ཨ་ཚོགས་ཀླུ་མཁར་བྱམས་ལགས་ཀྱིས་དབང་ཤུགས་ཀྱི་ཐོག་ནས་ཁྲིམས་སྒྲིག་བར་བཟོ་བྱས་ཏེ་ང་ཚོ་བཀག་བཞག་པ་ཡིན་པས་དངོས་གཞིའི་འོས་དམིགས་རྣམས་ལ་བཀྲ་ཤིས་བདེ་ལེགས་ཀྱི་འཚམས་འདྲི་ཞུ་ཐུབ་ཀྱི་མི་འདུག་ཟེར།
དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠།༣༠ ཐོག་དྷ་ས་བོད་ཀྱི་གསོལ་མགྲོན་ཁང་གི་ཚོགས་ཁང་དུ། སྲིད་སྐྱོང་འོས་མིར་ལང་མཁན་ཨ་ཚོགས་ཀླུ་མཁར་བྱམས་ལགས་ཀྱིས་གསར་འགོད་ལྷན་ཚོགས་ཤིག་བསྐོངས་ཏེ། ཁོང་དངོས་གཞིའི་འོས་དམིགས་ནང་མ་བཞག་པ་དེ་འོས་འཐོབ་མིན་ལ་མ་ལྟོས་པར་བོད་རང་བཙན་གྱི་ལྟ་བ་འཛིན་མཁན་ཞིག་ལ་སྡིངས་ཆ་ཙམ་ཡང་མ་སྤྲད་པ་ཞིག་ཆགས་ཡོད་སྟབས། དངོས་གཞིའི་སྐབས་སུ་འདོད་པ་མ་ཁེངས་པའི་མི་མང་གིས་རྣམ་འགྱུར་ག་རེ་བསྟན་པ་ཡིན་ནའང་དབུས་འོས་བསྡུ་ལས་ཁང་དང་དངོས་གཞིའི་འོས་དམིགས་རྣམས་ཀྱིས་འགན་ཆ་ཚང་འཁུར་དགོས་སྐོར་བརྗོད་སོང་།
ཨ་ཚོགས་ཀླུ་མཁར་བྱམས་ལགས་སྲིད་སྐྱོང་གི་དངོས་གཞིའི་འོས་དམིགས་ནང་མ་ཚུད་པའི་སྐོར་ལ་ཁོང་གིས། དེ་རིང་གི་གསར་འགོད་གསལ་བསྒྲགས་འདིའི་གལ་ཆེ་ཤོས་དེ། ཁ་སང་དབུས་འོས་བསྡུ་ལས་ཁང་གི་ངོས་ནས་ཕྱི་ལོ་ ༢༠༡༦ ལོའི་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་དམིགས་རྣམ་ཁྱབ་བསྒྲགས་བྱས་ཡོད་པ་དང་། ང་ཡིན་ན་སྲིད་སྐྱོང་འོས་དམིགས་ཨང་གསུམ་པ་ནས་བཞག་མེད་པ་དེ་གསལ་བོ་བྱུང་སོང་བ་རེད། དེར་བརྟེན་དེ་རིང་ངས་དེ་དང་འབྲེལ་བའི་གསར་འགོད་གསལ་བསྒྲགས་ཤིག་སྔོན་མ་ནས་སྤེལ་རྒྱུ་ཡིན་ཟེར་ནས་བཤད་ཡོད་སྟབས། ངས་བརྒྱུད་རིམ་འདྲ་པོ་དེ་གསར་འགོད་པ་རྣམ་པར་ཞུ་རྒྱུ་ཡིན། ཞུ་དགོས་པའི་རྒྱུ་མཚན་ག་རེ་རེད་ལབ་ན། སོ་སོ་ལས་རིམ་འདིའི་ནང་དང་ལེན་བྱས་ནས་ཞུགས་པ་ཡིན་པས་ལས་རིམ་འདིའི་ནང་ག་རེ་བྱུང་བ་ཆ་ཚང་ལ་ང་རྒྱུས་ཡོད་པ་རེད་ལ། ངས་སྤྱི་ཚོགས་སྒང་ལ་ང་དང་འབྲེལ་བའི་གནས་ཚུལ་གསལ་པོ་བཟོ་དགོས་པ་དེ་ངའི་འོས་འགན་ཆགས་བསྡད་ཡོད་སྟབས། དེ་རིང་རྣམ་པ་ཚོ་སྐད་གཏོང་དགོས་པའི་རྒྱུ་མཚན་གལ་ཆེ་ཤོས་དེ་ཡིན།
སྤྱིར་བཏང་ཡིན་ན་ད་རེས་དངོས་གཞིའི་ནང་སུ་བསླེབས་པ་ཡིན་ནའང་དེ་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་བ་དང་། སོ་སོར་མ་ཐོབ་པ་ཡིན་ན་གུ་ཡངས་བཟོད་གསོལ་གྱི་ངང་ནས་འོས་མི་གཞན་པ་ཚོར་འཚམས་འདྲི་ཞུ་དགོས་པ་དེ་ང་ཚོའི་རྩ་བའི་འགྲོ་སྟངས་ཤིག་རེད། ཡིན་ནའང་། ངས་ད་རེས་དེ་འདྲ་ཞུ་མ་ཐུབ་པའི་རྒྱུ་མཚན་ག་རེ་ཆགས་བསྡད་ཡོད་པ་རེད་ཟེར་ན། ང་ཚོ་འོས་འདེམས་ཀྱི་ནང་ཞུགས་ཏེ་འོས་ཤོག་གིས་ཁ་གྲགས་ནས་ཕམ་པའི་གནས་སྟངས་ཤིག་མ་རེད། འོས་བསྡུ་ལས་ཁང་གི་ཁྲིམས་སྒྲིག་བར་ནས་བཟོས་ཏེ། ང་ཚོ་དབང་ཤུགས་ཀྱི་ཐོག་ནས་མར་ཕུད་བཞག་པ་ཞིག་ཡིན་སྟབས། ངས་སྲིད་སྐྱོང་ཡིན་ནའང་རེད་དངོས་གཞིའི་འོས་དམིགས་ནང་སླེབ་མཁན་ཚོར་འཚམས་འདྲི་ཞུ་མ་ཐུབ་པའི་རྒྱུ་མཚན་གཙོ་བོ་དེ་ག་རེ་རེད་ཟེར་ན། མི་སྒེར་གྱི་གནད་དོན་ཞིག་དང་ཡང་ན་རྒྱ་ཆེའི་འོས་བླུག་མཁན་མི་མང་གིས་འོས་ཤོག་ལ་རྩིས་མེད་བྱས་པ་དེ་འདྲ་བཤད་ཀྱི་མེད། འོས་བསྡུ་ལས་ཁང་གིས་ཡག་པོ་མ་བྱས་པས་ངས་གལ་ཆེ་ཤོས་ད་རེས་ཀྱི་འོས་བསྡུའི་གོ་རིམ་ང་སྒེར་གྱི་ངོས་ནས་ངོས་ལེན་བྱེད་མ་ཐུབ་པའི་རྒྱུ་མཚན་དེ་ཡིན།
ང་ཀླུ་མཁར་བྱམས་སྲིད་སྐྱོང་གི་དངོས་གཞིའི་ནང་མ་བཞག་པ་དེ་རྩ་བའི་ཆ་ནས་གནད་དོན་ཆུང་ཆུང་ཞིག་རེད། རྒྱ་ཆེའི་འོས་འདེམས་མི་མང་གི་ངོས་ནས་འདི་ལྟར་བྱས་ནས་ཐག་བཅད་པ་ཡིན་ན། ང་ཡིན་ནའང་དམིགས་བསལ་གྱིས་ཅི་གང་ཞུ་དགོས་པའི་གནས་སྟངས་ཆགས་ཡོད་པ་མ་རེད། ཡིན་ནའང་། གལ་ཆེ་ཤོས་དེ་ག་རེ་རེད་ཟེར་ན། འོས་བསྡུ་ལས་ཁང་གིས་འོས་དམིགས་གཉིས་མ་གཏོགས་མ་བཞག་པ་དེ་ཀླུ་མཁར་བྱམས་གཅིག་པུའི་གནད་དོན་མ་རེད། ང་དང་པོ་ལངས་སྐབས་ནས་ང་བོད་རང་བཙན་གྱི་དམིགས་ཡུལ་ཐོག་ནས་ལངས་ཀྱི་ཡོད་ཅེས་བཤད་ཡོད། དེར་བརྟེན་ད་རེས་འོས་བསྡུ་ལས་ཁང་ནས་ང་བཀག་པ་དེ་བོད་རང་བཙན་གྱི་བརྒྱུད་ལམ་ཞིག་དང་། ང་ཚོ་བོད་རང་བཙན་གྱི་ལྟ་བ་ལངས་ཕྱོགས་འཁུར་མཁན་ཞིག་ལ་འོས་འཐོབ་མིན་ལ་མ་ལྟོས་པར་སྡིངས་ཆ་ཁོ་རང་མ་སྤྲད་པ་དེ་རེད། དེར་བརྟེན་འདི་ང་ཚོ་བོད་མི་རིགས་ཀྱི་ལོ་རྒྱུས་ཐོག་ནས་རྒྱལ་གཅེས་དཔའ་བོ་དཔའ་མོ་ཐམས་ཅད་ཀྱི་ཤི་བོའི་དུར་སའི་ནང་ནས་ངས་བསམ་བློ་ཞིག་གཏང་བ་ཡིན་ན། འདི་ཁོང་ཚོས་ཁྲེལ་མེད་བྱས་པ་ཞིག་རེད། བོད་ཀྱི་རྒྱལ་རབས་ལོ་རྒྱུས་ལ་འགན་མ་འཁུར་བ་ཞིག་རེད། ང་ཚོ་བཙན་བྱོལ་བ་ཆགས་དགོས་པའི་རྒྱུ་མཚན་དེ་རྒྱལ་ཁབ་ཤོར་ནས་ཡོང་བ་རེད། ད་སྐབས་ང་ཚོར་དངོས་གནས་དམིགས་ཡུལ་ཞིག་ཡོད་པ་ཡིན་ན། ང་ཚོའི་རྒྱལ་ཁབ་སླར་གསོ་བྱེད་དགོས་པ་རེད། རྒྱལ་ཁབ་སླར་གསོ་བྱེད་མཁན་གྱི་ང་ཚོས་སྲིད་སྐྱོང་འོས་མི་ཞིག་གི་ངོས་ནས་སྐད་ཆ་འདི་བཤད་ཡོང་དུས་ཁྲིམས་སྒྲིག་བར་བཟོ་བྱས་ནས་བཅད་བཞག་པ་དེ། ངའི་ངོས་ནས་བོད་རང་བཙན་གྱི་ལྟ་བ་ལངས་ཕྱོགས་བཀག་པར་ངོས་འཛིན་བྱེད་བཞིན་ཡོད། ཅེས་བརྗོད་སོང་།
ཡང་ཁོང་གིས། བོད་རྒྱ་ཆེའི་མི་མང་གི་མངོན་འདོད་དང་རེ་བ་དེ་ད་ལྟ་ལྷག་ཡོད་པའི་སྲིད་སྐྱོང་འོས་དམིགས་འདི་གཉིས་ཀྱིས་བསྐོང་ཐུབ་ཀྱི་རེད་དམ། གལ་སྲིད་འདིས་མ་བྱུང་བ་ཡིན་ན། མི་མང་ལ་ཆབ་སྲིད་ཀྱི་ཁྱབ་ཁོངས་ནས་གདམ་ག་གསུམ་པ་ཞིག་མ་སྤྲད་པའི་འགན་དེ་སུས་འཁུར་དགོས་པ་རེད། ང་ཚོའི་དབུས་འོས་བསྡུ་ལས་ཁང་གིས་འཁུར་དགོས་པ་རེད་ལ། དེ་བཞིན་ད་ལྟའི་འོས་བསྡུའི་ལས་རིམ་ནང་ཞུགས་བསྡད་ཡོད་པའི་སྲིད་སྐྱོང་རྣམ་པ་ཚོ་ཡིན་ནའང་འགན་ཐད་ཀར་ཡོད་པ་རེད། སོ་སོའི་འོས་ཤོག་གཅིག་པུ་ལ་མ་གཏོགས་གཞན་པའི་གནས་སྟངས་གཅིག་ལའང་དོ་སྣང་མ་བྱས་པ་དེ་རྩ་བའི་ཆ་ནས་ཡག་པོ་ཞིག་མ་རེད་ལ། འགྲོ་སྟངས་ཤིག་ཀྱང་མ་རེད། ཅེས་དང་། རྒྱ་གར་གཞུང་དང་འོས་བསྡུའི་ཞིབ་འཇུག་ཚོགས་པ་སོགས་ནས་བཙན་བྱོལ་བོད་མིའི་འོས་བསྡུའི་ལས་རིམ་ལ་ལྟ་སྟངས་ཡག་པོ་བྱུང་མེད་སྐོར་སོགས་བརྗོད་སོང་།
ཡང་ཁོང་གིས་སྲིད་སྐྱོང་འོས་མིའི་དྲིལ་བསྒྲགས་སྐོར་སྐྱོད་ཀྱི་བྱུང་སོང་ལྷག་གསུམ་སྐོར་བརྗོད་སྐབས། ཆེད་དུ་ཚོགས་ཆུང་བཙུགས་ཏེ་དངུལ་ཚང་མ་དངུལ་ཁང་ནང་བཞག་ཡོད་ལ། རྒྱ་གར་ནང་གི་རྩིས་ཁོངས་སུ་ཁྱོན་ཧིན་སྒོར་འབུམ་ ༦ ལྷག་(༦༦༤༢༨༢ )བྱུང་ཡོད་པ་དང་། ཡུ་རོབ་དང་ཨ་རིའི་ནང་བསྡོམས་པའི་ཧིན་སྒོར་འབུམ་གཉིས་ཡས་མས་ཤིག་གནས་སྐབས་ཚུར་འབྱོར་མ་ཐུབ་པར་ལྷག་ཡོད་ལ། ས་གནས་ཁག་ཏུ་སྐོར་སྐྱོད་ཆེད་ཧིན་སྒོར་ ༢༣༩༡༣༢ དང་ཁྱབ་བསྒྲགས་ཀྱི་སྦྱར་ཡིག་སོགས་ལ་ཧིན་སྒོར་ ༧༧༣༥ བཅས་ཁྱོན་ཧིན་སྒོར་ ༥༤༨༠༠༠ སོང་རྗེས། དངུལ་ཁང་དུ་ཧིན་སྒོར་ ༡༡༥༨༣༡ ལྷག་ཡོད་པ་དང་། མ་འོངས་པར་དངུལ་ལྷག་དེ་ཚོ་བོད་ཀྱི་འཐབ་རྩོད་ཐོག་བེད་སྤྱོད་གཏང་རྒྱུ་ཡིན་སྐོར་བརྗོད་སོང་།
དེ་ཡང་འོས་བསྡུ་དང་འབྲེལ་འགྲོ་གྲོན་ཐད་ལ་ཁོང་གིས། དབུས་འོས་བསྡུ་ལས་ཁང་གི་ངོས་ནས་སྲིད་སྐྱོང་གི་སྔོན་འགྲོ་དང་དངོས་གཞིའི་འོས་བསྡུའི་བར་དུ་འགྲོ་སོང་གཏོང་ཆོག་པའི་ཚད་དེ་འབུམ་ ༨ རེད། ངའི་ཚད་གཞི་འདིར་ལྟ་དུས། ང་ཚོས་འགྲོ་སོང་གང་ཉུང་ཉུང་བཏང་ཡང་འདི་འདྲ་ཞིག་ཤོར་ཡོད་པ་ཡིན་ན། ད་ལྟའི་སྲིད་སྐྱོང་ལས་ཐོག་བློ་བཟང་སེང་གེ་དང་སྤེན་པ་ཚེ་རིང་གཉིས་ཀྱིས་གཞུང་འབྲེལ་ཁ་ལ་འཁུར་ནས་ཡར་མར་འགྲོ་རྒྱུ་དེ་ཚོ་གནས་ཚུལ་ལོག་ཁ་རེད་མ་གཏོགས། ཁྱོན་ཡོངས་ཀྱི་འགྲོ་སོང་ཚང་མ་རྩིས་ཡག་པོ་ཞིག་བརྒྱབ་པ་ཡིན་ན་འབུམ་ ༨ ཀྱིས་ངས་བསམ་བློ་བཏང་ན་འདང་བ་ཞིག་མིན་པ་ཧ་ཅང་གསལ་པོ་རེད་འདུག ཅེས་བརྗོད་སོང་།
མཇུག་ཏུ་ཁོང་གིས། འདོད་པ་མ་ཁེངས་བའི་མི་མང་གི་ངོས་ནས་དངོས་གཞིའི་སྐབས་སུ་འོས་ཤོག་བླུག་སྟངས་སོགས་ཀྱི་ཐོག་ནས་རྣམ་འགྱུར་ཞིག་ཏན་ཏན་སྟོན་རྒྱུ་ཡིན་པས། དེའི་འགན་དེ་ག་རེ་ཡིན་མིན་ལ་མ་ལྟོས་པར་དབུས་འོས་བསྡུ་ལས་ཁང་དང་འོས་དམིགས་ནང་ཞུགས་ཡོད་མཁན་ཚོས་འཁུར་དགོས་སྐོར་དང་། འོས་འདེམས་ག་འདྲ་ཞིག་གི་ཁྲོད་དུ་ཡིན་ནའང་རང་ཉིད་ལ་འོས་བླུགས་མྱོང་མེད་ལ། ད་རེས་ཀྱི་སྔོན་འགྲོའི་འོས་བསྡུའི་སྐབས་སུ་སོ་སོའི་འོས་ཤོག་གཅིག་པུ་དེ་རང་ཉིད་ཀྱི་ལྟ་བ་དང་ལངས་ཕྱོགས་གཅིག་པ་འཇམ་དབྱངས་ནོར་བུ་ལགས་སུ་བླུགས་ཡོད་ཀྱང་། རང་བཙན་གྱི་ལམ་དུ་འགྲོ་མཁན་ཞིག་གིས་དབུ་མའི་ལམ་གྱི་ལངས་ཕྱོགས་འཛིན་མཁན་ཞིག་ལ་འོས་བླུག་པ་ཡིན་ན། སོ་སོས་སོ་སོ་ནག་ཁུང་ནང་དུ་འཁྲིད་ཀྱི་ཡོད་པ་དང་གཅིག་པ་ཡིན་སྟབས། དངོས་གཞིའི་སྐབས་སུ་ཁོང་གིས་འོས་བླུག་རྒྱུ་མིན་པ་དང་། ཡིན་ནའང་། ཁོང་ལ་རྒྱབ་སྐྱོར་བྱེད་མཁན་ཚོའི་ངོས་ནས་འོས་བླུག་མིན་དེ་ཁོང་རང་ཚོའི་རང་དབང་ཡིན་སྐོར་བརྗོད་སོང་།
གསར་འགོད་པས་དབུས་འོས་བསྡུ་ལས་ཁང་གི་འགན་འཛིན་ཤོ་ཟུར་བསོད་ནམས་ཆོས་འཕེལ་ལགས་སུ། སྔོན་ཆད་དང་མི་འདྲ་བར་ད་རེས་སྲིད་སྐྱོང་གི་དངོས་གཞིའི་འོས་དམིགས་གཉིས་གཏན་འབེབས་གསལ་བསྒྲགས་གནང་བ་དེ་འོས་བསྡུའི་སྒྲིག་གཞི་ག་རེ་གཞིར་བཟུང་ཐག་གཅོད་གནང་བ་ཡིན་བཀའ་འདྲི་ཞུས་པར་ཁོང་གིས། དེ་ནི་ཕྱི་ལོ་ ༢༠༡༥ ཟླ་ ༡༠ ཚེས་ ༡༩ ཉིན་འོས་བསྡུའི་འགན་འཛིན་རྣམ་པ་གསུམ་ནས་བཅའ་ཁྲིམས་ཀྱིས་འགན་དབང་སྤྲད་པའི་དགོངས་དོན་གཞིར་བཟུང་སྤྱི་མོས་ཐག་གཅོད་བྱས་པ་ཞིག་ཆགས་ཡོད་པ་དང་། དེ་ཡང་འོས་བསྡུའི་སྒྲིག་གཞི་དོན་ཚན་ ༦༧ པའི་ནང་གསེས་བཞི་པའི་ནང་ག་རེ་གསལ་ཡོད་པ་རེད་ཟེར་ན། སྲིད་སྐྱོང་ཡིན་ན་དངོས་གཞིའི་འོས་དམིགས་གཉིས་ལས་མ་ཉུང་བ་གསལ་བསྒྲགས་དགོས་ཞེས་འགྲེལ་བཤད་གསལ་པོ་གསལ་རྐྱང་ཡོད་པ་རེད། དེར་བརྟེན་སྔོན་འགྲོའི་འོས་ཤོག་གྲངས་བཤེར་ཐད་གང་ཡང་ཧ་མ་གོ་བའི་ཐོག་ནས་ང་ཚོས་གྲངས་ཆ་ཞིག་གཏན་འབེབས་བྱས་ཡོད་པ་རེད། དེ་སྔའི་ལམ་ལུགས་གཞི་རྩར་བཞག་ནས་མང་ཚོགས་ཀྱི་ངོས་ནས་དེ་སྔ་གསུམ་བཏོན་ཡོད་པ་རེད་ཟེར་བའི་ཁུངས་འདྲེན་གནས་ཚུལ་མི་ཡོང་བའི་ཆེད་དུ། གལ་སྲིད་སྔོན་འགྲོའི་འོས་གཞིའི་ཁོངས་ནས་གཉིས་པ་དང་གསུམ་པའི་བར་འོས་གྲངས་བརྒྱ་ཆ་ ༢༠ ལས་ཉུང་བ་ཡོད་ན། འོས་གཞི་གསུམ་པ་དེ་འཇོག་གི་ཡིན་ཞེས་དངོས་གཞིའི་ནང་འཇོག་ཆེད་ང་ཚོས་ཆ་རྐྱེན་ཞིག་བཏོན་པ་རེད་མ་གཏོགས། གལ་སྲིད་ཁོང་ཕར་འདོན་པའི་གནད་དོན་ཞིག་ཡིན་ན། ང་ཚོས་འོས་གཞི་གཉིས་པ་དང་གསུམ་པའི་བར་དུ་འོས་གྲངས་བརྒྱ་ཆ་ ༢༠ ལས་ཉུང་བ་ཡོད་ན་འཇོག་གི་མིན་ཞེས་ལབ་པ་ཡིན་ན། འཇོག་གི་མེད་པར་རྦད་དེ་མེད་པ་བཟོ་འགྲོ་ཡི་ཡོད་པ་རེད། དེ་འདྲའི་གནད་དོན་མི་ཡོང་བའི་ཆེད་དུ་ང་ཚོས་གསལ་བསྒྲགས་ཞུས་ཡོད་པ་རེད་ལ། གང་ཟག་ལ་མ་ལྟོས་པར་ཐག་གཅོད་བྱས་པ་ཞིག་ཆགས་ཡོད་པ་རེད། གལ་སྲིད་ང་ཚོས་སྔོན་འགྲོའི་འོས་གྲངས་དེ་ཚོ་ཆ་ཚང་ཞིག་མིག་གིས་མཐོང་རྗེས་མི་གཉིས་མ་གཏོགས་མ་བཏང་བ་ཡིན་ན། གང་ཟག་ལ་བལྟས་ཏེ་ཨང་གསུམ་པ་དེ་བཀག་སོང་ཟེར་ན་རྒྱུ་མཚན་ཡོད་པ་རེད། སྐབས་དེ་དུས་གང་ཟག་གང་ཡང་ང་ཚོས་མཐོང་གི་ཡོད་པ་མ་རེད། འོས་ཤོག་གྲངས་བཤེར་གང་ཡང་བྱུང་མེད་པས་ཤེས་རྟོགས་མེད་དུས། གང་ཟག་ལ་བལྟས་པ་ཞིག་ཆགས་ཀྱི་ཡོད་པ་མ་རེད། ཁོང་རང་གིས་གང་ཟག་ལ་བལྟས་ནས་ང་བཀག་སོང་གསུངས་པ་ཡིན་ན་དེ་རྒྱུ་མཚན་ཡང་དག་མ་རེད། དེ་བཞིན་ང་རང་བཙན་འཐབ་རྩོད་པ་ཞིག་ཡིན་པས་བཀག་སོང་གསུངས་པ་ཡིན་ན། ང་ཚོ་ད་ལྟའི་དབུས་འོས་བསྡུ་ལས་ཁང་གི་འགན་འཛིན་རྣམ་པ་གསུམ་ལ་ལས་འགན་ག་རེ་ཡོད་པ་རེད་ཟེར་ན། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་སྤྱི་འཐུས་འོས་བསྡུ་བྱེད་པ་ཆགས་བསྡད་ཡོད་པ་རེད་མ་གཏོགས། ལྟ་བ་རང་བཙན་དང་དབུ་མའི་འོས་བསྡུའི་ལམ་ལུགས་དེ་བྱེད་ཀྱི་ཡོད་པ་མ་རེད། བྱས་ཀྱང་ཡོད་པ་མ་རེད། དེར་བརྟེན་རང་བཙན་འཐབ་རྩོད་པ་བཀག་པ་རེད་གསུངས་པ་དེ་ཐལ་ཆ་ཆེ་དྲགས་པའི་བསམ་ཚུལ་ཞིག་མིན་འགྲོ་བསམ་པའི་བསམ་ཚུལ་ཞིག་བྱུང་། ཅེས་དང་། འོས་གཞི་གཉིས་པ་དང་གསུམ་པ་བར་གྱི་གྲངས་ཚད་དེ་མ་འོངས་པར་འོས་བསྡུའི་སྒྲིག་གཞིའི་ནང་བསྐྱར་བཅོས་འཆར་འབུལ་ཞུ་རྩིས་ཡོད་སྐོར་གསུངས་བྱུང་།
གསར་འགོད་པ། པདྨ་མཚོ།
ངས་བལྟས་དངོས་ཡོད་གནས་ཚུལ་དང་མཐུན་མི་འདུག་ ག་ལས་རྒྱ་འོག་ཏུ་མགོ་རྟག་ཞུ་ཡ་ཐག་ཆོད་འདུག
ཁ་ནས་རང་བཙན་བཤད་ནས། །
དོན་དུ་རང་བཙན་གཏོར་མཁན། །
ཀླུ་མཁར་བྱམས་པ་རྒྱལ་ལོ། །
ཁ་ནས་བོད་དོན་བཤད་ནས། །
དོན་ལ་བོད་མི་གཏོར་མཁན། །
ཀླུ་མཁར་བྱམས་པ་རྒྱལ་ལོ། །
ཁ་བཤད་ཆུ་ཡི་རི་མོ། །
ལག་ལེན་གང་ཡང་མེད་པ། །
ཀླུ་མཁར་བྱམས་པ་རྒྱལ་ལོ། །
ཤ་རུས་བོད་མི་ཡིན་ལ། །
བོད་པའི་བཟང་སྤྱོད་མེད་པ། །
ཀླུ་མཁར་བྱམས་པ་རྒྱལ་ལོ། །
ཁ་ནས་དམངས་གཙོ་བཤད་ནས། །
དམངས་གཙོ་འགྲོ་ལུགས་མི་ཤེས། །
ཀླུ་མཁར་བྱམས་པ་རྒྱལ་ལོ། །
འོས་བསྡུ་ལས་ཁང་གིས་ཀླུ་བྱམས་ལ་སྲིད་སྐྱོང་གི་དངོས་གཞིའི་འོས་བསྡུར་ཞུགས་རྒྱུའི་གོ་སྐབས་སྤྲད་སོང་ང་། ད་འདི་ཅི་ཟེར་འདི་ཟེར་མེད་པ་དེ་གང་རེད།
ཀླུ་མཁར་བྱམས་ལགས་ཁྱེད་རང་ཚོད་བཟུང་ན་དགའ་ཡོང་། བོད་མི་ས་ཡ་དྲུག་གི་དགྲ་ལ་མ་ལངས་དགའ་ཡོང་།
བཙན་བྱོལ་སྤྱི་ཚོགས་རང་དབང་ཆེན་པོ་རེད།
ཀླུ་བྱམས་ཀྱི་སྐད་ཆ་འདི་ཚོ་མཐོང་དུས་དངོས་ནས་གད་མོ་ཤོར་ཡ་རང་རེད་འདུག ཁྱོད་དོན་དངོས་སུ་རང་བཙན་གྱི་ལྟ་བ་ཤུགས་ཆེན་པོ་དེ་འདྲ་ཡོད་ན་དགུ་བཅུ་གསུམ་དབུ་མའི་ལམ་ལ་ཤར་བསྐྱོད་བྱེད་བཞིན་པ་དངོས་ཡོད་ཡིན་བཞིན་དུ་ཁྱོད་ཚོགས་གཙོ་རྐུབ་སྟེགས་སུ་བསྡད་འདུག་པ་དེ་ནི་ཁྱོད་མི་ག་འདྲ་ཟིག་ཡིན་མིན་གསལ་བོ་ཆག་ཡོད། རང་བཙན་གི་ལྟ་བ་ཟེར་བ་དེ་ཁ་སྟོང་ནང་གི་ཚིག་སྟོང་ཡིན་པ་གསལ་བོ་ཆགས་ཡོད། གང་ལྟར་ཁྱོད་མི་ཁ་ཤས་ཞིག་གིས་རྩེད་ཆས་ལྟ་བུ་ཡིན་པ་ཤེས་དགོས།
ཀླུ་བྱམས། དུས་ནམ་ཞིག་ཡིན་ན་རང་ཉིད་ལ་སྐྱོན་ཡོད་པ་མི་བརྗོད་པར་གཞན་ལ་སྐྱོན་བརྗོད་བྱེད་པ་དེ་ཁྱེད་རང་གིས་རང་བཞིན་རེད་དེ་ཧ་སེང་དགོས་པ་མི་འདུག་ཡིན་ན་ཡང་། གཙོ་བོ་རང་ཉིད་ཀྱི་མི་གཞི་དང་ཤེས་ཡོན་ནུས་པ་འཇོན་ཐང་སོགས་གང་གིས་རང་ཉིད་སྲིད་སྐྱོང་བྱེད་པས་སྙིང་སྟོབས་སྩལ་སོང་། རང་ཉིད་ལ་ནུས་པ་འཇོན་ཐང་ཤེས་ཡོན་སོགས་མེད་བཞིན་དུ་གཞན་པའི་རྩེ་ཆས་བྱེད་པ་རང་ཉིད་ལ་བསམ་བློ་མ་འཁོར་བ་ཡིན་ན་ཡང་གཟའ་ཟླ་སོགས་ལ་བསམ་བློ་གཏོང་དགོས་པ་འདྲ་བོ་རེད། མ་གཞི་ཁྱེད་རང་གི་གོང་ཞུས་ལྟར་མིའི་ཀུ་སྤྱོད་ཀྱི་གཏན་ཚིག་རིག་པའི་ཁུངས་སུ་ལྟས་ན་ཁྱེད་རང་མི་རིགས་རང་ལུགས་པ་ཞིག་མ་ཟད་མི་བུ་ཞིག་ལ་དངོས་འཛིན་བྱེད་ན་འོས་པ་མ་རེད་ཅེས་བརྗོད་ན་ཐར་ཆེ་བ་མི་འདུག སྲིད་སྐྱོང་འོས་མི་འོས་གྲངས་བཞིན་མི་གཉིས་ལས་མང་བ་ཞིག་འདེབས་དགོས་ཚེ་འོས་གཞིའི་བརྒྱ་ཆ་ཉི་ཤུ་ཡན་ནས་འཇོག་གི་ཡིན་ཞེས་གོང་ནས་འོས་བསྡུ་ཁ་མ་ཕྱེས་གོང་ནས་ཞུས་ཚར་རེད། དེ་ཚོ་ལ་དོན་སྣང་བྱས་ནས་སྡུག་སྐད་འདོན་རོགས་ཞུ།
ཀླུ་དཀར་བྱམས་ལགས་སུ་ཞུ་རྒྱུར། ཁྱོད་ཀྱིས་རང་བཙན་ཁ་ལ་འཁྱེར་ནས། བཙན་བྱོལ་ནང་གི་གཞུང་གི་སྒྲིགས་འཛུགས་དང་དབུ་འཁྲིད་ཁག་ལ་སྐྱོན་བརྗོད་ཁོ་ན་ལས། ཁྱོད་ཀྱི་རང་བཙན་ཕར་ཞག་བོད་སྤྱི་ལ་ཕན་པའི་ལ་ཀ་ག་རེ་བྱེད་ཡོད་པས། དབུས་འོས་བསྡུ་ལས་ཁང་གི་སྒྲིགས་གཞི་ནི་བོད་མི་དམངས་སྤྱི་འཐུས་ལྷན་ཚོགས་ཀྱི་གཏན་ལ་འཕབས་པ་ཞིག་ཡིན་པ་ལས། འོས་བསྡུའི་བསྒྲིགས་གཞི་འོས་བསྡུ་ལས་ཁང་གི་བཟོས་པ་མ་ཡིན། ཁྱེད་རང་བཙན་བྱོལ་བོད་མིའི་སྒྲིགས་འཛུགས་ཁས་ལེན་མཁན་ཞིག་ཡིན་ན། འོས་བསྡུ་ལས་ཁང་གི་སྐྱོན་བརྗོད་ཀྱི་གསར་བགོད་གསལ་བསྒྲགས་བྱེད་མི་དགོས་པར། ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཁ་མཆུ་རྒྱབ་ན་སྒྲིགས་གི་རེད། ཁྱེད་བྱས་བྱེད་ནི་རང་བཙན་ཁ་ལ་ཁྱེར་ནས་བཙན་བྱོལ་བོད་མིའི་གཅིག་སྒྲིལ་གྱི་ནུས་མེད་པ་བཟོ་རྒྱུ་ཁོ་ན་རེད་མ་གཏོགས། དེ་མིན་ཁྱེད་ལ་བོད་སྤྱི་ལ་ཕན་པའི་ལས་འགན་བསྒྲུབ་མཁན་མིན་པ་གསལ་པོ་ཧ་གོ་གསོང་། རང་བཙན་མི་འདོད་པའི་བོད་པ་ཕལ་ཆེར་ཡོད་མ་རེད། ཡིན་ན་ཡང་འཛམ་གླིང་གི་འགྱུར་འདོག་དང་། བོད་ཀྱི་གནས་གཏང་གང་ཅིའི་ཐོག་ནས་བཙན་བྱོལ་བོད་མི་བརྒྱ་ཆ་བརྒྱད་ཅུ་ལྷག་གི་དབུ་མའི་ལམ་ལ་རྒྱབ་བསྐྱོར་གྱི་འོས་བསླུགས་པའི་སྲིད་བྱུས་ཞིག་རེད།། དེར་ཁྱེད་ལྟ་བུའི་གང་ཟག་རེ་གཉིས་ཀྱི་ལ་དོན་ག་རེ་བསྒྲུབ་ཀྱི་རེད་པས་། བོད་སྤྱི་ལ་ཕན་པའི་བསམ་བློ་ཡག་པོ་གཏོང་། ཧ་གོ་གསོང་པས།
ང་ནི་བོད་རང་བཙན་འདོད་མཁན་ཞིག་ཡིན་ལ་ནམ་རྒྱུན་ཁ་ནས་བོད་རང་བཙན་བཤད་སྡོད་མཁན་ཞིག་ཡིན། ཡིན་ནའང་། སྐུ་ཞབས་ཀླུ་མཁར་བྱམས་ཀྱིས་བཤད་སྟངས་དང་བྱེད་སྟངས་ལ་གཏན་ནས་འདོད་པ་མེད། སྐབས་རེར་ཀླུ་མཁར་བྱམས་ལ་དོགས་པའང་ཟ་གིན་འདུག སྐད་ཆ་ངོ་མ་ཡིན། ཀླུ་མཁར་བྱམས་ཀྱིས་མགོ་རྒྱལ་བ་རིན་པོ་ཆེ་དང་ཟམ་གདོང་རིན་པོ་ཆེ། བོད་གཞུང་ལ་ཁ་གཏད་རྐྱང་རྐྱང་བཅག་པ་ལས་བོད་རང་བཙན་གྱི་འཐབ་རྩོད་གང་ཡང་བྱས་མ་སོང་། ཀླུ་མཁར་གྱིས་བཙན་བྱོལ་ནས་བསྒྲུབ་ཟིན་པའི་ལས་ཀར་སྤྱི་བསྡོམས་ཤིག་བྱས་ཚེ་མི་རིགས་ཀྱི་རྩ་དོན་བསྒྲུབ་པ་དང་། བོད་ཀྱི་རིག་གཞུང་བསྒྲུབ་པ། བོད་རང་བཙན་ལ་ཕན་པའི་ཕྱག་ལས་འདི་རེད་ཟེར་བ་ཞིག་མི་འདུག
ཆོས་ལུགས་ལ་ཁ་གཡར་ནས་དོལ་རྒྱལ་ལ་རྒྱབ་སྐྱོར་བྱས་པ་དང་། བོད་རང་བཙན་ལ་ཁ་གཡར་ནས་བོད་གཞུང་ལ་ཁ་གཏད་ཁོ་ན་བཅག་ཏེ་བོད་གཞུང་འདི་རྩ་མེད་གཏོང་ཐབས་ལ་སྔ་ཕྱི་བར་གསུམ་ནས་ཤུགས་རྒྱག་གིན་འདུག
དོན་དངོས་ཀླུ་མཁར་བྱམས་ཀྱིས་སུའི་ཆེད་དུ་ལས་དོན་བསྒྲུབ་ཀྱིན་ཡོད་དམ། བོད་ཀྱི་ཆེད་དུ། རྒྱ་ཡི་ཆེད་དུ། སོ་སོའི་སྙན་གྲགས་ཀྱི་ཆེད་དུ། བོད་རང་བཙན་གྱི་ཆེད་དུ་་་་ངོ་མ་མགོ་འཐོམས་ཀྱིན་འདུག
ཀླུ་བྱམས! ཁྱོད་ཀྱིས་བལྟས་ན་འོས་བསྡུ་ལས་ཁུངས་དྲང་མ་སོང་ལབ་འདུག འོས་བསྡུ་ལས་ཁུངས་ཟེར་པ་འདི་ཁྲིམས་དང་སྒྲིག་གཞི་ལག་བསྟར་བྱེད་མཁན་གྱི་གཞུང་འབྲེལ་གྱི་ལྷན་ཁང་ཞིག་རེད། འདིས་གང་གསུངས་པ་དེ་ང་ཚོས་མང་གཙོའི་འགྲོ་སྟངས་ཀྱི་ཐོག་ནས་དང་། ཆབ་སྲིད་རིག་པའི་ལྟ་སྟངས་ཀྱི་ཐོག་ནས་བལྟས་ན་ཁྱོད་ལྟ་བུའི་རིགས་ཀྱི་མི་བུ་ཐེབ་ཅག་དེ་ཚོར་གང་དྲན་དྲན་བྱེད་ས་མེད་པ་དེ་ར་འཕྲོད་པ་ཡིན་ཙང་ངས་ངོས་ནས་དབུས་འོས་བསྡུ་ལས་ཁང་ལ་སྙིང་དབུས་ནས་བཀའ་དྲིན་དང་ཐུགས་རྗེ་ཆེ་ཞུ་འདོད་བྱུང་། རྩ་བའི་ཆ་ནས་ཁྱོད་ཀྱིས་བརྙན་ཐུང་ཞིག་གི་ཐོག་ན་ང་རྒྱ་མིས་ཆབ་སྲིད་བཙོན་པར་ངོས་འཛིན་བྱས་མེད་རབས་དང་། གཡག་རྐུན་མ་ཡིན་རབས་སོགས་བཤད་འདུག་པ་དངོས་སུ་ང་རང་གིས་མཐོང་བྱུང་། དེར་བརྟེན་ད་ལྟའི་ཆར་ང་ཚོས་ཁྱེད་རང་སྐབས་དེར་གཡག་རྐུན་ཞིག་ཡིན་དང་། ཡང་ན་ཆབ་སྲིད་བཙོན་པ་ཞིག་ཡིན། བོད་ནང་ལ་འབྲེལ་བ་བྱས་ཏེ་རིམ་པས་རྩེད་གཅོད་བྱེད་མུས་ཡིན། རྒྱ་གུང་ཁྲན་གྱིས་བོད་ཀྱི་ཆབ་སྲིད་བཙོན་པ་ལ་ཁྱོད་གཡག་རྐུན་ཡིན་ལབ་ཟེར་པའི་སྐད་ཆ་ཞིག་བཤད་འདུག་ལབ་ན་ཆབ་སྲིད་བཙོན་པ་སྟོང་ཕྲག་མང་པོ་གད་མོ་རྐུབ་ནས་འཆོར་གི དེས་དང་པོ་སྲིད་དོན་རིག་པའི་ཆབ་ཁུངས་ནས་རང་ཉིད་ཀྱི་ནག་ཉེས་དེ་ཁུངས་ལུང་ར་སྤྲོད་གསལ་པོ་གནང་རྒྱུ་ཧ་ཅང་གལ་གནད་ཆེ།