མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྲིད་འཛིན་ཨོ་བྷ་མས་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་ཡོད།

བོད་ཀྱི་དུས་བབ།
༢༠༡༦/༠༦/༡༦
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཨ་རིའི་ཕོ་བྲང་དཀར་པོ་རུ་བོད་མིའི་སྐྱབས་མགོན་༧གོང་ས་མཆོག་དང་ཨ་རིའི་སྲིད་འཛིན་ཨོ་བྷ་མ་རྣམ་གཉིས་མཇལ་འཕྲད་གནང་རྗེས་ཨ་རིའི་ཕོ་བྲང་དཀར་པོའི་ངོས་ནས་གསལ་བསྒྲགས་ཤིག་སྤེལ་ཏེ། ཨ་རིའི་གཞུང་གིས་བོད་རང་བཙན་ལ་རྒྱབ་སྐྱོར་བྱེད་ཀྱི་མེད་པར། བོད་དེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆ་ཤས་ཤིག་ཡིན་པའི་ལངས་ཕྱོགས་བཟུང་ཡོད་པ་དང་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་ཡོད་སྐོར་སོགས་འཁོད་འདུག

ཁ་སང་སྔ་དྲོའི་ཆུ་ཚོད་ ༡༠།༡༨ སྟེང་བོད་མིའི་སྐྱབས་མགོན་༧གོང་ས་མཆོག་དང་ཨ་རིའི་སྲིད་འཛིན་ཨོ་བྷ་མ་རྣམ་གཉིས་ཕོ་བྲང་དཀར་པོའི་ནང་ཆུ་ཚོད་ཕྱེད་ཀའི་རིང་མཇལ་འཕྲད་བཀའ་མོལ་གནང་བའི་རྗེས་ལ། ཨ་རིའི་ཕོ་བྲང་དཀར་པོས་གསལ་བསྒྲགས་ཤིག་སྤེལ་ཡོད་པ་འདིར་བོད་བསྒྱུར་ཞུས་ཡོད། “ སྲིད་འཛིན་ཨོ་བྷ་མས་༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་ཟླ་ ༦ ཚེས་ ༡༢ ཉིན་ཨོར་ལན་ཊོ་ནང་བྱུང་བའི་མི་གསོད་དོན་རྐྱེན་ལ་ཐུགས་གསོ་གནང་རྒྱུ་དང་ལེན་གནང་བ་དང་། སྲིད་འཛིན་ཨོ་བྷ་མས་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་བསམ་ཤེས་གུས་བརྩི་དང་བྱམས་བརྩེ་གོང་སྤེལ་གྱི་འབད་བརྩོན་ལ་བསྔགས་བརྗོད་ཡི་རངས་གནང་བ་རེད། ༧གོང་ས་ཏཱ་ལའི་བླ་མ་དང་སྲིད་འཛིན་ཨོ་བྷ་མ་རྣམ་གཉིས་ནས་རྒྱ་ནག་མི་དམངས་སྤྱིན་མཐུན་རྒྱལ་ཁབ་ནང་གི་བོད་མིའི་གནས་སྟངས་ཐད་བཀའ་མོལ་གནང་བ་དང་། སྲིད་འཛིན་ཨོ་བྷ་མས་བོད་མིའི་ཐུན་མོང་མ་ཡིན་པའི་ཆོས་ལུགས་རིག་གཞུང་དང་སྐད་ཡིག་རིག་གནས་མི་ཉམས་རྒྱུན་འཛིན་དང་། རྒྱ་ནང་གི་བོད་མིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོང་བཅས་ཀྱི་ཐད་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་ཡོད་པ་དང་། སྲིད་འཛིན་ཨོ་བྷ་མས་༧གོང་ས་ཏཱ་ལའི་བླ་མས་བཏོན་པའི་འཚེ་མེད་ཞི་བདེ་དང་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་ཡོད་སྐོར་བརྗོད་ཡོད་པ་རེད།

སྲིད་འཛིན་ཨོ་བྷ་མས་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་རྒྱ་ནག་གི་དབང་འཛིན་དཔོན་རིགས་ཚོས་དོགས་གཞིའི་དངངས་འཚབ་ཉུང་དུ་བཏང་སྟེ། ཏཱ་ལའི་བླ་མ་དང་ཁོང་གི་སྐུ་ཚབ་ལྷན་དུ་མང་དོན་མཚུངས་པའི་འབྲེལ་མོལ་ཡོང་ཐབས་སུ་རེ་སྐུལ་ཞུས་ཡོད་པ་དང་། དེ་བཞིན། སྲིད་འཛིན་ཨོ་བྷ་མས་ཨ་རིའི་གཞུང་ནས་བོད་རང་བཙན་ལ་རྒྱབ་སྐྱོར་གནང་གི་མེད་པར། བོད་དེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆ་ཤས་ཡིན་པའི་ལངས་ཕྱོགས་རྒྱུན་འཁྱོང་བྱེད་ཀྱིན་ཡོད་པ་ནན་གྱིས་བརྗོད་ཡོད་པ་དང་། ༧གོང་ས་ཏཱ་ལའི་བླ་མ་མཆོག་ནས་ཁོང་གིས་བོད་རང་བཙན་རྩོད་ཀྱི་མེད་པར་རྒྱ་ནག་གཞུང་དང་ཁོང་གི་སྐུ་ཚབ་གཉིས་དབར་གྱི་འབྲེལ་མོལ་བསྐྱར་གསོ་ཡོང་བའི་རེ་བ་གནང་གི་ཡོད་སྐོར་གསུངས་ཡོད་པ་རེད།

༧གོང་ས་ཏཱ་ལའི་བླ་མ་དང་སྲིད་འཛིན་ཨོ་བྷ་མ་རྣམ་གཉིས་ནས་ཨ་རྒྱ་གཉིས་བར་གྱི་འབྲེལ་ལམ་ཡར་རྒྱས་དང་མཐུན་འགྲིག་ཡོང་བའི་གལ་ཆེན་རང་བཞིན་ཐད་མོས་མཐུན་གནང་ཡོད།

སྲིད་འཛིན་ཨོ་བྷ་མས་དེང་གི་གནམ་གཤིས་འགྱུར་ལྡོག་གི་དཀའ་རྙོག་ཐད་༧གོང་ས་མཆོག་གིས་དབུ་ཁྲིད་གནང་བཞིན་པའི་ངོས་འཛིན་གྱི་ཐོག་ནས། ༧གོང་ས་ཏཱ་ལའི་བླ་མས་གོ་ལའི་ཚ་དྲོད་ཉུང་དུ་གཏང་ཕྱོགས་དང་། ཧི་མ་ལ་ཡའི་གངས་རི་དང་བོད་མཐོ་སྒང་གི་རང་བྱུང་ཁོར་ཡུག་སྲུང་སྐྱོབ་བཅས་ཀྱི་གོ་རྟོགས་སྤེལ་ཐབས་སུ་འབད་བརྩོན་གནང་བཞིན་ཡོད་པར་རྒྱབ་སྐྱོར་ཡོད་སྐོར་བརྗོད་ཡོད་པ་རེད།” ཅེས་འཁོད་འདུག

13403862_962562847196288_482946284327006107_o

གཞན། དེ་རིང་ནེའུ་ཡོག་དུས་གསར་ཁང་གིས་སྤེལ་བའི་གནས་ཚུལ་ནང་། ཨ་རིའི་སྲིད་འཛིན་ཨོ་བྷ་མ་དང་༧གོང་ས་ཏཱ་ལའི་བླ་མ་རྣམ་གཉིས་ཨ་རིའི་ཕོ་བྲང་དཀར་པོའི་ནང་མཇལ་འཕྲད་གནང་རྒྱུའི་ཐད། པེ་ཅིན་གཞུང་གིས་ཕྱིའི་རྒྱལ་ཁབ་ཀྱི་དབུ་ཁྲིད་ཚོ་༧གོང་ས་ཏཱ་ལའི་བླ་མར་མཇལ་འཕྲད་མི་ཆོག་པའི་གནོན་ཤུགས་སྤྲད་དེ། ༧གོང་ས་ཏཱ་ལའི་བླ་མས་བོད་རང་བཙན་རྩོད་བཞིན་ཡོད་ལུགས་བརྗོད་ཡོད། ༧གོང་ས་ཏཱ་ལའི་བླ་མས་བོད་དང་བོད་མིའི་ངོ་བོ་སྲུང་སྐྱོབ་གནང་འདོད་ཡོད་སྐོར་གསུང་གི་ཡོད་པ་རེད། རེས་གཟའ་ལྷག་པའི་ཉིན་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ལ་ཁཱང་གིས་བོད་ཀྱི་ལས་དོན་དེ་རྒྱ་ནག་ནང་ཁུལ་གྱི་གནད་དོན་ཞིག་ཡིན་སྟབས། ཕྱིའི་རྒྱལ་ཁབ་ཁག་གིས་ཐེ་ཇུས་བྱེད་པའི་ཐོབ་ཐང་མེད། ཏཱ་ལའི་བླ་མས་ཆོས་གོས་གྱོན་ནས་རྒྱལ་སྤྱིའི་སྡིངས་ཆའི་སྟེང་དུས་ཡུན་བོར་རྒྱ་ནག་ཁ་བྲལ་གཏོང་བའི་ལས་འགུལ་སྣེ་འཁྲིད་བྱེད་ཀྱིན་ཡོད་པ་རེད་ཅེས་བཤད་ཡོད་སྐོར་འཁོད་འདུག

གནས་ཚུལ་འདིའི་ནང་མུ་མཐུད་དུ། པེ་ཅིན་གཞུང་གི་འཁོན་ལན་ལ་ཞེད་དེ་ཕྱིའི་རྒྱལ་ཁབ་ཁག་གི་དབུ་ཁྲིད་ཚོ་༧གོང་ས་ཏཱ་ལའི་བླ་མར་མཇལ་འཕྲད་མཁན་ཇེ་ཉུང་ལ་འགྲོ་བཞིན་ཡོད། ཕྱི་ལོ་ ༢༠༡༢ ལོར་དབྱིན་ཇིའི་སྲིད་བློན་ཁ་མི་རོན་ (Cameron) ༧གོང་ས་ཏཱ་ལའི་བླ་མར་ཐུག་འཕྲད་བྱས་རྗེས། རྒྱ་ནག་གིས་དབྱིན་གཞུང་ལ་ངོ་རྒོལ་དང་གཞུང་འབྲེལ་སྐོར་སྐྱོད་ཕྱིར་འཐེན་བྱས་ཡོད་པ་དང་། དེ་ནས་ལོ་གསུམ་རྗེས་སུ་༧གོང་ས་ཏཱ་ལའི་བླ་མ་མཆོག་ཡང་བསྐྱར་དབྱིན་ཡུལ་དུ་སྐྱོད་སྐབས། སྐུ་ཞབས་ཁ་མི་རོན་ཁོང་དང་མཇལ་འཕྲད་གནང་རྒྱུར་གཡོལ་བ་རེད། ༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་དེ་ནི་དབྱིན་རྒྱ་གཉིས་བར་གྱི་ཚོང་འབྲེལ་ཐོག་གི་སེམས་ཁྲལ་ཞིག་ཆགས་པའི་དགོངས་ཚུལ་བཏོན་པ་རེད། ཡིན་ནའང་ཕོ་བྲང་དཀར་པོའི་ངོས་ནས་གནད་དོན་དེ་དག་ལ་མ་ལྟོས་པར། ཨ་རིའི་གཞུང་གི་དཔོན་རིགས་ཚོ་མུ་མཐུད་དུ་༧གོང་ས་ཏཱ་ལའི་བླ་མར་མཇལ་འཕྲད་གནང་བཞིན་ཡོད། སྐུ་ཞབས་ཨོ་བྷ་མས་སྲིད་དབང་འཁུར་ཡུན་རིང་ཁོ་རྒྱུ་མཚན་དུ་མའི་ཐོག་ནས་༧གོང་ས་ཏཱ་ལའི་བླ་མར་མཇལ་འཕྲད་གནང་ཡོད་པ་དང་། ལྷག་པར་དུ་ཕྱི་ལོ་ ༢༠༡༤ ནང་མཇལ་འཕྲད་གནང་བ་རེད། སྤྱིར་བཏང་གཞུང་ཐོག་ནས་སྲིད་འཛིན་ཨོ་བྷ་མ་དང་༧གོང་ས་ལ་ཏཱ་ལའི་བླ་མ་མཆོག་གཉིས་མཇལ་འཕྲད་གནང་མེད་ནའང་། ཕྱི་ལོ་ ༢༠༡༥ ལོར་རྒྱལ་ཝ་ཤིན་ཊོན་དུ་ཚུགས་པའི་རྒྱལ་ཡོངས་གསོལ་འདེབས་ཞོགས་ཟས་ (National Prayer Breakfast) སྟེང་ཁོང་རྣམ་པ་གཉིས་མཉམ་ཞུགས་གནང་ཡོད་པ་རེད། ཐེངས་སྔོན་མའི་ཐུག་འཕྲད་སྐབས། ཕོ་བྲང་དཀར་པོའི་པར་བ་མ་གཏོགས་རྒྱལ་སྤྱིའི་གསར་འགོད་པར་མཇལ་འཕྲད་སྐོར་གྱི་གནས་ཚུལ་དང་ཐ་ན་པར་ཡང་ལེན་དུ་བཅུག་མེད།

ཕོ་བྲང་དཀར་པོའི་གསར་འགོད་ཚོགས་དྲུང་ཨེར་ནེ་སི་ཊི་ (Earnest) ཡིས་སྐབས་དེའི་མཇལ་འཕྲད་ནི་གཞུང་འབྲེལ་མ་ཡིན་པའི་མཇལ་འཕྲད་ཅིག་ཡིན་པ་དང་། སྲིད་འཛིན་ཨོ་བྷ་མ་སྒེར་ངོས་ནས་༧གོང་ས་ཏཱ་ལའི་བླ་མ་དང་ཁོང་གི་གསུང་ཆོས་ལ་མོས་གུས་ཆེ་ཞིང་། སྲིད་འཛིན་ཨོ་བྷ་མས་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་། སྐད་ཡིག་རིག་གནས་མི་ཉམས་རྒྱུད་འཛིན་ཐད་རྒྱབ་སྐྱོར་གནང་གི་ཡོད་སྟབས། ཁོང་ཐེངས་འདིར་ཏཱ་ལའི་བླ་མ་དང་མཇལ་འཕྲད་གནང་བ་རེད།

དེ་སྔོན་༧གོང་ས་མཆོག་གི་སྐོར་སྐྱོད་སྐབས་སུ་ཨ་རིའི་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ལ་འགྱུར་བ་གང་ཡང་ཕྱིན་མེད་དེ། ཨ་རིའི་གཞུང་གིས་བོད་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆ་ཤས་ཡིན་པའི་སྲིད་ཇུས་རྒྱུན་འཁྱོངས་གནང་གི་ཡོད་པ་ལས། ཨ་རིའི་གཞུང་ནས་བོད་རང་བཙན་ལ་རྒྱབ་སྐྱོར་གནང་གི་མེད་སྐོར་བརྗོད་ཡོད་པ་རེད། ཅེས་སོགས་འཁོད་འདུག

དེ་རིང་ཡ་ཧོ་གསར་ལམ་དུ་ཐོན་པའི་གནས་ཚུལ་ཞིག་གི་ནང་། རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ལུ་ཁང་གིས་ཨ་རིའི་དབུ་ཁྲིད་ཚོས་བོད་རང་བཙན་ལ་རྒྱབ་སྐྱོར་བྱེད་ཀྱི་མེད་པ་དང་ཁ་བྲལ་བའི་ལས་འགུལ་ལ་རྒྱབ་སྐྱོར་གནང་གི་མེད་པ་སོགས་ལམ་ཁ་ག་རེ་ཐོག་ནས་ཏཱ་ལའི་བླ་མར་མཇལ་འཕྲད་བྱས་ནའང་། དེས་ཨ་རིའི་གཞུང་གིས་བོད་རྒྱ་ནག་གི་ཆ་ཤས་ཡིན་པའི་ཁ་དན་རྡོག་རོལ་བཏང་བ་རེད་ལ། དེས་ཨ་རྒྱའི་ཐུན་མོང་གི་ཁེ་ཕན་དང་མཉམ་ལས་ཐད་དོ་ཕོག་བཟོ་ངེས་རེད་ཅེས་དང་། ད་རེབ་ཀྱི་མཇལ་འཕྲད་འདི་ནི་༧གོང་ས་མཆོག་དང་སྲིད་འཛིན་ཨོ་བྷ་མ་རྣམ་གཉིས་བར་གྱི་མཇལ་འཕྲད་ཐེངས་བཞི་བ་དེ་ཆགས་ཀྱི་ཡོད་སྐོར་སོགས་འཁོད་འདུག

གསར་འགོད་པ། པདྨ་རྒྱལ་གྱིས་བསྒྱུར་སྒྲིག་བྱས།

འབྲེལ་ཡོད་གསར་འགྱུར།

Xi Jinping, left, and Kim Jong Un, right, pictured shaking hands in this photo released by Xinhua. Xie Huanchi/Xinhua/AP
Mobile App

ཞི་ཅིན་ཕིན་མི་ལོ་བདུན་གྱི་རྗེས་བྱང་ཀོ་རི་ཡར་ཕྱིན། 

ཆུ་ཚོད་ ༡༤ སྔོན་ལ།
བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཁྲིམས་རྩོད་པ་བྱམས་པ་དབང་ཕྱུག་ལགས་ཀྱིས་གསར་འགོད་པར་ལན་འདེབས་གནང་བཞིན་པ། ༢༠༢༦།༦།༩ དུས་བབ་གསར་ཁང་གི་པར།
Mobile App

 བལ་ཡུལ་གྱི་དགོན་སྡེ་ཁག་གཉིས་ཀྱི་གནད་དོན་ཐོག་སྔོན་འགྲོའི་ཉན་ཞིབ་འཚོགས།

༢༠༢༦/༠༦/༠༩
དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

༢༠༢༦/༠༦/༠༨
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༦/༠༨
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese