མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁྱི་སྨྱོན་གྱི་ནད་ཚས་གྲོངས་མཁན་མང་ཤོས་རྒྱ་གར་རེད་འདུག

བོད་ཀྱི་དུས་བབ།
༢༠༡༦/༠༩/༢༨
Share on FacebookShare on TwitterShare on EmailShare on Whatsapp

འཕྲོད་བསྟེན་དྲུང་ཆེ་སྦྲ་གཉིས་ཚེ་རྒྱལ་ལགས་ཀྱིས་ན་ནིང་གཅིག་པུར་འཛམ་གླིང་ནང་ཁྱི་སྨྱོན་གྱི་ན་ཚས་གྲོངས་མཁན་མི་གྲངས་ ༥༩༠༠༠ ཟིན་གྱི་ཡོད་པ་དང་། དེའི་བརྒྱ་ཆའི་མང་ཤོས་རྒྱ་གར་ཆགས་ཀྱི་ཡོད་སྟབས། ང་ཚོས་ཁྱི་སྨྱོན་གྱི་ནད་རིགས་སྔོན་འགོག་བྱེད་རྒྱུ་མཁྱེན་པ་གནང་དགོས་ཞེས་གསུངས་སོང་།

14409625_1091737817590309_5745876069125160861_oདེ་རིང་སྔ་དྲོའི་ཆུ་ཚོད་ ༡༠ ཐོག་དྷ་སར་ཡོད་པའི་བོད་ཀྱི་བདེ་རྩ་ཚོགས་པའི་དུད་འགྲོ་གཅེས་སྐྱོང་ཚན་པས་མི་མང་ལ་ཁྱི་སྨྱོན་གྱི་ནད་ཚ་སྔོན་འགོག་གི་གོ་རྟོགས་ཡོང་ཆེད་རྒྱལ་སྤྱིའི་ཁྱི་སྨྱོན་སྔོན་འགོག་གི་ཉིན་མོ་སྲུང་གཙི་གནང་སོང་བ་དང་། སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་དྲུང་ཆེ་སྦྲ་གཉིས་ཚེ་རྒྱལ་ལགས་དང་རྒྱ་གར་ས་གནས་སེམས་ཅན་འཕྲོད་བསྟེན་སྨན་ཁང་གི་སྨན་པ་ཨ་ཇེ་ (Ajay) ལགས། དེ་བཞིན་དྷ་ས་ས་གནས་མགོ་འཛིན་ཟླ་བ་རིན་ཆེན་ལགས་དང་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་ཨ་ཇེ་སེན་ (Ajay Singh) ལགས་ཀྱི་གཙོས་པའི་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་དང་དོ་སྣང་ཅན་གྱི་མི་མང་ཁག་ཅིག་བཅས་འཛོམས་འདུག

IMG_1091ཚོགས་ཐོག་ཏུ་བོད་ཀྱི་བདེ་རྩ་ཚོགས་པའི་འགན་འཛིན་ཚེ་རིང་དོན་འགྲུབ་ལགས་ཀྱིས། བདེ་རྩ་ཚོགས་པའི་དུད་འགྲོ་གཅེས་སྐྱོང་ཚན་པའི་ངོས་ནས་བོད་རིགས་རྒྱ་ཆེའི་མི་མང་ལ་ཁྱི་སྨྱོན་གྱི་ནད་ཚ་སྔོན་འགོག་གི་གོ་རྟོགས་ཡོང་ཆེད། དེ་རིང་རྒྱལ་སྤྱིའི་ཁྱི་སྨྱོན་གྱི་ནད་ཚ་སྔོན་འགོག་གི་ཉིན་མོ་སྲུང་གཙི་བྱས་པ་ཡིན་ལ། བདེ་རྩ་ཚོགས་པའི་དུད་འགྲོ་གཅེས་སྐྱོང་ཚན་པས་ཕྱི་ལོ་ ༢༠༠༦ ལོ་ནས་ད་ལྟའི་བར་ཁྱི་སྨྱོན་གྱི་ནད་ཚ་སྔོན་འགོག་ཆེད་དྷ་ས་ཁུལ་གཙོས་པའི་བོད་མི་འདུས་སྡོད་ས་གནས་ཁག་ཏུ་བདག་མེད་ཁྱི་ལྡོམ་ནད་ཚ་ཅན་ཁྱོན་ ༤༦༠༠ ལྷག་ལ་བདག་ཉར་སྨན་བཅོས་བྱས་ཡོད་པ་དང་། འགོག་ཁབ་བརྒྱབ་པའི་ཁྱི་ལྡོམ་ཁྱོན་ ༡༠༠༠༠ ལྷག་ཟིན་གྱི་ཡོད་སྐོར། དེ་བཞིན་བདེ་རྩ་ཚོགས་པའི་ངོས་ནས་བཙན་བྱོལ་བོད་མི་འདུས་སྡོད་ཁག་གི་ཁྱི་ལྡོམ་དང་དེའི་ནད་ཚའི་སྐོར་ལ་དོ་སྣང་དང་བདག་སྐྱོང་གནང་མཁན་དང་བླངས་ཞབས་ཞུ་བ་ཚོར་དམིགས་བསལ་<<བྱམས་བརྩེ་རྟགས་མ་>>ཞེས་པའི་གཟེངས་རྟགས་ཤིག་གོ་སྒྲིག་ཞུས་ཡོད་པ་ལྟར། ད་ལོའི་གཟེངས་རྟགས་དེ་ཨ་ནེ་བསོད་ནམས་ཚེ་རིང་ལགས་སུ་ཕུལ་ཡོད་སྐོར་བརྗོད་སོང་།

བདེ་རྩ་ཚོགས་པའི་འཕྲོད་བསྟེན་ཞབས་ཞུ་ཚན་པའི་སྨན་ཞབས་ཨ་ཅག་འཇིགས་མེད་ཆོས་སྐྱིད་ལགས་ནས། ཁྱི་སྨྱོན་གྱི་ནད་ཚ་དེ་སྔོན་འགོག་མ་ཐུབ་ཚེ། དེས་མིའི་ཚེ་སྲོག་འཕྲོག་པའི་ཉེན་ཁ་ཆེན་པོ་ཡོད་པ་དང་། ནད་ཚ་དེ་ནུ་གསོ་སེམས་ཅན་ཁྱི་དང་ཞི་མི། བ་གླང་། ནགས་ཚལ་གྱི་སེམས་ཅན་སྤྲེའུ་དང་ཁྱི་སྤྱང་། བྱ་མ་བྱི་སོགས་ཀྱི་སྡེར་མོ་དང་སོ་བརྒྱབ་པའི་རྨ་ཤུལ་དུ། ནད་གྱི་སྲིན་འབུ་དེ་མིའི་ཤ་ཁྲག་བརྒྱུད་ནས་ཀླད་པའི་ནང་འགྲོ་ཡི་ཡོད་པ་དང་། དེ་ཡང་ནད་ཚ་ཡོད་པའི་སེམས་ཅན་གྱི་ཕྱིའི་སྐྱི་པགས་ལས་འགོས་ཀྱི་མེད་པར་སེམས་ཅན་གྱི་མཆི་མ་ལས་འགོས་ཁྱབ་འབྱུང་གི་ཡོད་པ་དང་། དེའི་ནད་རྟགས་གཙོ་བོ་ཐོག་མར་ཚ་བ་རྒྱག་པ་དང་མགོ་ན་བ། མིད་པ་མི་བདེ་བ་དང་གཟུགས་པོ་ཉོབ་ཉོབ་ཆགས་པ། ནད་ཚ་དེའི་རིགས་འགོས་པའི་མི་དང་སེམས་ཅན་གང་ཡིན་ཡང་འགྲོ་འདུག་སྤྱོད་གསུམ་སྨྱོ་འཚབ་ཆེ་བ་དང་ཁ་ནས་མཆི་མ་མང་པོ་ཐོན་གྱི་ཡོད་པ་དང་། ནད་ཚ་དེའི་རིགས་སྔོན་འགོག་གི་ཐབས་ཤེས་གཙོ་བོ་སོ་སོའི་ཁྱིམ་གསོའི་སེམས་ཅན་ལ་འགོག་ཁབ་སྣ་ཁ་གསུམ་དེ་ངེས་པར་རྒྱག་དགོས་པ་དང་། ཁྱིམ་གསོའི་སེམས་ཅན་དེ་ཚོ་ཕྱིའི་སྲོག་ཆགས་དང་འབྲེལ་འདྲིས་ཉུང་དུ་གཏོང་རྒྱུ། རི་སྐྱེས་སེམས་ཅན་གྱི་ཉེ་སར་མི་འགྲོ་བ་དང་། ཁྱིམ་ཚང་སོ་སོའི་གད་སྙིགས་སྣོད་ཀྱི་ཁ་གཅོད་རྒྱག་པ། ཁྱིའི་ཟ་མར་བདག་ཉར་དང་གཙང་སྦྲ་བྱེད་པ། དེ་བཞིན་ནད་ཚ་ཅན་གྱི་སེམས་ཅན་གྱིས་སོ་བརྒྱབ་པ་ཡིན་ན། དེའི་རྨ་ཁ་ལེགས་པོར་བཀྲུས་རྗེས། རྨ་དཀྲིས་མི་རྒྱག་པར་ཉི་འོད་ཕོག་ཏུ་འཇུག་དགོས་པ་བཅས་ཡིན་སྐོར་བརྗོད་བྱུང་།

སྐུ་མགྲོན་གཙོ་བོ་འཕྲོད་བསྟེན་དྲུང་ཆེ་སྦྲ་གཉིས་ཚེ་རྒྱལ་ལགས་ཀྱིས། རྒྱལ་སྤྱིའི་ཁྱི་སྨྱོན་གྱི་ནད་རིགས་སྔོན་འགོག་གི་ཉིན་མོ་སྲུང་གཙི་བྱེད་པའི་དམིགས་ཡུལ་གཙོ་བོ་དེ་མང་ཚོགས་ནང་ནད་རིགས་དེ་སྔོན་འགོག་གི་གོ་རྟོགས་སྤེལ་ཆེད་ཡིན་པ་དང་། ཁྱི་སྨྱོན་གྱི་ནད་ཚ་དེ་ཧ་ཅང་ཚབས་ཆེན་ཡིན་པ་དང་། ནད་ཚ་དེའི་བརྒྱ་ཆ་ ༩༩ ཁྱི་ལས་འགོས་ཁྱབ་འབྱུང་གི་ཡོད་པ་དང་། ན་ནིང་གཅིག་པུར་འཛམ་གླིང་ནང་ཁྱི་སྨྱོན་གྱི་ནད་ཚས་གྲོངས་མཁན་མི་ ༥༩༠༠༠ ཟིན་གྱི་ཡོད་པ་དང་། དེའི་བརྒྱ་ཆའི་མང་ཤོས་རྒྱ་གར་ཆགས་ཀྱི་ཡོད་པ་དང་། ང་ཚོ་རྒྱ་གར་ནང་གནས་སྡོད་བྱས་ཡོད་སྟབས། ང་ཚོས་ནད་ཚ་དེའི་རིགས་སྔོན་འགོག་མ་བྱས་པ་ཡིན་ན། ནད་ཚ་དེ་འགས་ཚར་རྗེས་ཕལ་ཆེར་དྲག་སྐྱེད་ཡོང་ཐབས་མེད་པ་དང་། ང་ཚོ་བོད་མིའི་སྤྱི་ཚོགས་ནང་གོམས་གཤིས་ཟེར་ན་འདྲ། ང་ཚོར་འཕྲོད་བསྟེན་བདག་སྐྱོང་ཧ་ཅང་ཞན་པོ་ཡོད་པ་དང་། ཁྱི་སྨྱོན་གྱི་ནད་ཚ་དེ་ཡང་ང་ཚོའི་སྤྱི་ཚོགས་ཁོར་ཡུག་འཕྲོད་བསྟེན་གྱི་ཆ་ཤས་ཤིག་ཡིན་སྟབས། ང་ཚོས་སོ་སོའི་ཁྱིམ་གསོའི་སེམས་ཅན་ག་རེ་ཉར་གྱི་ཡོད་ནའང་། དེ་ལ་དུས་ཐོག་འགོག་ཁབ་རྒྱག་རྒྱུ་མཁྱེན་པ་གནང་དགོས་སྐོར་གསུངས་སོང་།

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

ཆུ་ཚོད་ ༢༢ སྔོན་ལ།
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

ཆུ་ཚོད་ ༢༣ སྔོན་ལ།
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese