མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གྲྭ་པ་གཉིས་བཙན་འཁྲིད་བྱས་ཏེ་ཟླ་གཉིས་ལྷག་ཕྱིན།

བོད་ཀྱི་དུས་བབ།
༢༠༡༦/༡༠/༢༧
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གཞུང་གིས་མཛོད་དགེ་རྫོང་ཐང་སྐོར་སོག་ཚང་དགོན་པའི་དགེ་འདུན་པ་གཉིས་བཙན་འཁྲིད་བྱས་ཏེ་ཟླ་གཉིས་ལྷག་ཕྱིན་ཡོད་ཀྱང་གར་ཡོད་ཅི་བྱུང་ཙམ་ཡང་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད།

Untitled-1བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། འདི་ལོའི་ཕྱི་ཟླ་ ༨ པའི་ཚེས་ ༢༤ ཉིན་གྱི་མཚན་གུང་ཙམ་ལ། མཛོད་དགེ་རྫོང་ཐང་སྐོར་སོག་ཚང་དགོན་པའི་གྲྭ་གྲགས་པ་ལགས་དང་བློ་བཟང་ཤེས་རབ་ལགས་གཉིས་རང་ཤག་ཏུ་ཡོད་སྐབས། གློ་བུར་ཏུ་དྲག་ཆས་ཉེན་རྟོག་པ་ཡོང་སྟེ་རྒྱུ་མཚན་གང་ཡང་མ་བཤད་པར་ཁོང་གཉིས་བཙན་འཁྲིད་བྱས་ཡོད་པ་དང་། གྲྭ་བློ་བཟང་ཤེས་རབ་ལགས་འཛིན་བཟུང་བྱེད་སྐབས་ཁོང་གི་ཤག་རོགས་དགེ་འདུན་པ་ཞིག་ལ་འཇིགས་སྐུལ་བྱས་པ་མ་ཟད། གཅར་རྡུང་བཏང་སྟེ་རྨས་སྐྱོན་ཡང་བཟོས་ཡོད་འདུག

ཁོང་གཉིས་བཙན་འཁྲིད་བྱས་ཏེ་ཟླ་གཉིས་དང་ཉིན་འགའ་འགོར་བའི་རིང་ཁྱིམ་མི་ཚོས་རྩད་གཅོད་མང་པོ་བྱས་ཡོད་ཀྱང་། ཁོང་གཉིས་གང་དུ་ཡོད་མེད་དང་གནས་སྟངས་ག་འདྲ་ཡོད་པ་ཙམ་ཡང་ཤེས་རྟོགས་མ་ཐུབ་པར་ལྷག་ཡོད་པ་དང་། བརྒྱུད་ལམ་དུ་གནས་ཚུལ་ཐོན་པ་ལྟར་ན། རང་ལོ་ ༣༩ ཡིན་པའི་དགེ་འདུན་པ་གྲགས་པ་ལགས་སོག་ཚང་དགོན་གྱི་གཉེར་བ་ཡིན་ཞིང་། དེ་སྔོན་ཁྲིམས་དང་འགལ་བའི་གནས་ཚུལ་གང་ཡང་བྱུང་མྱོང་མེད་པ་དང་། དགེ་འདུན་པ་བློ་བཟང་ཤེས་རབ་ལགས་རང་ལོ་ ༣༥ དང་དགོན་པའི་ལས་བྱེད་ཅིག་ཡིན་འདུག

ཉེན་རྟོག་ཕྱོགས་ནས་ཁོང་གཉིས་འཛིན་བཟུང་བྱེད་དོན་ཅི་ཡིན་གསལ་བཤད་གང་ཡང་བྱས་མེད་ཀྱང་། དེ་སྔོན་ས་གནས་སྲིད་གཞུང་གིས་ཐང་སྐོར་གྲོང་རྡལ་གྱི་རྐ་བར་མ་སྡེ་བའི་ས་ཆ་བཙན་འཕྲོག་བྱས་པར་བརྟེན། ས་གནས་འབྲོག་པ་མང་ཚོགས་ཀྱིས་ཐེངས་མང་ཞུ་གཏུག་བྱས་པ་དང་། ཞི་བའི་ལས་འགུལ་སྤེལ་བའི་གནས་ཚུལ་རྣམས་ཕྱི་ཕྱོགས་སུ་བཏང་བའི་དོགས་གཞིའི་འོག ཁོང་གཉིས་བཙན་འཁྲིད་བྱས་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད་འདུག

དགེ་འདུན་པ་ཁོང་གཉིས་གར་ཡོད་ཅི་བྱུང་མེད་པར་གྱུར་བའི་གནད་དོན་ཐད་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས། དགེ་འདུན་པ་ཁོང་གཉིས་དང་ནང་མིའི་བར་ཐུག་འཕྲད་གང་ཡང་མེད་པའི་སྒོ་ནས་བཀག་ཉར་བྱེད་བཞིན་པའི་ངོ་བོ་འདི་ནི། དགེ་འདུན་པ་ཁོང་གཉིས་དྲག་རྡུང་དང་མནར་གཅོད་བཏང་ཡོད་པའི་དོགས་པ་དང་། ཡང་དེ་ནི་རྒྱ་གཞུང་གི་དྲག་ཆས་ཉེན་རྟོག་པས་དུས་རྒྱུན་བོད་མི་འཇུ་བཟུང་གིས་གསང་བའི་ཐོག་བཀག་ཉར་དང་ཁྲིམས་མཐུན་གྱི་བྱེད་བབ་ཁག་ཚང་མ་རྩིས་མེད་རྡོག་རོལ་བཏང་རྐྱང་བྱས་པའི་རྒྱུན་ལྡན་གྱི་བྱེད་བབ་ལྟ་བུ་ཆགས་ཡོད་ན། རྒྱ་གཞུང་གི་གོང་རིམ་དབང་ཡོད་མི་སྣར། དགེ་འདུན་པ་ཁོང་གཉིས་གང་དུ་བཀག་ཉར་བྱས་ཡོད་མེད་གསལ་ཁ་བཟོ་རྒྱུ་དང་། ནང་མི་རྣམས་ལ་ཁོང་གཉིས་ཀྱི་ལུས་སེམས་གཉིས་ཀྱི་གནས་སྟངས་ར་སྤྲོད་བྱེད་རྒྱུའི་འགན་དབང་ཡོད་པ་གསལ་འདེབས་དང་སྦྲགས། དགེ་འདུན་པ་ཁོང་གཉིས་འཇུ་བཟུང་བྱེད་དོན་གྱི་རྒྱུ་མཚན་ཡོངས་བསྒྲགས་གསལ་བཤད་དང་འབྲེལ་ནས་ཁྲིམས་ཁ་བརྒྱུད་ནས་ར་སྤྲོད་བྱེད་རྒྱུ་ལས། དེ་མུར་གང་ཡིན་འདི་ཡིན་མེད་པར་ཉར་འདུག་རྒྱུ་མཚམས་འཇོག་བྱེད་དགོས་པའི་འབོད་སྐུལ་ཞུ་ཡི་ཡོད། ཅེས་བརྗོད་འདུག

Untitled-12ཕྱི་ལོ་ ༢༠༡༠ ལོར་མཛོད་དགེ་རྫོང་ཐང་སྐོར་གྲོང་རྡལ་ས་གནས་སྲིད་གཞུང་གིས་མཁར་གྲོང་སྔོ་ལྗང་ཅན་དུ་བསྒྱུར་བ་ཞེས་པའི་ལས་གཞི་ལ་ཁ་གཡར་ཏེ། ཐང་སྐོར་གྲོང་རྡལ་རྐ་བར་མ་སྡེ་བའི་དུད་ཁྱིམ་ ༢༠ ལྷག་གི་ས་ཆ་བཙན་འཕྲོག་བྱས་ཡོད་སྟབས། ས་གནས་མང་ཚོགས་ཀྱིས་གོང་རིམ་ལ་གནད་དོན་དེ་ཐག་གཅོད་དགོས་པའི་རེ་སྐུལ་ཐེངས་མང་ཞུས་ཡོད་ཀྱང་། སྲིད་གཞུང་གིས་ཉིན་བཅོ་ལྔ་ཙམ་གྱི་ནང་ཐག་གཅོད་རྒྱུ་ཡིན་ལུགས་སོགས་བརྗོད་དེ་ནར་འགྱངས་དང་མུ་མཐུད་དུ་ཞུ་གཏུག་བྱེད་མི་ཆོག་པའི་འཇིགས་སྐུལ་སོགས་བྱས་ཡོད་པར་བརྟེན། འདས་ལོའི་ཕྱི་ཟླ་ ༡ ཚེས་ ༢༨ ཉིན། སི་ཁྲོན་ཞིང་ཆེན་མི་མང་འཐུས་མི་ཚོགས་ཆེན་དང་ཞིང་ཆེན་སྲིད་གྲོས་གཉིས་འཚོགས་བསྡད་ཡོད་པའི་སྐབས་དང་བསྟུན། ཚོགས་ཁང་ཕྱི་ལོགས་ཀྱི་གཞུང་ལམ་སྟེང་དུ་རྐ་བར་མ་སྡེ་བའི་ས་ཆ་འཕྲོག་པའི་དུད་ཁྱིམ་ ༢༠ ཡི་འཐུས་མི་ ༡༠ ཡིས། “སྲོག་ལ་བབ་ཀྱང་ས་ཆ་སྲུང་སྐྱོབ་བྱ་རྒྱུ་ཡིན། ཁྲིམས་འགལ་གྱིས་ས་ཆ་འཕྲོག་པར་ངོ་རྒོལ་བྱ་རྒྱུ་ཡིན།”ཞེས་པ་དང་། “ས་ཆ་བཙན་འཕྲོག་བྱས་པས་ང་ཚོ་རང་ཁྱིམ་ལ་ལོག་ས་མེད།” ཞེས་བྲིས་པའི་འཕྲེད་དར་འཕྱར་ཏེ་ངོ་རྒོལ་ཞུ་གཏུག་གི་ལས་འགུལ་སྤེལ་ཡོད་པ་དང་། སྐར་མ་བཅུ་ཙམ་ལས་མ་འགོར་བར་ཉེན་རྟོག་པ་མང་པོ་བསླེབས་ཏེ་ཞི་བའི་ལས་འགུལ་བ་རྣམས་བཙན་ཁྲིད་བྱས། ས་གནས་མང་ཚོགས་ཀྱིས་ཞུ་གཏུག་ཐེངས་མང་བྱས་པའི་ཁྲོད་རྒྱ་གཞུང་གིས་འཇིགས་སྐུལ་རིམ་པ་བྱས་ཏེ། སྔ་གཞུག་ཏུ་བོད་མི་མང་པོ་ཞིག་དུས་ཡུན་ངེས་མེད་ཀྱིས་འཛིན་བཟུང་བཀག་ཉར་བྱས་ཡོད་པ་མ་ཟད། སྤྱི་ཚོགས་ནང་ཟིང་ཆ་བསླངས་བའི་ཉེས་མིང་འོག་བོད་མི་བཞི་ལ་ལོ་ ༣ ནས་ ༢ བར་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese