མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དགེ་བཤེས་མའི་རྒྱུགས་སྤྲོད་ནང་ཞུགས་མཁན་བཙུན་མ་ ༢༠ ཡོད་འདུག

བོད་ཀྱི་དུས་བབ།
༢༠༡༦/༠༥/༠༡
Share on FacebookShare on TwitterShare on EmailShare on Whatsapp

ཆོས་རིག་བཀའ་བློན་མཆོག་གིས་ཐེངས་འདིའི་སྐབས་བཞི་བའི་དགེ་བཤེས་མའི་རྒྱུགས་སྤྲོད་དང་མཚན་གནས་གནང་རྒྱུ་དེ་ནི་བོད་པའི་རྒྱལ་རབས་ལོ་རྒྱུས་ཐོག་ནས་ཧ་ཅང་གལ་ཆེན་པོར་བརྩི་ཡི་ཡོད་སྐོར་གསུངས་སོང་།

IMG_1691 (1)དེ་རིང་སྔོ་དྲོའི་ཆུ་ཚོད་ ༡༠ སྟེང་དྷ་ས་བཙུན་དགོན་དགེ་ལྡན་ཆོས་གླིང་གི་འདུ་ཁང་དུ། བོད་ཀྱི་བཙུན་མའི་ལས་འཆར་ཁང་དང་ཆོས་རིག་ལས་ཁུངས་གཉིས་ཐུན་མོང་གི་གཙོ་གོ་སྒྲིག་འོག སྐབས་བཞི་བའི་དགེ་བཤེས་མའི་རྒྱུགས་སྤྲོད་ཆེན་མོ་དབུ་འཛུགས་གནང་སོང་ལ། མཛད་སྒོའི་སྐུ་མགྲོན་གཙོ་བོར་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་གི་དབུས་སྐབས་བཞི་བའི་དགེ་བཤེས་མའི་རྒྱུགས་སྤྲོད་ཞིབ་འཇུག་གནང་མཁན་སེ་ར་བྱེས་སྨད་གཉིས་དང་དགའ་ལྡན་ཤར་རྩེ། འབྲས་སྤུངས་སྒོ་མང་གྲྭ་ཚང་བཅས་སྐུ་ཚབ་བཞི་དང་། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ནས་ལས་བྱེད་གཉིས། རྒྱ་གར་ནང་གི་བཙུན་དགོན་ཁག་ ༥ ཡི་འཛིན་རིམ་བཞི་ནས་དགེ་བཤེས་མར་རྒྱུགས་སྤྲོད་གནང་མཁན་བཙུན་མ་ ༤༤ བཅས་འཛོམས་འདུག

མཛད་སྒོའི་ཐོག་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་གིས་དགེ་བཤེས་མའི་རྒྱུགས་སྤྲོད་ལས་རིམ་སྐོར་ངོ་སྤྲོད་གནང་དོན། དེ་རིང་གི་དགེ་བཤེས་མའི་རྒྱུགས་སྤྲོད་འདི་ལོ་རིམ་བཞི་བ་དེ་ཡིན་སྟབས། སྤྱིར་བཏང་ ༡༩༩༥ ནས་༧སྐྱབས་མགོན་རིན་པོ་ཆེ་མཆོག་གིས་དགེ་བཤེས་མ་གཏོང་དགོས་ཀྱི་འདུག དེ་གལ་ཆེན་པོ་ཞེ་དྲགས་འདུག་ཅེས་བཀའ་བསླབ་རབ་དང་རིམ་པར་གསུངས་ཡོད་པ་རེད། ཡིན་ནའང་དགེ་ལུགས་ནང་ལ་དཀའ་ངལ་ཅུང་ཕྲད་ཡོད་པ་རེད། ཕྱི་ལོ་ ༢༠༡༡ ལོའི་ཕྱི་ཟླ་ ༩ བའི་ནང་ཆོས་བརྒྱུད་ཁག་གི་ཚོགས་འདུ་ཚོགས་སྐབས་སུ་བཀའ་མོལ་བྱུང་བ་རེད། སྐབས་དེར་དགེ་ལུགས་ནང་ལ་དགེ་བཤེས་མ་གཏང་ཡ་དེ་ཆོས་འདུ­­་བའི་རིགས་ཤིག་ནས་དཀའ་ངལ་ཞིག་འཕྲད་ཀྱི་ཡོད་པ་རེད། དེ་མིན་གཞན་རྙིང་མ་དང་ས་སྐྱ་བཀའ་བརྒྱུད་སོགས་ཆོས་བརྒྱུད་གཞན་ཁག་ལ་དཀའ་ངལ་གང་ཡང་ཡོད་པ་མ་རེད། ཁོ་ཚོར་སློབ་དཔོན་མ་དང་རབ་འབྱམས་མ་སོགས་བྱུང་འདུག དགེ་ལུགས་ནང་བྱུང་ཐུབ་ཡོད་པ་མ་རེད། ཡིན་ནའང་སྐབས་དེ་དུས་ང་ཆོས་རིགས་བཀའ་བློན་ཡིན་པའི་ཆ་ནས་ངས་གསལ་བཤད་ཅིག་བྱས་པ་ཡིན། སྤྱིར་བཏང་ང་ཚོ་བོད་ནང་ལ་ཕོ་མོ་དབྱེ་འབྱེད་ཞེ་དྲགས་བྱུང་འདུག་ཅེས་དེ་ལ་ངས་རྩོད་གླེང་བྱས་མྱོང་། ང་ཚོ་བོད་ནང་དུ་དེ་རིགས་དམིགས་སུ་འགོག་པ་དེ་འདྲ་གང་ཡང་ཡོད་པ་མ་རེད་དེ། གོམ་གཤིས་ཀྱི་ཐོག་ནས་དགེ་བཤེས་མ་མེད་པ་དེ་འདྲ་ཆགས་པ་རེད། ཡིན་ན་ཡང་རྒྱ་གར་དུ་བསླེབས་ནས་སློབ་སྦྱོང་བྱས་པ་དེ་འདྲ་རེད། ང་ཚོས་༧སྐྱབས་མགོན་རིན་པོ་ཆེ་མཆོག་གིས་བཀའ་ཕེབས་པ་གཞིར་བཞག་སྟེ་ཕྱི་ལོ་ ༢༠༡༢ ལོའི་ཕྱི་ཟླ་ ༥ བའི་ནང་ཚོགས་འདུ་ཚོགས་ནས་གཏན་འབེབས་བྱས་ཏེ་ལག་བསྟར་བྱས་བསྡད་པ་རེད། དེ་བས་དེ་རིང་འདིར་མི་ལོ་ ༡༧ རིང་གཞིས་བྱེས་གཉིས་ནས་དགེ་སློང་མ་བཟོས་ནས་བསླབ་པ་སློར་གཉེར་བྱས་ཏེ་ཆ་སྙོམ་གྱི་ཐོག་ནས་བརྒྱ་ཆ་ ༦༥ ལོན་པ་ཡིན་ན། ལོ་ ༤ རིང་དགེ་བཤེས་མར་རྒྱུགས་སྤྲོད་ཆོག་པར་གཏན་འབེབས་བྱས་ཏེ་ལས་དོན་རབ་དང་རིམ་པར་སྤེལ་བསྡད་ཡོད་པ་རེད། ང་ཚོའི་རྒྱལ་རབས་ལོ་རྒྱུས་ཐོག་ནས་འདི་ཞེ་དྲགས་གལ་ཆེན་པོར་བརྩི་ཡི་ཡོད། ཅེས་གསུངས་སོང་།

ཡང་ཁོང་གིས་སྤྱིར་བཏང་ང་ཚོ་དུས་རེབས་ཉེར་གཅིག་པའི་ནང་ཡོད་པ་དང་དུས་རེབས་ཉེར་གཅིག་པའི་ནང་ང་ཚོ་ཚང་མ་ཆ་སྙོམ་གྱི་ཐོག་ནས་རྐང་པ་བརྒྱབ་ནས་འགྲོ་དགོས་ཡོད་དུས། རིགས་གཅིག་རྐང་འཛིན་རེད། དགེ་སློང་མ་རེད། འགྲོ་གླེང་ཆེན་མོ་རེད། དེ་ཚང་མའི་ཐོག་དཀའ་སྤྱི་ཚང་མ་འཛོམས་ནས་གཏན་འབེབས་དང་བཀའ་བསྡུར་མང་པོ་བྱས་ཡོད་པ་རེད། དེའི་ནང་ནས་འདི་གལ་ཆེ་ཤོས་ཤིག་རེད། དགེ་བཤེས་མའི་ཕྱག་ཁྱེར་གནང་རྒྱུ་དེ་༧སྐྱབས་མགོན་རིན་པོ་ཆེ་མཆོག་ནས་གནོང་རོགས་ཞེས་ཁ་སང་སྔོན་མར་ང་ལ་ཞུས་པ་ལྟར། བར་སྐབས་དེར་ངས་༧སྐྱབས་མགོན་རིན་པོ་ཆེ་མཆོག་ལ་ཞུས་དུས། ཁོང་གིས་ཡིན་དང་ཡིན་གསུང་གི་འདུག ཅེས་བརྗོད་བྱུང་།

ཁོང་གིས་ད་ལྟའི་བར་དགེ་བཤེས་མ་ག་ཚོད་ཅིག་ཐོན་ཡོད་མེད་སྐོར་ལ། སྔོན་ཆད་མཚན་ཉིད་སློབ་གྲྭའི་ནང་བསླབ་པ་སློབ་གཉེར་གྱི་ཐོག་ནས་འཇར་མན་གྱི་བཙུན་མ་ཞིག་ལ་གནང་འདུག དེ་མ་གཏོགས་ངས་གོང་དུ་ཞུས་ཟིན་པ་ལྟར། ཆོས་བརྒྱུད་གཞན་ལ་དཀའ་ངལ་ཡོད་པ་མ་རེད། ཡིན་ནའང་དགེ་ལུགས་ནང་གཏན་འབེབས་བྱས་ཏེ་ཡིག་རྒྱུགས་བཏང་ནས་དགེ་བཤེས་མ་བཏང་བཞག་ཡ་དེ་འདྲ་ཡོད་པ་མ་རེད། དེ་བས་དགེ་ལུགས་ནང་དགེ་བཤེས་མ་ངོས་ལེན་བྱས་པ་དེ་ད་ལན་འདི་ཐོག་དང་པོ་ཆགས་ཡོད་པ་རེད། ད་ལན་འདིར་དགེ་བཤེས་མར་རྒྱུགས་སྤྲོད་མཁན་ལོ་རིམ་བཞི་བའི་བཙུན་མ་ ༢༠ ཡོད་པ་རེད། དགེ་བཤེས་མའི་སྐབས་བཞི་བའི་རྒྱུགས་སྤྲོད་ནང་རྒྱུགས་འཕྲོད་མཁན་ཚོར། འདི་ལོའི་ཕྱི་ཟླ་ ༡༠ བའི་ནང་འཇང་དགུན་ཆོས་འཚོགས་རྒྱུ་དང་། དེའི་རྗེས་ཀྱི་སྨོན་ལམ་ཆེན་མོའི་ཐོག་༧སྐྱབས་མགོན་རིན་པོ་ཆེ་མཆོག་ནས་མཚན་གནས་གནང་རྒྱུ་རེད། ཅེས་གསུངས་སོང་།

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

བསམ་ཚུལ།

ཁྱེད་བཞུད་ཤུལ་ན།

ཆུ་ཚོད་ ༣ སྔོན་ལ།
དྷ་ས་འཛིན་སྐྱོང་སྦྱོང་བརྡར་ཁང་དུ་རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་བཞི་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༧།༣ དུས་བབ་གསར་ཁང་གི་པར།
Mobile App

རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་བཞི་པ་དབུ་འཛུགས་གནང་།

ཆུ་ཚོད་ ༢༢ སྔོན་ལ།
བློ་བཟང་དཔལ་ལྡན་གྱིས་རྒྱལ་ཚོགས་ཀྱི་མདུན་ཐང་དུ་རང་ལུས་མེ་བསྲེགས་གནང་།  པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས། ༢༠༢༦།༧།༣
Mobile App

རང་བཙན་བློ་དགའ་ཡིས་རྒྱལ་ཚོགས་ཀྱི་མདུན་ཐང་དུ་རང་ལུས་མེ་བསྲེགས་གནང་། 

ཆུ་ཚོད་ ༢༢ སྔོན་ལ།
(File image) Sikyong Penpa Tsering and Representative Thinlay Chukki with Hon. Michael Brand, Member of the German Parliament and Parliamentary State Secretary to the German Government.
Mobile App

རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཟེར་བར་ངོ་རྒོལ་བསྒྲགས་གཏམ་སྤེལ། 

༢༠༢༦/༠༧/༠༢
China Steps Up Road Works In Arunachal Area It Controls Since 1959. Photo: Satellite Image 2026 Vantor
Mobile App

རྒྱ་ནག་གཞུང་གིས་བོད་ཧིན་མཐའ་མཚམས་སུ་གཞུང་ལམ་གསར་རྒྱག་བྱས་འདུག 

༢༠༢༦/༠༧/༠༢
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་བཅའ་ཁྲིམས་ལག་བསྟར་བྱས་པར་ངོ་རྒོལ། ༢༠༢༦།༧།༡ པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

གཞུང་ཁོངས་མིན་པའི་ཚོགས་སྡེ་ཁག་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བའི་ཁྲིམས་ལག་བསྟར་བྱས་པར་ངོ་རྒོལ་ལས་འགུལ་སྤེལ།

༢༠༢༦/༠༧/༠༡

མཆན། 2

  1. ཐོས་པ་དགའ། says:
    ལོ་ 10 སྔོན།

    ཆོས་རིག་བཀའ་བློན་ཆོས་ཤེས་མཁན་ཞིག་བསྐོ་ན་ལེགས། ཆོས་མི་ཤེས་མཁན་གཡག་འདྲ་བོ་ཞིག་གིས་ཆོས་དོན་ལས་དགོས་ན་འཐུས་མ་ཚང་བ་མང་པོ་ཡོང་རྒྱུ་རེད།

    Reply
  2. གཡུ་ཐོག says:
    ལོ་ 10 སྔོན།

    ཆོས་རིག་བཀའ་བློན་མཆོག་ནས་དགེ་བཤེས་མའི་རྒྱུགས་སྤྲོད་དེ་ཉིད་བློ་སེང་གི་གསར་གཏོད་རེད་ཅེས་ཧམ་བཤད་བྱེད་ཀྱི་རེད་བསམ་ནས་བློ་འཚབ་སྐྱེད་བྱུང་། ཡིན་ཡང་ཁོང་གིས་བདེན་པ་དེ་ཕན་ཆེར་རྟོགས་ཡོད་པ་འདྲ་གང་ཡིན་བརྗོད་ན་དེང་སང་སྤྱི་ཚོགས་ནང་ཧམ་པས་མི་བཟའ་ཡི་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese