མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤེན་པ་ཚེ་རིང་མཆོག་ལ་ང་ཚོས་རྒྱབ་སྐྱོར་ཞུ་དོན་འདི་ཡིན།

བོད་ཀྱི་དུས་བབ།
༢༠༡༦/༠༢/༢༧
Share on FacebookShare on TwitterShare on EmailShare on Whatsapp

བཙན་བྱོལ་བོད་མིའི་སྲིད་སྤྱིའི་འོས་བསྡུ་ཆེན་མོའི་དངོས་གཞི་བསླེབ་ལ་ཉེ་བའི་སྐབས་དང་བསྟུན་ཏེ། འཛམ་གླིང་གི་ཕྱོགས་མཐའ་གང་སར་འཐོར་བའི་བཙན་བྱོལ་བོད་མི་རྣམས་ཀྱིས་དྲ་རྒྱ་དང་སྤྱི་ཚོགས་འཕྲིན་ལམ་ཁག་ཏུ་འོས་བསྡུ་དང་འབྲེལ་བའི་བགྲོ་གླེང་དང་། ལྷག་པར་དུ་སྲིད་སྐྱོང་འོས་མི་རྣམ་གཉིས་དང་འབྲེལ་བའི་གནས་ཚུལ་འདྲ་མིན་འབྱུང་བཞིན་ཡོད་སྟབས། འདི་གའི་གསར་ཁང་གིས་ཁོང་རྣམ་གཉིས་ཀྱི་རྒྱབ་སྐྱོར་ཚོགས་པའི་འཐུས་ཚབ་མི་སྣ་རེར་དྲི་བ་གསུམ་རེ་བཏང་ཡོད།

unnamedབཀའ་ཤག་སྐབས་བཅོ་ལྔ་པའི་སྲིད་སྐྱོང་འོས་མི་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གི་རྒྱབ་སྐྱོར་ཚོགས་པའི་འཐུས་ཚབ་རྒྱ་གར་ལྷོ་ཕྱོགས་སུ་བཞུགས་པའི་སློབ་སྤྱི་ཟུར་པ་ཐར་ལམ་སྒྲོལ་མ་ལྕང་ར་ལགས་སུ། སྤེན་པ་ཚེ་རིང་མཆོག་ལ་རྒྱབ་སྐྱོར་གནང་དགོས་དོན་གང་ཡིན་དྲིས་པར་ཁོང་མོས། ང་རང་གི་ངོས་ནས་ཁོང་ལ་རྒྱབ་སྐྱོར་ཞུ་དགོས་དང་མ་དགོས། རྒྱབ་སྐྱོར་ཞུ་འོས་དང་མ་འོས་ཞིབ་འཇུག་མང་པོ་བྱས། བསམ་བློ་བཏང་ནས་ཞུས་པ་ཞིག་ཡིན། སྐུ་ངོ་སྤེན་པ་ཚེ་རིང་མཆོག་གི་ཕྱི་ནང་གི་ཤེས་ཡོན་དང་། སྔོན་མ་ཕྱག་ལས་གནང་སྟངས་དང་བྱས་རྗེས། སྐབས་སུ་བབ་པའི་ཕྱག་ལས་གནང་སྟངས་སོགས་གང་ཅིའི་ཐོག་ལ་ཞིབ་འཇུག་བྱས་སྟེ། ཁོང་སྲིད་སྐྱོང་དུ་འོས་ཤོས་དང་འཚམས་ཤོས་སུ་མཐོང་ནས་ངས་རྒྱབ་སྐྱོར་ཞུས་པ་ཡིན། ཁོང་ལ་ཆ་བཞག་ན། ད་ལྟའི་བར་ལོ་ ༢༠ ལྷག་རིང་ང་རང་ཚོའི་སྤྱི་ཚོགས་ནང་ཞབས་ཞུ་ཞུས་ཡོད་པ་རེད། ཁོང་དངོས་གནས་དྲང་གནས་ལྷག་བསམ་ལྡན་པ་དང་ཡིད་ཆེས་ཆོག་པའི་མི་ཞིག་རེད། དཔེ་མཚོན་ཞིག་ཞུས་ན། ༧གོང་ས་མཆོག་གི་བཀའ་དགོངས་སྒྲུབ་མཁན་ཞིག་ཡིན་པ་བཤད་མ་དགོས་པ་རེད། སློབ་དཔོན་ཆེན་པོ་ཟམ་གདོང་རིན་པོ་ཆེ་མཆོག་གི་ལམ་སྲོལ་བཟང་བོ་དག་ཀྱང་ཚུལ་བཞིན་སྒྲུབ་མཁན་ཞིག་ཆགས་བསྡད་ཡོད་པ་རེད།

ཟམ་གདོང་རིན་པོ་ཆེ་མཆོག་གིས་སྔོན་ཆད་སྤྱི་འཐུས་ཀྱི་ལམ་སྲོལ་དང་གྲོས་ཚོགས་འགྲོ་སྟངས་ལོ་བཅུའི་ནང་སྐུ་ལས་བསྐྱོན་ཏེ་ཡག་པོ་ཞེ་དྲགས་ཤིག་བཟོས་གནང་ཡོད་པ་རེད། དེའི་རྗེས་སུ་སྐུ་ངོ་སྤེན་པ་ཚེ་རིང་མཆོག་ནས་ལོ་བདུན་ལྷག་རིང་སྤྱི་འཐུས་ཚོགས་གཙོ་གནང་སྐབས། ཟམ་གདོང་རི་པོ་ཆེ་མཆོག་གིས་ལམ་སྲོལ་བཟང་པོ་ཞིག་བཟོས་ཡོད་པ་དེ་མུ་མཐུད་དེ་རྒྱུན་འཛིན་གནང་སྟེ། གྲོས་ཚོགས་སྟངས་འཛིན་གནང་སྟངས་དང་བཀའ་མོལ་གནང་སྟངས་སོགས་གང་ཅིའི་ཐད་ནས་ཧ་ལས་པའི་ཡག་པོ་གནང་གི་ཡོད་པ་ཞིག་མཐོང་གི་འདུག རྒྱུ་མཚན་ཆེ་ཆུང་མང་པོ་ཞིག་ལ་བལྟས་ཏེ་ཁོང་དངོས་གནས་སྲིད་སྐྱོང་དུ་འོས་པ་ཞིག་དང་འཇོན་ས་རེད་བསམ་ནས་རྒྱབ་སྐྱོར་ཞུས་པ་ཡིན། མདོར་བསྡུས་ནས་ཞུས་ན། སྐུ་ངོ་སྤེན་པ་ཚེ་རིང་མཆོག་གི་ཕྱག་ལས་གནང་སྟངས་དང་འཛིན་སྐྱོང་གནང་སྟངས་གང་ཅིའི་ཐད་ནས་འཇོན་ཐང་དང་། ལྷག་བསམ་ལྡན་པའི་ཐོག་ཆབ་སྲིད་ཀྱི་ལྟ་བ་བརྟན་པོ་ཞེ་དྲགས་ཡོད་པ་རེད། གལ་སྲིད་ཁོང་སྲིད་སྐྱོང་ཆགས་པ་ཡིན་ན། ཏན་ཏན་བོད་མི་མང་གི་རེ་བ་དང་མངོན་འདོད་སྒྲུབ་མཁན་ཞིག་དང་། རེ་བ་དང་ཡིད་ཆེས་ཆེན་པོ་བྱེད་ཆོག་པ་ཞིག་རེད་བསམ་ནས་ཁོང་ལ་རྒྱབ་སྐྱོར་ཞུ་ཡི་ཡོད། ཅེས་བརྗོད་བྱུང་།

སྲིད་སྐྱོང་ལས་ཐོག་བློ་བཟང་སེང་གེ་མཆོག་ལ་རྒྱབ་སྐྱོར་ཞུ་ཡི་མེད་པའི་རྒྱུ་རྐྱེན་གང་ཡིན་དྲིས་པར་ཁོང་མོས། སྐུ་ངོ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཐོག་མ་ཕྱི་ལོ་ ༢༠༡༡ ལོར་ཁས་ལེན་མང་པོ་ཞིག་གནང་སོང་ལ། ཁོང་གིས་དངོས་གནས་དྲང་གནས་ཡག་པོ་ཞིག་གནང་གི་རེད་བསམ་ནས་རེ་བ་ཆེན་པོ་བྱས་ཏེ་འོས་ཤོག་བླུགས་པ་རེད། འདས་པའི་ལོ་ ༥ ལ་ཉེ་བའི་རིང་ཁོང་གི་ཕྱག་ལས་གནང་ཕྱོགས་ལ་ཞིབ་འཇུག་དང་དོ་སྣང་ཆེན་པོ་བྱས་ཡོང་དུས། མི་མང་གི་འདོད་བློ་ཁེངས་བ་ཞིག་གནང་ཐུབ་མ་སོང་བསམ་པའི་ཚོར་བ་ཤུགས་ཆེན་པོ་བསླེབས་སོང་། དེ་བཞིན། སྤྱི་ཚོགས་ནང་ལྷག་པར་དུ་ཕྱི་རྒྱལ་མི་རིགས་དང་བོད་དོན་རྒྱབ་སྐྱོར་ཚོགས་པ་སོགས་ཀྱི་ནང་ཁོང་ལ་ལབ་གླེང་མང་པོ་ཞེ་དྲགས་ཤིག་ཡོང་གི་འདུག སྐད་ཆ་དེ་ཚོ་ཐོན་ཡོང་སྐབས་ངས་ག་དུས་ཡིན་ནའང་མིག་བཙུམས་ནས་ཡིད་ཆེས་རྩ་བ་ཉིད་ནས་བྱེད་ཐུབ་ཀྱི་མི་འདུག ང་རང་གི་ངོས་ནས་ཀྱང་བརྟག་དཔྱད་ཞིབ་འཇུག་བྱེད་ཀྱིན་ཡོད། སྐད་ཆ་དེ་ཚོར་ཞིབ་འཇུག་བྱས་ཡོང་སྐབས་དཔེ་མཚོན་ཆུང་ཆུང་ཞིག་ཞུས་པ་ཡིན་ན། ཨ་རིའི་བུད་མེད་མོ་ནི་ཧན་(Maura Moynihan)གྱིས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་ཕྱི་ལོ་ ༢༠༠༣ ལོར་བརྩམས་པའི་༼ Tibet: Exiles’ Journey ༽ཞེས་པའི་ནང་དུ། ༧སྐུ་མདུན་ལ་གུས་ཞབས་རྩ་བ་ཉིད་ནས་མེད་པར་(The lama)ཞེས་བྲིས་ཡོད་པ་རེད། དང་པོ་ངས་རྩ་བ་ནས་ཡིད་ཆེས་བྱས་མེད། ངས་དྲ་རྒྱ་བསྔོག་ནས་ཞིབ་འཇུག་བྱེད་སྐབས་དངོས་གནས་དྲང་གནས་༧གོང་ས་སྐྱབས་མགོན་ཆེན་པོར་(His Holiness)ཞེས་པའི་ཚབ་ཏུ་(The Lama)ཞེས་ཞེ་དྲགས་མང་པོ་བྲིས་འདུག དེ་ལ་དངོས་གནས་བློ་ཕམ་ཞེ་དྲགས་བྱུང་། དངོས་གནས་དྲང་གནས་ང་ཚོའི་ཚེ་འདི་ཕྱི་གཉིས་ཀྱི་སྐྱབས་གནས་༧གོང་ས་སྐྱབས་མགོན་ཆེན་པོས་སྐུ་ལས་ཚད་མེད་བསྐྱོན་ཏེ། ད་ལྟ་ང་ཚོ་འདི་འདྲ་ཞིག་ཆགས་བསྡད་ཡོད་པ་རེད། ཁོང་ལ་(The Lama)ཞེས་གསུངས་མཁན་གང་ཟག་ཞིག་བོད་པའི་སྲིད་སྐྱོང་ལ་འོས་བབ་ཡོད་པ་མ་རེད། དེ་དང་དེ་བཞིན་གྱི་གནས་ཚུལ་མང་པོ་ཞིག་ཡོད་པ་ཚང་མས་མཁྱེན་གསལ་རེད། སྤྱིར་བཏང་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལ་ང་སྒེར་ངོས་ནས་མ་དགའ་བ་གང་ཡང་མེད། དང་པོ་གཞོན་སྐྱེས་ཤིག་ཐོན་ཡོང་བ་འགྲིག་འདུག ཞེ་དྲགས་ཡག་པོ་རེད་དྲན་སོང་། ཡིན་ནའང་། ཁོང་རང་གིས་དང་པོ་གནང་གི་ཡིན་གསུངས་ནས་ཁས་ལེན་མང་པོ་ཞིག་བྱས་པ་རེད། དེ་ཚོའི་ནང་ནས་ག་ཚོད་ཅིག་གནང་ཐུབ་ཡོད་པ་རེད། དེ་ཚང་མས་མཁྱེན་བསྡད་ཡོད་སྟབས། ངས་ཁོང་ལ་རྒྱབ་སྐྱོར་མ་ཞུས་པའི་རྒྱུ་མཚན་གཙོ་བོ་གཅིག་དེ་ཡིན།  ཞེས་བརྗོད་བྱུང་།

ང་ཚོའི་སྤྱི་ཚོགས་ནང་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་རང་བཙན་གྱི་ལྟ་བ་འཁུར་མཁན་ཚོར་གཟིགས་ཕྱོགས་ཡག་པོ་མེད་པ་དང་། མི་བསད་ཡོད་ལུགས་སོགས་ཀྱི་བསྐྱོན་འཛུགས་སྣ་ཚོགས་ཡོང་གི་ཡོད་པའི་ཐད་ངོས་འཛིན་ག་འདྲ་གནང་གི་ཡོད་མེད་དྲིས་པར་ཁོང་མོས། ང་ཚོའི་སྤྱི་ཚོགས་ནང་མི་བསད་སྐོར་གྱི་སྐད་ཆ་དེ་མཐའ་གཅིག་ཏུ་ཁུངས་མེད་ལུང་མེད་ཅིག་ལ་ངོས་འཛིན་བྱེད་བཞིན་ཡོད། མི་དཀར་པོ་ཞིག་ལ་ཞྭ་མོ་ནག་པོ་གཡོག་ཐབས་ཁོ་ན་རེད། རྒྱ་གར་ཁྲིམས་ལྡན་གྱི་ལུང་པའི་ནང་མི་ཕར་བཞག རི་དྭགས་ཤིག་བསད་པ་ཡིན་ནའང་ཁྲིམས་ཀྱིས་རང་དགར་འཇོག་གི་མ་རེད།

དེ་ནས་རང་བཙན་གྱི་ལྟ་བ་འཁུར་མཁན་ཚོར་དགའ་ཡི་མ་རེད་ཟེར་བ་དེའི་ཐད་སྐུ་ངོ་ཚོགས་གཙོ་མཆོག་ནས་གསལ་བཤད་ཡག་པོ་ཞེ་དྲགས་གནང་སོང་བསམ་གྱི་ཡོད། ཁོང་གིས་མང་གཙོའི་སྤྱི་ཚོགས་ནང་རང་བཙན་ལྟ་བ་འཁུར་ན་འཁུར་ཆོག་གི་རེད་ལ། དེ་བཞིན་དབུ་མའི་ལམ་གྱི་ལྟ་བ་སོགས་ལྟ་བ་འདྲ་མི་འདྲ་འཁུར་ཆོག་གི་རེད་ལ། དེ་འཁུར་ཆོག་གི་མ་རེད་རྩ་བ་ཉིད་ནས་གསུང་གི་མེད་ཅེས་ནན་པོ་གསུངས་ཡོད་པ་རེད། ཡིན་ནའང་། རང་བཙན་གྱི་ལྟ་བ་ཁ་ལ་འཁྱེར་ཏེ་༧གོང་མཆོག་ལ་གཞི་མེད་མཚན་སྨད་ཞུ་མཁན་ལ་སྐུ་ངོ་སྤེན་པ་ཚེ་རིང་མཆོག་ནས་གདོང་ལེན་གནང་བ་དེར་བོད་མི་ཚང་མས་བསྔགས་བརྗོད་དང་རྒྱབ་བསྐྱོར་ཞུ་བཞིན་ཡོད་པ་རེད། དེ་དངོས་གནས་དྲང་གནས་ཞུ་དགོས་པ་ཞིག་ཀྱང་རེད་བསམ་གྱི་འདུག ཅེས་བརྗོད་བྱུང་།

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

འདི་ལོའི་ཨ་ཕ་གསེར་གྱི་ཕོར་བ་རྐང་སྤོལ་འགྲན་སྡུར་དེ་སྦེལ་ཀོབ་བདེ་སླར་རུ་འཚོག་རྒྱུ་རེད།
Mobile App

འདི་ལོའི་ཨ་ཕ་གསེར་གྱི་ཕོར་བ་རྐང་སྤོལ་འགྲན་སྡུར་དེ་སྦེལ་ཀོབ་བདེ་སླར་དུ་འཚོག་རྒྱུ་རེད།

༢༠༢༦/༠༤/༢༨
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་མཇལ་ཁ་སྩལ་སྐབས། སྐུ་པར་དགའ་ལྡན་ཕོ་བྲང་གི་བརྙན་ཐུང་ནས་བླངས།  ༢༠༢༦།༤།༢༨
༸གོང་ས་མཆོག གསར་འགྱུར།

ཆ་དྷི་སི་གྷར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པས་༧གོང་ས་མཆོག་ལ་མཇལ་བཅར་ཞུས།

༢༠༢༦/༠༤/༢༨
བོད་རང་དབང་འཐབ་རྩོད་པའི་ལྷན་ཚོགས་༧རྒྱལ་བའི་ཞབས་ཕྱི་བར་གཟེངས་རྟགས་ཕུལ། དུས་བབ་ཀྱི་པར།
Mobile App

བོད་རང་དབང་འཐབ་རྩོད་པ་རྣམས་ལ་རིམ་གྱིས་གཟེངས་རྟགས་དབུལ་རྒྱུ་ཡིན་འདུག 

༢༠༢༦/༠༤/༢༧
བྲག་མགོ་རྫོང་གི་སྟོན་པའི་སྐུ་བརྙན་དེ་དགོན་པའི་འདུ་ཁང་དུ་བཞག་སྟེ་སྔོན་གྱི་བཞུགས་ཡུལ་དུ་རྟ་རྒྱུག་ཐང་བཟོས་འདུག པར་དུས་བབ་ལ་མཁོ་སྤྲོད་གནང་།
Mobile App

བོད་བྲག་མགོ་རྫོང་གི་སྟོན་པའི་སྐུ་བརྙན་བཞུགས་ས་དེ་རྟ་རྒྱུག་ཐང་བཟོས་འདུག

༢༠༢༦/༠༤/༢༧
ཕྱི་ལོ་ ༢༠༢༦ ལོའི་བཙན་བྱོལ་བོད་མིའི་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུའི་ལས་རིམ་དངོས་སུ་མགོ་བཙུགས། ༢༠༢༦།༤།༢༦ དུས་བབ་གསར་ཁང་གི་པར།
Mobile App

ཕྱི་ལོ་ ༢༠༢༦ ལོའི་བཙན་བྱོལ་བོད་མིའི་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུ་བྱེད་བཞིན་པ།

༢༠༢༦/༠༤/༢༦
དབུས་འོས་བསྡུ་ལས་ཁང་གི་གསར་འགོད་གསལ་བསྒྲགས་ཀྱི་པར། ༢༠༢༦།༠༡།༢༨
Mobile App

བལ་ཡུལ་མཆོད་འཇོར་ས་གནས་ལ་དངོས་གཞིའི་འོས་བསྡུ་ཐེངས་གཅིག་ཕྱིར་འཐེན་གནང་།

༢༠༢༦/༠༤/༢༥

མཆན། 2

  1. འདམ་སྐྱེས། says:
    ལོ་ 10 སྔོན།

    སྤྱི་ཟུར་ལགས་ནས་སྲིད་སྐྱོང་འོས་མིར་བསྟོད་བསྔགས་དང་བཅས་རྒྱབ་སྐྱོར་གནང་འདུག་ཀྱང་། མོ་རང་ལས་དོན་འདི་གལ་ཆེན་དུ་མ་མཐོང་ནས་དུས་ཐུང་ལས་སྤྱི་འཐུས་གནང་མེད། དེས་ན་གོང་གསལ་སྲིད་སྐྱོང་འོས་མི་ཁོང་ནས་ལོ་གྲངས་བདུན་མ་ཟིན་ཙམ་བོད་མི་མང་སྤྱི་འཐུ་རིང་དཀའ་སྙོགས་བ་བྱུང་ནང་བཞིན་སྤྱི་འཐུས་ ༡༩༦༠།༩།༢ ཉིན་དབུ་བརྙེས་པ་ནས་བཟུང་གྲོས་ཚོགས་ཚོགས་གཙོ་སུས་ཀྱང་ཚོགས་གཙོ་སྤེན་པ་ཚེ་རིང་ནང་བཞིན་མཚན་ཤས་བཟོས་པ་དང། གྲོས་ཚོགས་འཐོར་ནས་གྲོལ་དགོས་པ་དང་ཚོགས་གཙོ་ཞབས་སྟེགས་ན་བཞེང་སྟེ་ཕྱིར་ཐོན་པ་སོགས་བྱུང་མེད་པ་ཀུན་གསལ་རེད། འདིར་དམིགས་བསལ་མཆན་འགོད་འདོད་མེད་ཀྱང་དངོས་གནས་དང་མ་མཐུན་པས་བྲིས་པ་ཡིན། འབྲི་རྒྱུ་མང་ཀྱང་དུས་ཁོམ་མ་བྱུང་།།

    Reply
  2. བདེན་པའི་རྒྱབ་ལངས། says:
    ལོ་ 10 སྔོན།

    སློབ་སྤྱི་ནས་བགྲེལ་ཡོལ་དུ་ཕེབས་པའི་ལྕམས་སྐུ་ཐར་ལམ་སྒྲོལ་མ་མཆོག་ནས་ཉམས་མྱོང་རྒན་པོའི་སྦས་གཏམ་དང་དྲང་གཏམ་དངོས་དེ་མི་མང་གི་མདུན་དུ་ཕེབས་ཏེ་གསལ་བཤད་དང་། བདེན་རྒྱབ་བདེན་པས་གནང་བར་ལྷག་བངམ་གཞུང་དྲང་ཡོངས་ཀྱི་ཚབ་ཞུས་ཏེ་སྙིང་དབུས་ནས་བཀའ་དྲིན་ཆེ་ཞུ་འདོད་བྱུང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese