མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྡོ་རྗེ་གདན་དུ་ཞལ་འདེབས་སློང་མཁན་མང་པོ་འདུག

བོད་ཀྱི་དུས་བབ།
༢༠༡༧/༠༡/༡༡
Share on FacebookShare on TwitterShare on EmailShare on Whatsapp

ཐེངས་འདིའི་རྡོ་རྗེ་གདན་གྱི་དུས་འཁོར་དབང་ཆེན་སྟེང་ཞལ་འདེབས་བསྡུ་སློང་བྱེད་མཁན་ཧ་ཅང་མང་པོ་འདུག་ཅིང་། དེ་དག་ནི་རྒྱ་བལ་གཉིས་ནང་གི་ཚོགས་པ་སྐྱིད་སྡུག་དང་དགོན་པ་སློབ་གྲྭ། མི་སྒེར་བ་སོགས་ཡིན་པ་དང་རོབ་རྩིས་བྱས་ན་ ༣༠༠ ཡས་མས་འདུག

IMG_6466

ཞལ་འདེབས་བསྡུ་སློང་བྱེད་མཁན་རྣམས་གསུང་ཆོས་ར་བའི་ཉེ་འཁོར་ཁྲོམ་གཞུང་དུ་མདུན་ཅོག་བང་བསྒྲིགས་ཏེ་བསྡད་འདུག་ལ། ཁོང་ཚོས་ཕྲེད་དར་དང་ངོ་སྤྲོད་ཡིག་ཆ། པར་རས་སོགས་ཞལ་འདེབས་ཀྱི་དགོས་དམིགས་འཁོད་པ་ལྟར་ན། བལ་ཡུལ་གྱི་ཞལ་འདེབས་སློང་མཁན་མང་ཆེ་བས་བལ་ཡུལ་ས་ཡོམ་ཁྲོད་གནོད་སྐྱོན་ཐེབས་པ་བསྐྱར་གསོའི་ཆེད་དུ་ཡིན་པ་དང་། དགོན་པ་གྲྭ་ཚང་ཁག་གི་མཚན་ཐོག་ནས་ཞལ་འདེབས་སློང་མཁན་ཚོས་དགོན་པའི་ལྷ་ཁང་དང་མཆོད་རྟེན་གསར་བཞེངས་དང་། ས་གནས་སེར་སྐྱ་མི་མང་ལ་སྨན་ཁང་གསར་རྒྱག་སོགས་ཀྱི་ཆེད་ཡིན་ཚུལ་བཀོད་འདུག དེ་བཞིན་སློབ་གྲྭ་དང་ཚོགས་སྐྱིད་མང་ཆེ་བས་ཉམ་ཐག་སློབ་མར་མཐུན་སྦྱོར་དང་སློབ་ཡོན་རོགས་སྐྱོར། མྱོས་རྫས་ཆང་རག་ངན་གོམས་བཅོས་ཐབས་སོགས་ཀྱི་ཆེད་ཡིན་སྐོར་འཁོད་འདུག

གསར་འགོད་པས་ཞལ་འདེབས་སློང་མཁན་ཁག་ཅིག་ལ་ཞལ་འདེབས་ག་རེ་བྱས་ནས་སློང་གི་ཡོད་པ་དང་། ཞལ་འདེབས་བསྡུ་སློང་གི་གནས་སྟངས་ག་འདྲ་ཆགས་ཀྱི་ཡོད་པ་འདྲི་སྐབས། ལྡི་ལི་ལ་ལི་ཀེ་ལའི་ཞལ་འདེབས་སློང་མཁན་པ་སངས་སྒྲོལ་མ་ལགས་ཀྱིས། ལ་ལི་ཀེ་ལའི་བོད་མིའི་ཁྲོམ་ས་ ༡༣༨ ལ་མེ་སྐྱོན་བྱུང་སྟེ་ཅ་ལག་གཅིག་ཀྱང་ལྷག་མེད་པ་དང་། ད་ལྟའི་ཆར་ཁྲོམ་ས་ ༤༠ ལྷག་བསྐྱར་གསོ་བྱུང་ཡོད་ཀྱང་ད་དུང་དཀའ་ངལ་དཔེ་ཆེན་པོ་ཡོད་པས་ཞལ་འདེབས་སློང་གི་ཡོད་པ་དང་། ཕྱོགས་མཐའ་ཁག་ནས་ཞལ་འདེབས་གནང་མཁན་མང་པོ་བྱུང་ཡོད་ཀྱང་ད་ལྟའི་ཆར་ལག་པའི་ནང་དངོས་སུ་མང་པོ་རག་མེད་སྟབས་ད་ལན་ཞལ་འདེབས་བསྡུ་ཡི་ཡོད་པ་དང་། མི་མང་ཆེ་བ་ཞིག་གིས་ས་གནས་དང་གཞུང་གི་ཞལ་འདེབས་བསྡུ་སློང་སྐབས་ཕུལ་ཚར་ཡིན་ཞེས་བརྗོད་དེ་ཞལ་འདེབས་ཞེ་དྲགས་རག་གི་མེད་སྐོར་བརྗོད་བྱུང་།

བལ་བོད་ས་མཚམས་སུ་སྒེར་གཉེར་སློབ་གྲྭ་རྒྱག་མཁན་ཡོན་ཏན་རྒྱ་མཚོ་ལགས་ཀྱིས། ཁོང་གིས་དོལ་བོ་རུ་སློབ་གྲྭ་ཞིག་བརྒྱབ་ཡོད་པ་དང་། རླངས་འཁོར་བགྲོད་ལམ་མེད་པས་ཅ་དངོས་སྐྱེལ་འདྲེན་དང་སློབ་མ་ཚོར་སློབ་སྦྱོང་གི་ཡོ་ཆས་མཁོ་སྤྲོད་བྱེད་པར་འགྲོ་སོང་ཧ་ཅང་ཆེན་པོ་ཡིན་པས་ཞལ་འདེབས་བསྡུ་སློང་བྱེད་བཞིན་ཡོད་པ་དང་། ཕྱི་ལོ་ ༢༠༡༢ ལོའི་དུས་འཁོར་དབང་ཆེན་སྐབས་སུ་ཞལ་འདེབས་ཧིན་སྒོར་འབུམ་གཉིས་གསུམ་ཞིག་རག་སྟེ་ཕན་ཐོགས་ཞེ་དྲགས་བྱུང་ཡོད་པ་དང་། ད་ལན་ཞལ་འདེབས་སློང་སྟེ་ཉི་མ་གང་འཚམ་འགྲོ་ཚར་ཡོད་ཀྱང་ཞལ་འདེབས་དེ་ཙམ་ཡག་པོ་རག་གི་མེད་སྐོར་དང་། ཁོང་གིས་ཕྱི་ལོ་ ༢༠༠༨ ལོར་སློབ་གྲྭ་དེ་གསར་དུ་བཙུགས་ཡོད་པ་དང་། ད་ལྟའི་ཆར་སློབ་གྲྭའི་ནང་ཕ་མ་མེད་པའི་དྭ་ཕྲུག་དང་ཉམ་ཐག་སློབ་མ་ ༤༢ ཡོད་ལ། ས་ཆ་ཁུག་ཀྱོག་དང་དཔལ་འབྱོར་གནས་སྟངས་སྐྱོ་བོ་ཡིན་སྟབས། སློབ་གྲྭ་བརྒྱབ་ནས་ལོ་ ༨ འགྲོ་བཞིན་ཡོད་ཀྱང་སྦྱིན་བདག་རག་མེད་སྐོར་སོགས་བརྗོད་བྱུང་།

བལ་ཡུལ་གྱི་དགོན་པ་ཞིག་གི་ཞལ་འདེབས་བསྡུ་སློང་བ་གྲྭ་བ་ཞིག་གིས། ཕྱི་ལོ་ ༢༠༡༥ ལོར་བལ་ཡུལ་ནང་ས་ཡོམ་ཧ་ཆེན་པོ་བྱུང་བ་དེས། ང་ཚོའི་དགོན་པའི་ལྷ་ཁང་དང་གྲྭ་ཤག་སོགས་ལ་ཞིག་སྐྱོན་ཆེན་པོ་བཟོས་ཡོད་པ་དང་། འདས་པའི་ལོ་ངོ་གཉིས་མ་ཟིན་ཙམ་རིང་བསྐྱར་གསོ་ཡོང་ཐབས་སུ་ཕྱོགས་གང་སར་ཞལ་འདེབས་བསྡུ་སློང་བྱས་ཡོད་ཀྱང་ད་དུང་ཞིག་གསོ་བྱེད་པའི་སྒོར་མོ་འདང་ངེས་མེད་སྟབས། ཐེངས་འདིའི་དུས་འཁོར་དབང་ཆེན་དང་བསྟུན་ཏེ། ཞལ་འདེབས་བསྡུ་སློང་བྱེད་བཞིན་ཡོད་པ་དང་། ཉིན་རེར་ཆ་སྙོམས་བྱས་ན་ཧིན་སྒོར་ ༤༠༠༠ མ་ཟིན་རེ་ཡོང་གི་ཡོད་སྐོར་བརྗོད་བྱུང་།

ཝར་ཎཱ་མཐོ་སློབ་ཀྱི་ཞལ་འདེབས་བསྡུ་སློང་བ་བྱམས་པ་ལྷུན་འགྲུབ་ལགས་ཀྱིས། ཝར་ཎའི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ནས་དུས་འཁོར་ཆེན་ལྟ་བུའི་མི་མང་འབོར་ཆེན་འདུ་སྐབས་ཞལ་འདེབས་སློང་གི་ཡོད་པ་དང་། ཞལ་འདེབས་སློང་བའི་དམིགས་ཡུལ་དང་དཀའ་ངལ་གཙོ་བོ་གསུམ་ཡོད་པའི་དང་པོ་ནི། ཝར་ཎཱ་མཐོ་སློབ་ནང་བོད་ནང་དང་ཧི་མ་ལ་ཡའི་རི་རྒྱུད་སོགས་ས་ཆ་གང་ས་ནས་ཡོང་བའི་སློབ་ཕྲུག་ ༤༠༠ ལྷག་ཡོད་པ་དང་། ཁོང་ཚོའི་ཁྱིམ་མི་ཐག་རིང་པོར་ཡོད་དུས་གྱོན་གོས་ཉོ་བ་སོགས་ཀྱི་འགྲོ་སོང་ཐོག་དཀའ་ངལ་ཏོག་ཙམ་ཡོད་མཁན་མང་པོ་ཡོད་པ་དང་། དེ་བཞིན་ཛ་དྲག་ཆགས་པའི་སློབ་མ་ནད་པར་སྨན་བཅོས་དང་། ཚེས་བཟང་དུས་བཟང་དང་བླ་མ་བླ་ཆེན་གྱི་འདས་མཆོད་སྐབས་ཚོགས་ཚོགས་པ་སོགས་ལ་འགྲོ་སོང་གཏོང་ཆེད་དང་། ཆོས་བརྒྱུད་རིས་མེད་ཀྱི་སློབ་མ་ཚོར་ནང་ཆོས་དང་བརྡ་སྤྲོད་སྐོར་གྱི་ཕྱག་དཔེ་པར་སྐྲུན་བཅས་ཀྱི་ཆེད་དུ་ཆོས་བརྒྱུད་སོ་སོའི་རྒན་བདག་རྣམ་པས་ཞལ་འདེབས་སློང་བཞིན་ཡོད་པ་དང་། ཉིན་ཤས་སྔོན་དུ་ཉིན་རེར་ཞལ་འདེབས་ཧིན་སྒོར་ཉིས་སྟོང་སུམ་སྟོང་ཙམ་རེ་རེག་གི་ཡོད་པ་དང་། ད་ལྟ་མི་མང་དུ་ཕྱིན་ཡོད་སྟབས་ཞལ་འདེབས་ཀྱང་ཅུང་མང་དུ་ཕྱིན་ཡོད་སྐོར་བརྗོད་བྱུང་།

གནས་མཆོག་རྡོ་རྗེ་གདན་ནས་པདྨ་མཚོས།

 

འབྲེལ་ཡོད་གསར་འགྱུར།

A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

ཆུ་ཚོད་ ༢༣ སྔོན་ལ།
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

ཆུ་ཚོད་ ༢༣ སྔོན་ལ།
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡
དྷ་ས་ནས་ལྡི་ལི་བར་གྱི་ཞྭ་མོ་ནག་པོའི་གོམ་བགྲོད་ཀྱི་ལས་འགུལ་བ། ༢༠༢༦།༠༣།༣༡ དུས་བབ་ཀྱི་པར།
Mobile App

དྷ་རམ་ས་ལ་ནས་ལྡི་ལི་བར་ཞྭ་མོ་ནག་པོའི་གོམ་བགྲོད་མགོ་འཛུགས་གནང་།

༢༠༢༦/༠༣/༣༡
The new government led by Prime Minister Balendra Shah unveiled an ambitious 100-point work plan on Saturday, a signal of a break from the slow, plodding pace of past administrations. PHOTO: THE KATHMANDU POST
Mobile App

བལ་ཡུལ་གྱི་སྲིད་གཞུང་གསར་པའི་བསྒྱུར་བཅོས་དོན་ཚན་ ༡༠༠ ལག་བསྟར་བྱེད་ཀྱི་ཡོད་འདུག

༢༠༢༦/༠༣/༣༡

མཆན། 10

  1. གཞུང་པ་ཚེ་དབང་བསོད་ནམས་ says:
    ལོ་ 9 སྔོན།

    གནས་ས་ཞལ་འདེབས་ཕུལ་ཐུབ་་ན་ག།ནས་མཇལ་ལ་ཕེབས་པའི་དོན་ཆེན་འགྲུབ་
    པ་རེད་།
    དགེ་བ་གསོ་ས་དང་སྡིག་པ་སྦྱོང་ས་གནས་རེད།

    Reply
  2. མིག་དམར། says:
    ལོ་ 9 སྔོན།

    བོད་ནང་གི་རང་ལུས་མེར་སྲེག་གནང་མཁན་དང་། ཆབ་སྲིད་བཙོན་པ་ཚོའི་པར་བེད་སྤྱོད་བཏང་ནས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཚོས་ཞལ་འདེབས་སློང་གི་འདུག

    Reply
  3. བློ་དར། says:
    ལོ་ 9 སྔོན།

    དུས་བབ་ཀྱིས་འདིའི་སྐོར་གྱི་གསར་འགྱུར་ཞིག་སྤེལ་བ་ཐུགས་རྗེ་ཆེ། རྡ་རམ་ས་ལའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དེ་ཚོས་ཞལ་འདེབས་བསྡུས་ཏེ་ཞབས་འདྲེན་ཞུ་བཞིན་འདུག གཞོན་ནུ་ཚོགས་པ་དང་བུད་མེད་ཚོགས་པའི་སྤྱི་ཚོགས་ཞབས་ཞུ་ཡིན་ཟེར་བཞིན་ཞལ་འདེབས་སློང་བ་མ་ཙམ་ཡིན་པར་ཆོས་ཞུ་བ་ཚོའི་ལག་ནས་འཕྲོག་པ་དང་གཅིག་པ་བྱེད་ཀྱིན་འདུག

    Reply
  4. འབྲོང་བུ་སོག་ཚ། says:
    ལོ་ 9 སྔོན།

    གཞི་གང་དུ་བོད་པ་འདུ་འཛོམས་ཡོད་སར། ཞལ་འདེབས་བསྡུ་མཁན་ཡོད་པའི་ཁྱབ། དེ་བོད་ཀྱི་ཁྱད་ཆོས་ཡིན་པའི་ཕྱིར།

    Reply
  5. ཡར་ཀླུང་པ། says:
    ལོ་ 9 སྔོན།

    གཞོན་ནུ་ཚོགས་པའི་སྤྱི་ཚོགས་ཞབས་ཞུ་དེ་ཧ་ལས་པའི་ཡག་པོ་འདུག་ཀྱང་ཞལ་འདེབས་ཕོན་ཆེན་པོ་ཞེ་དྲག་བསྡུ་བཞིན་འདུག་པ་ཁྱོན་ནས་ཡག་པོ་མི་འདུག་ཏོ།

    Reply
  6. གཡུ་སྒང་དགེ་འདུན། says:
    ལོ་ 9 སྔོན།

    བུད་མེད་ཚོགས་པས་གསུང་ཆོས་གསུང་སར་ཁ་ལག་དང་ཇ་བཙོང་བ་དེ་ཞབས་འདྲེན་རེད།

    Reply
  7. བསྟན་འཛིན། says:
    ལོ་ 9 སྔོན།

    ཆིག་སྒྲིལ་དང་གསར་གསར་གཏོད། རང་ཁ་རང་གསོ་གསུམ་གྱི་སློབ་གསོ་མ་ཐེབས་པའི་ཉེར་ལེན་ལ་བརྟེན་ཏེ་བྱུང་བ་རེད།

    Reply
  8. ཐུབ་བསྟན་ཡར་འཕེལ། says:
    ལོ་ 9 སྔོན།

    དབང་གསུང་བཞིན་པའི་སྐབས་སུ་གསུང་ཆོས་ར་བའི་ནང་དུའང་ཤོག་སྒམ་འཁྱེར་ནས་ཞལ་འདེབས་བསྡུ་བཞིན་འདུག ངོ་མ་ཞབས་འདྲེན་རེད།

    Reply
  9. དབང་ཕྱུག says:
    ལོ་ 9 སྔོན།

    དགོན་པ་དང་སློབ་གྲྭའི་ཞལ་འདེབས་སློང་མཁན་རྣམས་ལ་ཅི་ཁག ང་རང་གིས་བསམ་ན་ཞལ་འདེབས་སློང་ན་འགྲིག་གི་རེད་བསམ། ཡིན་ནའང་གཞོན་ནུ་དང་བུད་མེད་སོགས་རྡ་རི་ས་ལའི་ཆབ་སྲིད་ཚོགས་པ་དེ་དག་གིས་ཀྱང་སྤྱི་ཚོགས་ཞབས་ཞུའི་མིང་ཐོག་ནས་ཞལ་འདེབས་ཤུགས་ཆེན་པོ་སློང་བཞིན་པ་དེ་དག་ཁྱོན་ནས་ཡག་པོ་མ་རེད། མཐར་དེད་ན་མང་ཚོགས་ལ་མགོ་སྐོར་ལྟ་བུ་ཞིག་ཀྱང་ཆགས་ཀྱིན་འདུག

    Reply
  10. ལྷ་བཟང་། says:
    ལོ་ 9 སྔོན།

    གསར་འགོད་པ་ངོ་མ་ཞིག་གི་གསར་འགྱུར་སྤེལ་འདུག དུས་འཁོར་དབང་ཆེན་སྟེང་གི་གནས་ཚུལ་ཆེ་ཤོས་ཟེར་ན་འདྲ་མང་ཤོས་ཟེར་ན་འདྲ་ཞལ་འདེབས་སློང་བསྡུ་མཁན་དེ་དག་ཆགས་ཡོད་ཀྱང་བོད་ཀྱི་དུས་བབ་མ་གཏོགས་བོད་པའི་གསར་འགྱུར་གཅིག་གི་ནང་དུའང་སྤེལ་མ་སོང་བས་བོད་པའི་གསར་འགོད་པ་ཚོར་གསར་འགྱུར་ཆེད་སྦྱོང་མེད་པའི་རྟགས་མཚན་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese