མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མི་ ༡༧༡ གནས་དབྱུང་གཏོང་དགོས་ཟེར།

བོད་ཀྱི་དུས་བབ།
༢༠༡༦/༠༢/༠༦
Share on FacebookShare on TwitterShare on EmailShare on Whatsapp

ཐེན་ཅིན་གྲོང་ཁྱེར་གྱི་འབར་གས་དོན་རྐྱེན་ལ་ཞིབ་བཤེར་བྱས་པ་བརྒྱུད་འབྲེལ་ཡོད་མི་གྲངས་ ༡༧༡ གནས་དབྱུང་གཏོང་དགོས་པའི་བསམ་ཚུལ་བཏོན་འདུག

98འདས་ལོའི་ཕྱི་ཟླ་ ༨ ཚེས་ ༡༢ ཉིན་རྒྱ་ནག་ཐེན་ཅིན་གྲོང་ཁྱེར་དུ་བྱུང་བའི་འབར་གས་དོན་རྐྱེན་ཐད་རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས། ཚོགས་ཆུང་ཆེད་འཛུགས་ཀྱིས་ཞིབ་བཤེར་བྱས་ཏེ་སྙན་ཐོ་ཞིག་བཏོན་པའི་ནང་། དོན་རྐྱེན་དང་འབྲེལ་བ་ཡོད་པའི་ཉེས་མིང་འོག་ཁྱོན་མི་གྲངས་ ༡༧༡ གནས་དབྱུང་གཏོང་དགོས་པའི་བསམ་ཚུལ་བཏོན་ཡོད་པ་དང་། མི་ ༡༠༠ གྲངས་དེའི་ནང་ཞིང་ཆེན་རིམ་པའི་མགོ་ཁྲིད་ ༥ དང་། ཁེ་ལས་འགན་འཁུར་བ་ ༣༥། ས་གནས་རིམ་པའི་ལས་བྱེད་ ༢༢ དང་རྫོང་རིམ་པའི་ལས་བྱེད་ ༢༢། གྲོང་ཚོ་རིམ་པ་དང་དེ་ལས་དམའ་བའི་ལས་བྱེད་ ༢༥ ཡོད་པ་དང་། གཞན་ཡང་འབྲེལ་ཡོད་ཁེ་ལས་པ་ ༢༤ ལ་ཁྲིམས་ལྟར་ཞིབ་བཤེར་དགོས་སྐོར་བརྗོད་ཡོད་འདུག

ཞིབ་འཇུག་བྱས་པའི་གྲུབ་དོན་ནང་། རེའུ་ཧེ་ཚོང་གཉེར་ཁང་གི་ཉེན་ཆས་མཛོད་ཁང་དུ་འཛམ་འདྲེད་རྫས་ཀྱི་ནང་ཟེ་ཚྭ་འདྲེས་འགྱུར་གྱི་སྲིང་བལ་བེད་སྤྱོད་བྱས་པ་དང་། གནམ་གཤིས་ཚ་བ་ཆེ་བ་སོགས་ཀྱིས་འབར་ཉེན་ཆེ་བའི་རྫས་རིགས་གཞན་བར་ཚ་དྲོད་རྒྱས་ཏེ་འབར་གས་བྱུང་ཡོད་སྐོར་བརྗོད་ཡོད་པ་དང་འབྲེལ། ཐེན་ཅིན་གྲོང་ཁྱེར་གྱི་དམར་ཤོག་དྲུང་ཆེ་དང་གྲོང་ཁྱེར་སྲིད་གཞུང་སོགས་ནས་བདེ་འཇགས་ཐད་དོ་ཁུར་མ་བྱས་པའི་སྐྱོན་བརྗོད་བྱས་ཡོད་འདུག

དེ་ཡང་སྙན་ཐོའི་ནང་། ཐེངས་འདིའི་དོན་རྐྱེན་གྱིས་ཁོར་ཡུག་དང་མཁའ་དབུགས། ས་ཁམས། ཆུ་བཅས་ལ་ཚད་རིམ་མི་འདྲ་བའི་འབག་བཙོག་གནོད་སྐྱོན་ཐེབས་ཡོད་པ་དང་། འབག་བཙོག་འདིས་དུས་ཡུན་རིང་པོར་བདེ་ཐང་ལ་གནོད་པ་ཐེབས་སྲིད་སྟབས། འབྲེལ་ཡོད་གནས་ཚུལ་ཐད་མུ་མཐུད་ཞིབ་འཇུག་དང་སྔོན་འགོག་གི་བྱེད་ཐབས་བཀོལ་བཞིན་ཡོད་སྐོར་བརྗོད་འདུག

འབར་གས་དོན་རྐྱེན་བྱུང་རྗེས། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་དང་སྲིད་བློན་ལི་ཁེ་ཆང་གཉིས་ཀྱིས་དོན་རྐྱེན་གྱི་བྱུང་རྐྱེན་ལ་ཞིབ་བཤེར་ནན་པོ་དགོས་སྐོར་ཐེངས་མང་བརྗོད་ཡོད་པ་ལྟར། རྒྱ་ནག་བདེ་འཇགས་ལྟ་ཞིབ་ཁང་གི་སྤྱི་ཁྱབ་དཔོན་པོ་དང་ཡུན་རིང་ཐེན་ཅིན་གྲོང་ཁྱེར་གྱི་སྤྱི་ཁྱབ་གཞོན་པའི་གོ་གནས་བཟུང་མྱོང་བའི་ཡང་ཏུང་ཉིང་གི་གོ་གནས་དེ་མ་ཐག་ཕབ་ཡོད་པ་དང་། དེ་བཞིན་ཐེན་ཅིན་འགྲིམ་འགྲུལ་ཁང་གི་འགན་འཛིན་གྱི་གཙོས་ས་གནས་གྲོང་ཁྱེར་རིམ་པའི་ལས་བྱེད་ ༡༠ གྲངས་ཤིག་ལ་ཞིབ་བཤེར་དང་གནས་དབྱུང་བཏང་ཡོད་འདུག

རྒྱ་ནག་གཞུང་གི་སྡོམ་རྩིས་ལྟར་ན། འབར་གས་དོན་རྐྱེན་དེའི་ཁྲོད་མེ་འགོག་ལས་བྱེད་ ༧༥ དང་ཉེན་རྟོག་པ་ ༡༡། ཁེ་ལས་པ་དང་ཉེ་འཁྲིས་ཀྱི་སྡོད་མང་ ༥༥་བཅས་ཁྱོན་མི་གྲངས་ ༡༦༥ རྐྱེན་ལམ་དུ་ཤོར་བ་དང་། མི་ ༨ གར་སོང་ཆ་མེད། ཁྱོན་མི་གྲངས་ ༧༩༨ ལ་རྨས་སྐྱོན་བཟོས་ཡོད་པ་དང་། ཁེ་ལས་སྐྱེལ་འདྲེན་རླངས་འཁོར་ ༡༢༤༢༨ ལ་ཚིག་སྐྱོན་ཐེབས་པ་སོགས་དཔལ་འབྱོར་ཐད་ཁྱོན་རྒྱ་སྒོར་དུང་ཕྱུར་ ༦༨.༦༦ གིས་གྱོང་གུད་བཟོས་ཡོད་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

དྷ་ས་ནས་རྒྱ་མི་ཞིག་གསང་ཉུལ་བའི་དོགས་གཞིའི་འོག་འཛིན་བཟུང་བྱས་འདུག

ཆུ་ཚོད་ ༡༨ སྔོན་ལ།
Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

༢༠༢༦/༠༢/༠༢
Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

༢༠༢༦/༠༢/༠༡
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠
གསར་འགྱུར།

འབའ་ཁྲི་བློ་བཟང་ལུང་རིགས་ལགས་འཛིན་བཟུང་བྱས་འདུག

༢༠༢༦/༠༡/༣༠
གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཞེ་ཆེན་དགོན་དུ་ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་པ། ༢༠༢༥།༡།༢༩ དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག 

༢༠༢༦/༠༡/༢༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese