ་ 10 སྔོན།

    རང་བཙན་ལག་དེབ་མ་རེད། དང་བླངས་དཔྱ་དངུལ་ལག་དེབ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese