མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་དོན་བདེན་མཐའ་གསལ་ཆེད་འཚེ་མེད་ཞི་བའི་ཐབས་ལམ་འབའ་ཞིག་ལ་བསྟེན་རྒྱུ་རེད།

བོད་ཀྱི་དུས་བབ།
༢༠༡༦/༠༦/༠༩
Share on FacebookShare on TwitterShare on EmailShare on Whatsapp

སྲིད་སྐྱོང་མཆོག་ནས་དབུ་མའི་ལམ་གྱི་སྲིད་བྱུས་འཛིན་དགོས་པའི་རྒྱུ་རྐྱེན་ལྔ་ཡོད་པ་དག་ནི་རྒྱ་དཀར་ནག་གཉིས་དང་རྒྱལ་སྤྱིའི་སྤྱི་ཚོགས། བོད་ཕྱི་ནང་གཉིས་ཀྱི་རྒྱ་ཆེའི་མི་མང་བཅས་ཡིན་སྐོར་བརྗོད་སོང་།

IMG20160609123618དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠ བའི་སྟེང་གངས་སྐྱིད་གཉའ་ཁྲི་ཚོགས་ཁང་དུ་སྐབས་ ༡༦ པའི་བོད་མི་མང་སྤྱི་གསར་པ་རྣམས་ལ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་ཁྲིམས་སྒྲིག་ཁག་གི་ཟབ་སྦྱོང་ཞིག་འགྲོ་བཞིན་པའི་ཐོག སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་དགོས་དམིགས་དང་རྒྱུ་རྐྱེན་ཁག་ལྔ། དེ་བཞིན་བོད་རྒྱ་འབྲེལ་གྱི་བྱུང་རིམ་དང་རྒྱབ་ལྗོངས་སོགས་ངོ་སྤྲོད་གནང་སོང་།

ཟབ་སྦྱོང་གི་ཐོག་མར་སྲིད་སྐྱོང་མཆོག་ནས་དབུ་མའི་ལམ་གྱི་དགོས་དམིགས་སྐོར་ལ། དབུ་མའི་ལམ་གྱི་སྲིད་བྱུས་འཛིན་དགོས་པའི་རྒྱུ་རྐྱེན་ལྔ་ཡོད་པ་དང་། དེ་དག་ནི་རྒྱ་དཀར་ནག་གཉིས་དང་རྒྱལ་སྤྱིའི་སྤྱི་ཚོགས། བོད་ཕྱི་ནང་གཉིས་ཀྱི་རྒྱ་ཆེའི་མི་མང་བཅས་ཡིན་པ་དང་། རྒྱུ་རྐྱེན་ལྔ་དང་འབྲེལ་བའི་ཐོག་ནས་མཐུན་སྒྲིལ་ཟེར་ན་རེད། འགལ་ཟླ་ཟེར་ནའང་རེད། དེ་ལ་བརྟེན་ནས་དབུ་མའི་ལམ་གྱི་སྲིད་བྱུས་འགྲུབ་དང་མི་འགྲུབ་དེ་གཙོ་བོ་རེད།  བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་ག་རེ་ཡིན་པ་དང་། འཕྲལ་ཕུགས་རྒྱང་གསུམ་གྱི་སྲིད་ཇུས་ཀྱི་ཐབས་ཤེས་ག་རེ་ཡོད་ཅེས་ལབ་པ་ཡིན་ན། ངས་ནམ་རྒྱུན་ལྔ་དང་ལྔ་བཅུ་ཞེས་འགྲེལ་བཤད་རྒྱག་གི་ཡོད་པ། ལྔ་དེ་ལོ་ལྔ་དང་ལྔ་བཅུ་དེ་ལོ་ལྔ་བཅུ་བཅས་ཡིན། ལོ་ལྔ་ཞེས་པ་དེ་སྲིད་སྐྱོང་དང་བཀའ་ཤག་གི་ལས་ཡུན་ལོ་ལྔ་རེད། རྣམ་པ་ཚོ་སྤྱི་འཐུས་ཀྱི་ལས་ཡུན་ལོ་ལྔ་རེད། ལོ་ལྔ་ནང་ཆབ་སྲིད་ཀྱི་དགོས་འདུན་དང་དམིགས་ཡུལ། འབད་བརྩོན་གཙོ་བོ་དེ་དབུ་མའི་ལམ་གཞིར་བཞག་པའི་ཐོག་ནས་མིང་དོན་མཚུངས་པའི་རང་སྐྱོང་རག་རྒྱུ་དེ་རེད། དེ་ལ་བོད་རྒྱ་འབྲེལ་མོལ་བརྒྱུད་༧གོང་ས་མཆོག་གི་སྐུ་ཚབ་དང་རྒྱ་ནག་གཞུང་གི་སྐུ་ཚབ་རྣམས་ཕར་ཚུར་བཀའ་མོལ་གནང་བའི་ཐོག་ནས་མིང་དོན་མཚུངས་པའི་རང་སྐྱོང་རག་རྒྱུ་དེ་རེད། དེ་ང་ཚོ་བཀའ་ཤག་དང་གྲོས་ཚོགས་གང་ཡིན་ཡང་ང་ཚོའི་ཆབ་སྲིད་ཀྱི་རྩ་ཆེ་ཤོས་དེ། འདས་པའི་མི་ལོ་ ༥༠ རིང་ང་ཚོ་བཙན་བྱོལ་ནང་ལྷག་པ་རེད། གལ་སྲིད་ད་དུང་མི་ལོ་ ༥༠ ནང་བཙན་བྱོལ་དུ་ལྷག་པ་ཡིན་ན། མི་ལོ་ ༥༠ ནང་བོད་མིའི་སྒྲིག་འཛུགས་འདི་འཚོ་ཐུབ་དགོས་པ་དང་། འཚོ་བ་མ་ཟད་ནུས་པ་འཕེལ་ཐུབ་དགོས་པ། ནུས་པ་འཕེལ་ཐུབ་པ་ནས་རྒྱུན་གནས་ཐུབ་པ་དགོས་ཀྱི་ཡོད་པ་རེད། རྒྱུན་གནས་ཐུབ་པ་ཡིན་ན་མི་ལོ་ ༥༠ ནང་རྒྱ་ནག་ལ་འགྱུར་བ་འགྲོ་ཡིན་ཡིན་པ་དང་། འགྱུར་བ་འགྲོ་བ་ཡིན་ན་ང་ཚོ་བོད་མིར་རྨང་གཞི་ཞིག་རག་གི་རེད། དེར་བརྟེན་ངས་ལྔ་དང་ལྔ་བཅུ་གཉིས་ཀར་རྒྱལ་ཁ་འཐོབ་པའི་དམིགས་ཡུལ་དང་རེ་བ་བཅངས་ཡོད། དེ་ཡང་ང་ཚོས་མི་ལོ་ ༥ ལ་འབོད་བརྩོན་བྱེད་པ་ནང་བཞིན་མི་ལོ་ ༥༠ རིང་འབོད་བརྩོན་བྱེད་དགོས་ཀྱི་ཡོད་པ་རེད། གང་ཡིན་ཟེར་ན། རྒྱ་ནག་གཞུང་གིས་བོད་མིའི་སྒྲིག་འཛུགས་འདི་རྩ་གཏོར་ནུས་མེད་བཟོ་ཐབས་སུ་འབད་བརྩོན་བྱེད་ཀྱིན་ཡོད་པ་རེད། དེར་བརྟེན་ང་ཚོས་མི་ལོ་ལྔ་དང་ལྔ་བཅུ་གཉིས་ནང་འབད་བརྩོན་བྱེད་དགོས་ཀྱི་ཡོད་པ་རེད། རྒྱ་ནག་གི་མཐོང་ལམ་ནས་བོད་མིའི་སྒྲིག་འཛུགས་འདི་དངོས་གནས་རྒྱུན་ཐུབ་པ་ཞིག་བྱུང་ན། རྒྱལ་སྤྱི་གཙོས་པའི་རྒྱ་གར་ཡིན་ནའང་ང་ཚོར་རྒྱབ་སྐྱོར་གནང་གི་རེད། རྒྱབ་སྐྱོར་གནང་བའི་རེ་བ་ཅི་ཙམ་ཡོད་ན། བོད་མི་ཚོར་མིང་དོན་མཚུངས་པའི་རང་སྐྱོང་རག་གི་རེད། ཅེས་གསུངས་སོང་།

ཡང་སྲིད་སྐྱོང་མཆོག་གིས་ངས་འདིར་ཞུ་དོན་གཙོ་བོ་དེ་ཐའེ་ཝན་ནི་རྒྱལ་ཁབ་ཅིག་ཆགས་པའི་ཆ་རྐྱེན་ཆ་ཚང་ཡོད་པ་རེད་ལ། ཆབ་སྲིད་ཀྱི་ལྟ་གྲུབ་ཐོག་ནས་རྒྱལ་ཁབ་ཟེར་དུས་གཞུང་དང་ས་ཡོད་པ། རྒྱལ་མཚམས་དང་མི་འབོར་ཡོད་པ། རྒྱལ་ཁབ་ཀྱི་བདག་དབང་ཡོད་དགོས་སྐོར་བཤད་ཡོད་པ་རེད། དེར་བརྟེན་ཐའེ་ཝན་ལ་གཞུང་དང་མི་འབོར། ས་མཚམས་སོགས་ཡོད་ནའང་། བདག་དབང་ཡོད་མེད་དེ་རྩོད་གཞི་ཆགས་བསྡད་ཡོད་པ་རེད། བདག་དབང་ཟེར་དུས། རྒྱལ་ཁབ་ཅིག་རྒྱལ་ཁབ་གཞན་ཞིག་གིས་ངོས་འཛིན་བྱས་པ་དེ། རྒྱལ་ཁབ་དེའི་བདག་དབང་ངོས་འཛིན་བྱས་པ་རེད། ཕྱི་ལོ་ ༡༩༦༩ ལོར་ཐའེ་ཝན་ལ་རྒྱལ་ཁབ་ཀྱི་བདག་དབང་ཡོད་པར་ངོས་འཛིན་མཁན་རྒྱལ་ཁབ་ཁག་ ༧༡ དང་ད་ཆར་རྒྱལ་ཁབ་ ༢༡ ལྷག་ཡོད་པ་རེད། ཐའེ་ཝན་ལ་བདག་དབང་ཡོད་ཟེར་དུས། དེ་རྩོད་ཆོག་གི་ཡོད་པ་རེད། མཐུན་རྐྱེན་དེ་དག་ཡོད་བཞིན་དུ། ཐའེ་ཝན་དམངས་གཙོ་ཡར་ཐོན་ཚོགས་པ་ཡིན་ན་རེད། གོ་མིན་ཏང་སྲིད་གཞུང་ཡིན་ན་རེད། ད་ལྟའི་སྲིད་འཛིན་གསར་བ་ལྕམ་ཚའེ་ཡེན་ཝན་ཡིན་ན་རེད། ད་ལྟའི་གནས་བབ་རང་འཇགས་ཡིན་ཟེར་བ་མ་གཏོགས་ཐའེ་ཝན་ལ་རང་བཙན་དགོས་ཞེས་ཤོད་ཐུབ་ཀྱི་ཡོད་པ་མ་རེད། དེར་བརྟེན་ང་ཚོ་བོད་མིའི་སྒྲིག་འཛུགས་ནས་རང་བཙན་བརྩད་པ་ཡིན་ན། ག་འདྲ་ཆགས་ཀྱི་རེད་ཅེས་ཤོད་ཀྱི་ཡོད་པ་རེད། གང་ཡིན་ཟེར་ན། ཐའེ་ཝན་གྱི་གནས་སྟངས་ལ་ལྟོས་དང་། ཐའེ་ཝན་རྒྱལ་ཁབ་ཡིན་པ་དང་བདག་དབང་ཡོད་པ། ཆ་རྐྱེན་ཆ་ཚང་ཡོད་པ་རེད། ཡོད་བཞིན་དུ་ཁོ་ཚོས་རང་བཙན་རྩོད་ཐུབ་ཀྱི་མི་འདུག་གཱ། རང་བཙན་ཡིན་དང་རང་བཙན་དགོས་ཞེས་ཤོད་ཐུབ་ཀྱི་མི་འདུག་གཱ། ཨ་རིའི་གཞུང་གིས་ཐའེ་ཝན་མཚོ་འགག་གི་བདེ་འཇགས་སྲུང་སྐྱོབ་ཐོག་འགྲོ་གྲོན་ཨ་སྒོར་ཐེར་འབུམ་ ༡༠ ལྷག་གི་མཐུན་འགྱུར་གནང་རྒྱུ་བྱས་ཡོད་པ་རེད། ང་ཚོ་བོད་མིའི་སྒྲིག་འཛུགས་ཀྱི་ལོ་གཅིག་གི་དངུལ་རྩིས་ནང་ཨ་སྒོར་ས་ཡ་ཉི་ཤུ་རྩ་གྲངས་ཤིག་རེད། མ་ཟད་དོན་གཅོད་ཐོག་ནས་ཀྱང་ང་ཚོ་ཡོང་གི་མི་འདུག་གཱ། ཐའེ་ཝན་ལ་རྒྱལ་ཁབ་ ༥༧ གྱི་ནང་སྐུ་ཚབ་ལས་ཁུངས་ ༩༢ དང་། ཐའེ་ཝན་ནང་ཕྱིའི་རྒྱལ་ཁབ་ཁག་གི་གཞུང་ཚབ་ཁང་ ༦༥ ཆེད་བཙུགས་བྱས་ཡོད་པ་རེད། ང་ཚོར་ད་ཆར་དོན་གཅོད་ཁག་ ༡༢ ཡོད་པ་དང་། དེ་ཡང་ཕྱིའི་རྒྱལ་ཁབ་ཁག་ནང་གཞུང་འབྲེལ་མིན་པའི་ཚོགས་པའི་རྣམ་པ་འདྲ་མིན་སྣ་ཚོགས་ཐོག་བཙུགས་བཞག་ཡོད་པ་རེད། འདི་ག་དྷ་རམ་ས་ལར་ལུང་པ་གཞན་གཅིག་གི་ལས་ཁུངས་ཀྱང་ཡོད་པ་མ་རེད། ཐའེ་ཝན་གྱིས་རང་བཙན་རྩོད་ཐུབ་ཀྱི་མེད་དུས། ང་ཚོ་བོད་མིའི་སྒྲིག་འཛུགས་ཀྱིས་བོད་རང་བཙན་ག་འདྲ་ཞིག་རྩོད་ཐུབ་པ་རེད། སྔོན་ཆད་ཁྲིན་ཧྲི་པིན་གྱི་སྐབས་སུ་ཐའེ་ཝན་གྱི་བཅའ་ཁྲིམས་ཁ་ཤས་འགྱུར་བ་གཏོང་དུས། ཀློག་དེབ་ནང་ཐའེ་ཝན་རང་བཙན་ཡིན་པའི་ལོ་རྒྱུས་འབྲི་གི་ཡིན་ཟེར་བ་དང་། གྲོས་ཚོགས་ནང་བཀའ་འཁྲོལ་མ་རག་བའི་རྙོག་དྲ་ཞེ་དྲགས་བྱུང་བ་རེད། ཐའེ་ཝན་མཚོ་འགག་གི་ཕྱི་སྐྱོད་ལག་དེབ་ནང་རྒྱ་ནག་སྤྱི་མཐུན་རྒྱལ་ཁབ་ཞེས་པ་དེ་ཐའེ་ཝན་སྤྱི་མཐུན་རྒྱལ་ཁབ་ཅེས་པའི་ཐ་སྙད་དེ་ཙམ་ཡང་བསྒྱུར་ཐུབ་མེད་པ་རེད།

ཉེ་ཆར་ཐའེ་ཝན་སྲིད་འཛིན་ཚའེ་ཡེན་ཝན་དམངས་གཙོ་ཚོགས་པའི་འོས་མིའི་མིང་ཐོག་ནས་ཨ་རིར་སླེབས་ཐུབ་ཡོད་པ་དང་། ཕོ་བྲང་དཀར་པོ་དང་ཕྱི་སྲིད་ལས་ཁུངས་ཀྱི་གནད་ཡོད་མི་སྣར་མཇལ་འཕྲད་བྱས་ཡོད་པ་རེད། ཚའེ་ཡེན་ཝན་ཨ་རིའི་རྒྱལ་ས་ཝ་ཞིན་ཊོན་དུ་ཕེབས་པ་རེད། ཡིན་ནའང་ཁོང་མོ་ཐའེ་ཝན་གྱི་སྲིད་འཛིན་ཆགས་རྗེས། ཨ་རིར་ཕེབས་ཆོག་གི་ཡོད་པ་མ་རེད། གལ་ཏེ་ཐའེ་ཝན་སྲིད་འཛིན་ལྷོ་ཨ་རིར་ཕེབས་པར་ཆ་བཞག་ན། ཐའེ་ཝན་ནས་གནམ་གྲུ་འཕུར་ཏེ་ལོ་སི་ཨན་རྗི་ལིར་སྡོད་དགོས་ཚེ། ཁྲིམས་ཐོག་ནས་ཆོག་མཆན་ཞུས་ཏེ། གནམ་གྲུ་བསྡད་ནས་སྣུམ་བླུག་ཆོག་གི་རེད། ཡིན་ནའང་གནམ་གྲུར་སྣུམ་བླུག་རྗེས་འགྲོ་དགོས་ཀྱི་ཡོད་པ་རེད། ཨ་རིའི་སར་འགྲོ་ཆོག་གི་ཡོད་པ་མ་རེད། དེ་བཞིན་ཐའེ་ཝན་མཚོ་འགག་རྒྱལ་ཁབ་ཅིག་ཡིན་ནའང་། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང་། འཛམ་གླིང་ཉོ་འཚོང་སྒྲིག་འཛུགས་དང་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་སོགས་ནང་འཛུལ་ཞུགས་ཐུབ་མེད་པ་མ་ཟད། ཐའེ་ཝན་གྱི་མགོ་ཁྲིད་ཚོ་ཨ་རི་གཙོས་པའི་ཕྱིའི་རྒྱལ་ཁབ་ཁག་ནང་སྐོར་སྐྱོད་ཐུབ་ཀྱི་ཡོད་པ་མ་རེད་ཅེས་དང་།

ཡང་ཁོང་གིས་རྒྱ་དཀར་ནག་གི་འབྲེལ་ལམ་ཡིན་ནའང་། ཕྱི་ལོ་ ༡༩༥༤ ཟླ་ ༤ ཚེས་ ༢༩ བསླབ་པ་བཞིའི་གྲོས་ཆོད་ཞེས་པ་བཞག་ཅིང་། དེའི་ནང་རྒྱལ་ཁབ་ཕན་ཚུན་གྱི་མངའ་ཁོངས་བདག་དབང་ཐད་ཐུན་མོང་གི་བརྩི་འཇོག་དགོས་པ་དང་། ཕན་ཚུན་ལ་བཙན་འཛུལ་མི་ཆོག་པ། འདྲ་མཉམ་དང་ཐུན་མོང་གི་ཁེ་ཕན། ཞི་བདེ་མཉམ་གནས། དེ་བཞིན་རྒྱ་གར་དབྱིན་གཞུང་དང་རྒྱ་གར་གྱི་བོད་ཐོག་འཛིན་པའི་གནས་བབ་ཐད་ནས། སྲིད་བློན་ནི་ཧ་རུ་ཡིས་(Nehru)རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བོད་ལྗོངས་ཞེས་དང་། སྲིད་བློན་བ་རྗེ་བྷ་ཡིས་(Vajpayee)རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆ་ཤས་སུ་གྲུབ་པའི་བོད་ལྗོངས་ཞེས་ངོས་འཛིན་བྱས་ཡོད་པ་རེད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ངོས་ནས་ཕྱི་ལོ་ ༢༠༡༡ ལོ་ནས་ ༢༠༡༤ བར་བོད་མིའི་སྒྲིག་འཛུགས་ཀྱི་དབུ་མའི་ལམ་གྱི་སྲིད་བྱུས་དང་བོད་རྒྱ་འབྲེལ་མོལ་ཐད་ལ་མོས་མཐུན་དང་རྒྱབ་སྐྱོར་གནང་མུས་ཡིན་པ་རེད། ཅེས་གསུངས་སོང་།

སྲིད་སྐྱོང་མཆོག་ནས་བོད་རྒྱ་འབྲེལ་མོལ་གྱི་བྱུང་རིམ་དང་དེའི་རྒྱབ་ལྗོངས་སྐོར་ལ། ཕྱི་ལོ་ ༡༩༧༡ ལོར་བོད་རྒྱ་གཉིས་དབར་ཐད་ཀའི་འབྲེལ་ལམ་འགོ་ཚུགས་པ་ནས་བཟུང་ཕན་ཚུན་དབར་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་འབྲེལ་ལམ་ཐེངས་ ༣༠ ཙམ་བྱུང་ཡོད་པ་དང་། བོད་མིའི་རྩ་དོན་ཁག་ནི་ལོ་རྒྱུས་ཀྱི་ཆ་ནས་བོད་རྒྱ་ནག་གི་ཆ་ཤས་སུ་ཁས་ལེན་ཐབས་མེད་པ་དང་། ཆོས་དང་། མི་རིགས། སྐད་ཡིག ས་བབ་ཁོར་ཡུག ལོ་རྒྱུས་བཅས་ཀྱི་ཆ་ནས་བོད་ལ་གཞན་དང་མི་འདྲ་བའི་དམིགས་བསལ་ཁྱད་ཆོས་ཡོད་པ་དང་། བོད་མིའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དེ་དག་སྲུང་སྐྱོབ་བྱ་ཆེད་རང་སྲིད་རང་བདག་གི་ཐོབ་ཐང་དང་། བོད་རིགས་ཡོངས་རྫོགས་གཅིག་གྱུར་དགོས་པ། བོད་དོན་བདེན་མཐའ་གསལ་ཆེད་འཚེ་མེད་ཞི་བའི་ཐབས་ལམ་འབའ་ཞིག་ལ་བསྟེན་རྒྱུ་བཅས་ཡིན་ཞིང་། རྒྱ་ཕྱོགས་ཀྱི་རྩ་དོན་ཁག་ནི་རྒྱལ་ཁབ་ཀྱི་བདག་དབང་དང་བརྟན་ལྷིང་ལ་གུ་ཡངས་བྱེད་ཐབས་མེད་པ་དང་། མི་རིགས་ ༥༦ འདྲ་མཉམ་དང་མཐུན་སྒྲིལ་དགོས་པ། རྩ་ཁྲིམས་ཀྱི་རྒྱ་ལས་འགལ་མི་ཆོག་པ། གྲངས་ཉུང་མི་རིགས་ལ་རང་ཁྱིམ་རང་བདག་དང་རང་སྲིད་རང་སྐྱོང་གི་ཐོབ་ཐང་ཡོད་པ་བཅས་རེད། འབྲེལ་མོལ་ཐེངས་ ༩ པའི་མཇུག་འབྲས་ནི། བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་དང་དེའི་འགྲེལ་བརྗོད། བོད་རིགས་ཡོངས་རྫོགས་གཅིག་གྱུར་དགོས་པ་དང་རང་སྐྱོང་མིང་དོན་མཚུངས་པ་དགོས་པ། རང་སྐྱོང་བྱེད་རྒྱུའི་གནད་དོན་བཅུ་གཅིག་སོགས་ཡིན་ཞིང་། ད་ལྟའི་བར་བོད་རྒྱ་འབྲེལ་མོལ་གྱི་སྡོམ་ཚིག་ག་རེ་བསྐྱོན་ཡོད་པ་རེད་ཟེར་ན། མིང་དོན་མཚུངས་པའི་རང་སྐྱོང་འགྲུབ་མ་སོང་། མ་ཟད་འབྲེལ་མོལ་ནས་ཞི་མོལ་ཡང་ཆགས་མ་སོང་ཞེས་ཡོངས་གྲགས་སུ་བརྗོད་ཀྱི་ཡོད་པ་ལྟར། ད་ཆར་བོད་རྒྱའི་འབྲེལ་མོལ་ཆད་ཡོད་ནའང་། ཚོགས་མི་ ༢༠ ལས་གྲུབ་པའི་བོད་རྒྱ་འབྲེལ་མོལ་ལས་དོན་ཚོགས་ཆུང་ཞིག་བརྒྱུད་ལོ་བཞིན་བོད་རྒྱ་འབྲེལ་མོལ་སྐོར་ལ་བགྲོ་གླེང་ཚོགས་འདུ་འཚོགས་མུས་ཡིན་པ་ལྟར། ད་ལོའི་ཕྱི་ཟླ་ ༧ ནང་བོད་རྒྱ་འབྲེལ་མོལ་ལས་དོན་ཚོགས་ཆུང་གི་ཚོགས་འདུ་བསྐོང་འཆར་ཡོད། ཅེས་སོགས་གསུངས་སོང་།

མཇུག་ཏུ་དྲི་བ་དྲིས་ལན་གྱི་སྐབས་སུ། ང་ཚོའི་སྤྱི་ཚོགས་ནང་རང་བཙན་དང་དབུ་མའི་ལམ་གྱི་ལངས་ཕྱོགས་འཛིན་མཁན་ཁག་གཉིས་བྱུང་ཡོད་ནའང་། ༧གོང་ས་མཆོག་གཙོས་པའི་བོད་མིའི་ཆིག་སྒྲིལ་དང་རྩ་དོན་ལ་མ་གནོད་པའི་ཐོག་ནས་རང་བཙན་དང་དབུ་མའི་ལམ་གང་ཡིན་ཡང་། དེ་གླེང་སློང་བྱེད་པར་བོད་མི་ཚོར་རང་དབང་ཡོད་པ་རེད། ཡིན་ནའང་༧གོང་ས་མཆོག་ལ་མཚན་སྨད་དང་བོད་མིའི་སྒྲིག་འཛུགས་ལ་གཞི་མེད་སྐྱོན་བརྗོད་བྱས་ན་དེ་བོད་ཀྱི་རྩ་དོན་ལ་གནོད་ཀྱི་ཡོད་སྟབས། དེ་འགྲིག་གི་ཡོད་པ་མ་རེད། ཅེས་སོགས་གསུངས་སོང་།

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

TTT
Mobile App

རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་ཇུས་ཁག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

ཆུ་ཚོད་ ༡༩ སྔོན་ལ།
Daily Hunt གསར་ཁང་གི་པར།
Mobile App

རྒྱ་ནག་གིས་ཨི་རན་ལ་གསང་བའི་ངང་དམག་མཚོན་གྱི་རོགས་འདེགས་བྱས་འདུག

ཆུ་ཚོད་ ༡༩ སྔོན་ལ།
TTTT
Mobile App

སྲིད་སྐྱོང་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་ཞིག་གི་ནང་མིར་ཐུགས་གསོ་གནང་།

ཆུ་ཚོད་ ༢༣ སྔོན་ལ།
This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

༢༠༢༦/༠༤/༠༧
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

༢༠༢༦/༠༤/༠༧
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

༢༠༢༦/༠༤/༠༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese