མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ཡིག་ཤེས་མཁན་ཚོས་རྒྱ་རིགས་ཚོང་པའི་སྐད་སྒྱུར་བ་བྱས་ཏེ་བོད་མིའི་སྒྲིག་འཛུགས་ནང་ཡིག་ཚད་གཏོང་གི་མི་འདུག

བོད་ཀྱི་དུས་བབ།
༢༠༡༦/༠༩/༢༨
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་ ༨ པར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་ཕྱི་དྲིལ་ལས་ཁུངས་ཀྱི་ཁྱབ་ཁོངས་དང་བཅས་པའི་ཕྱི་ལོ་ ༢༠༡༥ དང་ ༢༠༡༦ ལོའི་ལོ་འཁོར་ལས་བསྡོམས་སྙན་སྒྲོན་ཞུས་བ་དང་། སྤྱི་འཐུས་བློ་བཟང་ཆོས་འབྱོར་ལགས་ཀྱིས་སྤྱི་འཐུས་རྒྱུན་ལས་ནས་ཕྱི་དྲིལ་གྱི་ལས་བསྡོམས་རྒྱས་པར་ཞིབ་འཇུག་གནང་བའི་སྙན་ཐོ་ཤོག་ངོས་ ༥ ཅན་ཞིག་སྙན་སྒྲོན་ཞུས་སོང་ལ། ཕྱི་དྲིལ་གྱི་ལོ་འཁོར་ལས་བསྡོམས་དང་སྤྱི་འཐུས་རྒྱུན་ལས་ཀྱི་ཞིབ་འཇུག་སྙན་ཐོར་སྤྱི་ཡོངས་ནས་བགྲོ་གླེང་གནང་དགོས་པའི་གཞུང་འབྲེལ་གྲོས་འཆར་ལ་སྤྱི་མོས་བྱུང་བ་ལྟར། སྤྱི་འཐུས་བཅུ་གྲངས་ཤིག་གིས་སོ་སོའི་དགོངས་ཚུལ་གསུངས་པ་དང་འབྲེལ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལ་དོགས་འདྲི་མང་པོ་ཞུས་སོང་བ་དང་། སྐབས་དེར་སྲིད་སྐྱོང་མཆོག་ནས་ལས་བྱེད་འདེམས་བསྐོ་ལྷན་ཁང་གིས་སྒྲིག་གཞི་ལག་བསྟར་བྱས་པ་དང་། རྒྱ་ཡིག་ཤེས་མཁན་མང་པོས་གླ་ཕོགས་མཐོ་བའི་ལས་ཀ་བྱས་ཏེ། བོད་མིའི་སྒྲིག་འཛུགས་ནང་ཡོང་འདོད་བྱེད་ཀྱི་མེད་པའི་རྐྱེན་གྱིས་ཕྱི་འབྲེལ་རྒྱ་ཡིག་སྡེ་ཚན་དུ་ལས་བྱེད་ལྔ་ཡི་ས་མིག་ཡོད་པའི་ནང་ནས་ས་མིག་གསུམ་སྟོང་པར་ལྷག་སྟེ་ལས་བྱེད་མ་རག་པའི་དཀའ་ངལ་འཕྲད་བཞིན་ཡོད་སྐོར་གསུངས་སོང་།

IMG_0152སྤྱི་འཐུས་རྣམ་པས་ཕྱི་འབྲེལ་རྒྱ་ཡིག་སྡེ་ཚན་ནང་ལས་བྱེད་མ་རག་པའི་དཀའ་ངལ་འཕྲད་ཀྱི་ཡོད་པའི་སྐོར་ལ་དགོངས་ཚུལ་གསུངས་སྐབས་སྤྱི་འཐུས་ཤིག་གིས། ད་ལྟའི་ཆར་ཕྱི་འབྲེལ་རྒྱ་ཡིག་སྡེ་ཚན་ནང་ལས་བྱེད་ཀྱི་ས་མིག་ལྔ་ཡོད་ཀྱང་། གསུམ་སྟོང་པར་ལྷག་བསྡད་ཡོད་པ་དང་། ས་མིག་གསུམ་དེ་སྐོང་ཆེད་ཡིག་ཚད་ཐེངས་ཁ་ཤས་བཏང་ཡོད་ཀྱང་། ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཡིག་ཚད་ཀྱི་བརྒྱ་ཆའི་ནང་བོད་ཡིག་ལ་བརྒྱ་ཆ་ ༥༠ དང་། རྒྱ་ཡིག་ལ་བརྒྱ་ཆ་ ༧༠ ཡིན་པ་དང་། དེ་སྔོན་ཡིག་ཚད་སྐབས་བོད་ཡིག་གི་བརྒྱ་ཆ་ཏོག་ཙམ་མ་ལོན་པའི་རྐྱེན་གྱིས་ལས་བྱེད་ནང་ཚུད་ཐུབ་མེད་སྟབས། མ་འོངས་པར་བོད་ཡིག་གི་བརྒྱ་ཆ་ ༤༠ ལྟ་བུར་དམའ་རུ་བཏང་བ་ཡིན་ན་ལས་བྱེད་རག་པར་ཕན་ཐོགས་ཡོད་སྐོར་དང་། གཞུང་ཞབས་ནང་རྒྱ་ཡིག་ཡག་པོ་ཡོད་མཁན་གཉིས་ཡོད་པ་དེར་ཡིག་ཚད་བཏང་སྟེ་གྲུབ་འབྲས་འབྲེལ་ཡོད་ལ་ཕུལ་ཡོད་ཀྱང་། ད་ལྟའི་བར་དུ་བཀའ་ལན་གང་ཡང་གནང་མེད་པ་དང་། ཕྱི་ནས་ལས་བྱེད་རག་རྒྱུ་ཁག་པོ་ཡོད་ཀྱང་ནང་ལོགས་ན་ཡོད་པའི་རྒྱ་ཡིག་ཤེས་མཁན་རྣམས་རྒྱ་ཡིག་སྡེ་ཚན་དང་སྲིད་བྱུས་ཉམས་ཞིབ་ཁང་གི་ནང་ཕྱག་ལས་གནང་དུ་འཇུག་དགོས་པ་གལ་ཆེན་ཡིན་སྐོར། དེ་བཞིན། སློབ་སྦྱངོ་ཆེད་ཐའེ་ཝན་ནང་ལས་བྱེད་གཏོང་བའི་ལས་གཞིའི་འོག སྒྲིག་གཞི་གཞིར་བཟུང་རྒྱ་སྐད་ཚིག་གཅིག་མི་ཤེས་པའི་ལས་བྱེད་གཉིས་ཐའེ་ཝན་དུ་བཏང་ཡོད་པ་དང་། རྒྱ་ཡིག་གི་རྨང་གཞི་གང་ཡང་མེད་པ་ཞིག་གིས་ལོ་གཉིས་ཀྱི་རྗེས་སུ་ཟ་སྐད་འཐུང་སྐད་ཙམ་མ་གཏོགས་རྒྱ་ཡིག་གི་ཐོག་ནས་ཕྱག་ལས་གནང་ཐུབ་རྒྱུ་ཁག་པོ་ཡིན་སྟབས། ཁྲིམས་དང་སྒྲིག་གཞི་གལ་ཆེན་པོ་ཡིན་ཡང་གཙོ་བོ་ང་རང་ཚོར་ཕན་ཐོགས་ཡོད་པ་ཞིག་གནང་རྒྱུ་གལ་ཆེན་པོ་ཡིན་པའི་དགོངས་ཚུལ་ཞུས་སོང་།

སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་རྒྱ་ཡིག་སྡེ་ཚན་གྱི་དཀའ་ངལ་སྐོར་ལ་གསལ་བཤད་བཀའ་ལན་གནང་དོན། སྔོན་མ་གྲོས་ཚོགས་ནས་སྒྲིག་གཞིར་འགྱུར་བ་བཏང་སྟེ་རྒྱ་སྐད་ཤེས་མཁན་ཡིན་ན། རྒྱ་སྐད་རང་གི་ཆེད་དུ་ལས་བྱེད་འདེམས་པའི་སྒྲིག་གཞི་བཟོས་ཡོད་ཀྱང་། འདེམས་བསྐོ་ལྷན་ཁང་གི་ཆ་རྐྱེན་ནང་རྒྱ་སྐད་ཁུངས་འཁྱོལ་བ་ཞིག་དགོས་པའི་ཐོག བོད་ཡིག་ངེས་པར་དུ་ཤེས་དགོས་པ་རེད་ཅེས་བོད་ཡིག་ལ་བརྒྱ་ཆ་ ༥༠ བཞག་ཡོད་སྟབས། རྒྱ་ཡིག་ཤེས་པའི་ཐོག་བོད་ཡིག་ཡག་པོ་ཤེས་མཁན་ཞིག་དགོས་ཀྱི་ཡོད་པ་དང་། དེ་སྔོན་ཡིག་ཚད་བཏང་ཡོད་ཀྱང་རྒྱ་ཡིག་ཚད་དང་ལྡན་པ་ཡོད་ནའང་བོད་ཡིག་གིས་ཁུངས་མ་འཁྱོལ་བར་བདམས་མ་ཐུབ་པ་བྱུང་ཡོད་པར་བརྟེན། འདེམས་བསྐོ་ལྷན་ཁང་དང་བཀའ་བསྡུར་གྱིས་འགྱུར་བ་བཏང་སྟེ་ད་ལྟ་རྒྱ་ཡིག་ལ་བརྒྱ་ཆ་ ༧༠ དང་། བོད་ཡིག་ལ་བརྒྱ་ཆ་ ༣༣ བྱས་ན་ཞེས་འབད་བརྩོན་གནང་བཞིན་ཡོད་ནའང་། རྒྱ་ཡིག་གཅིག་པུ་ཤེས་མཁན་ཡོད་ནའང་རྒྱ་ཡིག་རྐྱང་བའི་ཐོག་ནས་ཡིག་ཚད་བཏང་སྟེ་བདམས་འདུག་ཟེར་བ་ཞིག་ཆགས་ཀྱི་ཡོད་སྟབས། འགྲོ་སྟངས་འགྲོ་ལུགས་ཀྱི་ཐོག་ནས་བོད་ཡིག་གི་ཆ་རྐྱེན་དེ་ཡོད་སྐོར་འདེམས་བསྐོ་ལྷན་ཁང་གིས་འགྲེལ་བཤད་བསྐྱོན་ཏེ་བོད་ཡིག་གི་ཡིག་ཚད་དེ་གཏོང་གི་ཡོད་སྐོར་དང་། རྒྱ་ཡིག་སྡེ་ཚན་ལ་རྒྱ་ཡིག་ཤེས་མཁན་དགོས་ཀྱི་འདུག་ཅེས་ཐའེ་ཝན་དོན་གཅོད་ལ་མངགས་ནས་འབད་བརྩོན་གནང་སྟེ། ས་མིག་གཉིས་རག་སྟེ་ལོ་གཉིས་ལ་རྒྱ་ཡིག་སྦྱོང་དུ་འགྲོ་ཡི་ཡོད་པ་དང་། རྒྱ་ཡིག་སྦྱོང་དུ་འགྲོ་སྐབས་གསལ་བསྒྲགས་བཏང་སྟེ་ལས་བྱེད་ཡོངས་རྫོགས་ཀྱིས་དེའི་ནང་ཆ་ཤས་ལེན་ཆོག་གི་ཡོད་པ་དང་། ཆ་ཤས་བླངས་ཏེ་སུ་ཚུད་པ་ཡིན་ནའང་གཏོང་དགོས་ཀྱི་ཡོད་སྟབས། སྐབས་དེར་རྒྱ་ཡིག་གི་རྨང་གཞི་མེད་མཁན་གཉིས་ཚུད་པ་རེད། རྗེས་སུ་དྲིལ་བསྒྲགས་ལས་ཁུངས་རང་ལ་རྒྱ་ཡིག་ཤེས་མཁན་འདུག་དེ་ཚོ་བཏང་ན་ཞེས་བཀའ་ཤག་ལ་ལན་རྗེས་སུ་འབྱོར་ཡོད་པ་དང་། ད་ལྟ་འགྲོ་མཁན་ཕྱིན་ཚར་བ་རེད། མ་འོངས་པར་ལས་བྱེད་ལ་དབྱེ་འབྱེད་བྱེད་ཆོག་གི་མེད་ཀྱང་། ཐའེ་ཝན་དང་ཉི་ཧོང་སོགས་གང་ལ་འགྲོ་ཡི་ཡིན་ལབ་པ་ཡིན་ནའང་ཚང་མས་ཡིག་ཚད་གཏོང་ཆོག་གི་རེད་དེ། རྒྱ་ཡིག་གི་རྨང་གཞི་ཡོད་པ་དང་། ཡང་ན་ཉི་ཧོང་སྐད་ཀྱི་རྨང་གཞི་ཡོད་པ། དེ་བཞིན་སི་པིན་སྐད་སོགས་ཀྱི་རྨང་གཞི་ཡོད་པ་ཡིན་ན་བརྒྱ་ཆ་ ༡༠ ཡོད་ཅེས་ལབ་པ་ཡིན་ན། ང་ཚོས་དམིགས་བསལ་གྱི་ཐོབ་ཐང་ངམ་དམིགས་བསལ་གྱི་ཆ་རྐྱེན་ཞིག་སྦྱོར་ཐུབ་ཀྱི་རེད་བསམ་གྱི་འདུག ཅེས་གསུངས་སོང་།

ཡང་ཁོང་གིས། སྤྱི་ཡོངས་ནས་ཞུས་པ་ཡིན་ན། ཏཱ་ལའི་བླ་མ་མཐོ་སློབ་ནས་ལོ་གསུམ་རིང་རྒྱ་ཡིག་བསླབས་ཏེ་ད་ལོར་སློབ་མ་རྣམས་ཐོན་ཡོད་པ་དང་། སློབ་ཕྲུག་དེ་ཚོའི་ནང་རྒྱ་ཡིག་རྨང་གཞི་ཡག་པོ་ཡོད་མཁན་མང་པོ་འདུག ཁོང་ཚོར་ང་ཐུག་མྱོང་། རྒྱ་ཡིག་ཡག་པོ་ཡོད་མཁན་བོད་མིའི་སྒྲིག་འཛུགས་ནང་མེད་དོན་གཙོ་བོ་དེ་ང་ཚོས་འབད་བརྩོན་གནང་རྒྱུ་གཅིག་པུ་རེད་མི་འདུག གང་ཡིན་ཟེར་ན། ཉེ་བའི་ཆར་རྒྱ་གར་ནང་རྒྱ་རིགས་ཚོང་པ་མང་པོ་བསླེབས་ཏེ་ཚོང་རྒྱག་གི་ཡོད་སྟབས། རྒྱ་སྐད་དང་དབྱིན་སྐད་ཏོག་ཙམ་ཤེས་ཀྱི་ཡོད་ན། རྒྱ་རིགས་ཚོང་པ་དེ་ཚོའི་སྐད་སྒྱུར་བྱས་ཏེ་བོད་མིའི་སྒྲིག་འཛུགས་ནང་ཡིག་ཚད་གཏོང་བར་ཡོང་གི་མེད་པ་རེད། ཁོ་རང་ཚོར་ཟླ་ཕོགས་ཁྲི་བདུན་བརྒྱད་དང་འབུམ་གཅིག་དེ་འདྲ་རག་གི་ཡོད་ལ། ཁོང་ཚོ་མང་ཆེ་བ་བོད་ནས་ཕེབས་མཁན་ཡིན་པ་དང་། གཞི་རྩའི་གསར་དུ་འབྱོར་མཁན་ཚོར་ང་ཚོས་གཟིགས་རྟོག་བྱེད་དགོས་པ་གལ་ཆེན་པོ་ཞེ་དྲགས་རེད་དེ། རྒྱ་ཡིག་ཤེས་མཁན་འགའ་ཤས་ཀྱི་གནང་སྟངས་ལ་བལྟས་པ་ཡིན་ན། བོད་མིའི་སྒྲིག་འཛུགས་གཙོ་བོ་གཞིར་བཞག་པའི་ཐོག་ནས་ཞབས་ཞུ་ཞུ་དགོས་ཀྱི་ཡོད་ཀྱང་། ཕོགས་མཐོ་སར་བལྟས་ནས་འགྲོ་མཁན་ཡོང་གི་འདུག དེའི་རྐྱེན་གྱིས་ང་ཚོའི་རྒྱ་ཡིག་སྡེ་ཚན་ནང་ས་མིག་ཡོད་པ་ཡིན་ནའང་། ལས་བྱེད་མི་རག་དགོས་དོན་དེ་འདེམས་བསྐོ་ལྷན་ཁང་གིས་སྒྲིག་གཞི་ལག་བསྟར་བྱས་པ་དང་། རྒྱ་ཡིག་ཤེས་མཁན་མང་ཆེ་བ་གཞན་ལ་ལས་བྱེད་དུ་ཕེབས་པར་བརྟེན་དཀའ་ངལ་འཕྲད་པ་ཞིག་རེད་འདུག ཅེས་གསུངས་སོང་།

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་དུས་བབ་གསར་ཁང་གི་པར
Mobile App

དབུས་འོས་བསྡུ་ལས་ཁང་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་གཏུགས།

ཆུ་ཚོད་ ༡༧ སྔོན་ལ།
This photograph taken during a government-organized media tour shows a young boy standing near his house in Damxung county, in China’s Tibet Autonomous Region, in June 2021. (Photo: Hector Retamal/AFP)
Mobile App

འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གིས་རྒྱ་ནག་གིས་བོད་ཀྱི་སྐད་ཡིག་རྩ་མེད་གཏོང་ཐབས་བྱེད་བཞིན་པ་ཐེར་འདོན་གནང་། 

ཆུ་ཚོད་ ༢༡ སྔོན་ལ།
Tibetans in Nepal Advised not to Hold March 10 Rallies
Mobile App

ཨ་རིས་བལ་ཡུལ་ནང་གི་བོད་མི་སྐྱབས་བཅོལ་བར་ལྟ་རྟོག་དགོས་པའི་སྐུལ་མ་བྱས།

ཆུ་ཚོད་ ༢༤ སྔོན་ལ།
ཐའེ་ལན་ཌིའི་གསར་འགོད་པ་ཝུའུ་ཌི་མི་ལིན་ཊ་ཆིན་ཊ་(Woody Milintachinda) ལགས་ཀྱིས་སྣེ་འཁྲིད་པའི་ནང་པའི་ཚོགས་པ་ཐའེ་ལན་ཌི་ཝུའུ་ཌི་ཝོེ་ཌི་(Woody World Thailand ) ཡི་ཚོགས་མི་ ༢༠ ཡིས་༧གོང་ས་མཆོག་ལ་མཇལ་བཅར་ཞུས། ༢༠༢༦།༠༥།༤
༸གོང་ས་མཆོག གསར་འགྱུར།

ཐའེ་ལན་ཌི་དང་བོད་བར་གྱི་འབྲེལ་ལམ་དེ་ནི་འབྲེལ་མོལ་གྱིས་མཐུན་སྒྲིལ་ཡོང་བའི་དཔེ་མཚོན་ཡག་པོ་ཞིག་ཡིན་ཞེས་བཤད།

༢༠༢༦/༠༥/༠༤
gulf-insider
Mobile App

རྒྱ་ནག་འཛམ་གླིང་གི་གསར་འགོད་པ་བཙོན་འཇུག་བྱེད་མཁན་སྡུག་ཤོས་རེད་འདུག

༢༠༢༦/༠༥/༠༤
Mobile App

བོད་སློབ་གྲྭ་ཁག་ཏུ་ལུས་ཐོག་ཉེས་ཆད་གཏོང་རྒྱུ་ངེས་པར་དུ་མཚམས་འཇོག་གནང་དགོས།

༢༠༢༦/༠༥/༠༤

མཆན། 1

  1. གྲུ་གུ says:
    ལོ་ 10 སྔོན།

    བོད་གཞུང་ལ་རྒྱ་ཡིག་ལས་བྱེད་པ་རག་གི་མི་གདའ་ཟེར་བ་དེ་བདེན་པ་མ་རེད། ངའི་གྲོགས་པོ་གྲོགས་མོ་ཁ་ཤས་ལས་བྱེད་ནང་དུ་ཡོད་ལེ་རེད། ཁོང་རྣམས་པས་རྒྱ་ཡིག་ཤེས་ལེ་རེད། འོན་ཀྱང་ལས་གནས་འདྲ་མིན་ལ་བཞག་པ་ལས་རྒྱ་ཡིག་གི་ལས་ཀ་བྱེད་བཅུག་ཡོད་ས་མེད་གདའ། དཔེར་ན་འཕྲོད་བསྟེན་དང་། ཤེས་རིག ཕྱི་དྲིལ་སོགས་ནང་རྒྱ་ཡིག་ཤེས་མཁན་འགའ་ཤས་ཡོད་ཀྱང་ཁོང་ཚོར་ལས་ཀ་གཞན་དག་བསྐུལ་འདུག དཀའ་ངལ་ནང་ཁུལ་ནས་གསལ་ཐབས་བྱེད་མི་ཐུབ་པ་འདྲ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese