མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གཞུང་གིས་འབྲོག་ལམ་ཁུལ་གྱི་བདག་དབང་མུ་མཐུད་རྩོད་ཀྱི་འདུག

བོད་ཀྱི་དུས་བབ།
༢༠༡༧/༡༠/༠༧
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་ཕྱོགས་ནས་འབྲོག་ལམ་ཁུལ་གྱི་མཐའ་སྲུང་དམག་མི་ཕྱིར་འཐེན་མ་བྱས་པར་མུ་མཐུད་ཁུལ་དེའི་བདག་དབང་རྩོད་ལེན་བྱེད་ཀྱི་ཡོད་འདུག

དེ་རིང་རྒྱ་ནག་ལྷོ་རྒྱུད་ཞོགས་པའི་ཆ་འཕྲིན་གྱིས་གནས་ཚུལ་སྤེལ་བ་ལྟར་ན། ད་ཆར་རྒྱ་ནག་གི་མཐའ་སྲུང་དམག་མི་ཆིག་སྟོང་ལྷག་གིས་འབྲོག་ལམ་མཐའ་ཁུལ་གྱི་གཞུང་ལམ་མུ་མཐུད་འཛུགས་སྐྲུན་བྱེད་བཞིན་ཡོད་པ་དང་། རྒྱ་ནག་དམག་དོན་ཆེད་མཁས་པ་ཀྲུའུ་ཆིན་མིན་ (Zhou Chenming) ཟེར་བ་ཞིག་གིས། འབྲོག་ལམ་མཐའ་ཁུལ་དང་མི་རིང་བའི་སར་རྒྱ་ནག་མཐའ་སྲུང་དམག་མི་བརྒྱ་ཕྲག་མང་པོའི་དམག་སྒར་ཡོད་ལ། མཐའ་སྲུང་དམག་གི་ལས་འགན་གཙོ་བོ་དེ་དགུན་དུས་ཀྱི་ཁ་བ་མ་བབ་སྔོན་ལ་མཐའ་ཁུལ་གྱི་གཞུང་ལམ་འཛུགས་སྐྲུན་བྱེད་པ་དེ་རེད། ཅེས་བརྗོད་འདུག

རྒྱ་ནག་ནུབ་དགེ་འོས་སློབ་ཆེན་ (CWNU) གྱི་ལྷོ་ཨེ་ཤ་ཡའི་ལས་དོན་ཆེད་ལས་ཞིབ་འཇུག་པ་ལིང་ཞིན་ཁྲུན་ (Long Xingchun) གྱིས་བཤད་རྒྱུར། ཉེ་ལམ་པེ་ཅིན་གཞུང་གིས་ལྡི་ལི་གཞུང་དང་ལྷན་དུ་འབྲོག་ལམ་མཐའ་ཁུལ་གྱི་གཞུང་ལམ་འཛུགས་སྐྲུན་ལས་གཞི་དེ་གནས་སྐབས་ཕྱིར་འཐེན་བྱ་རྒྱུར་མོས་མཐུན་བྱུང་ཡོད་ནའང་། མཐའ་སྲུང་དམག་དཔུང་ཕྱིར་འཐེན་བྱ་རྒྱུར་ངོས་ལེན་བྱས་མེད་པ་མ་ཟད། པེ་ཅིན་གཞུང་གིས་མཐའ་ཁུལ་དེའི་བདག་དབང་རྩེད་ལེན་གྱིས་མཐའ་སྲུང་དམག་གིས་མུ་མཐུད་འབྲོག་ལམ་ཁུལ་དུ་ལྟ་སྲུང་བྱ་སྲིད། ཡིན་ནའང་མཐའ་སྲུང་དམག་གི་གྲངས་འབོར་ལ་འགྱུར་བ་འགྲོ་སྲིད་པ་རེད། ཅེས་ཟེར།

ཟླ་འདིའི་ཚེས་ ༥ ཉིན་རྒྱ་གར་མཁའ་དམག་གི་དམག་སྤྱི་དྷ་ནཱོ་ (B.S Dhanoa) ཟེར་བ་ཞིག་གིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ། རྒྱ་ནག་གི་མཐའ་སྲུང་དམག་དཔུང་འབྲོག་ལམ་མཐའ་ཁུལ་གྱི་ཆུ་འབི་ལུང་ (Chumbi Valley) དུ་གཏན་སྡོད་བྱས་ཡོད་པས། མི་འགྱང་བར་དམག་དཔུང་དེ་ཕྱིར་འཐེན་བྱ་བའི་རེ་བ་ཡོད། ཅེས་བརྗོད་ཅིང་། སེང་གྷ་པོར་དགེ་འོས་སློབ་ཆེན་གྱི་ལྷོ་ཨེ་ཤ་ཡ་ཞིབ་འཇུག་ལྟེ་གནས་ཁང་གི་ཉམས་ཞིབ་པ་ཆཱ་ཊུར་ཝི་ཌེ་ (Chaturvedy) ཟེར་བ་ཞིག་གིས། འབྲོག་ལམ་མཐའ་ཁུལ་ནས་མི་ཊར་བརྒྱ་ལྷག་གི་སར་རྒྱ་ནག་གི་དམག་དཔུང་གཏན་སྡོད་བྱས་ཡོད་པ་མ་ཟད། ཁོ་ཚོས་མུ་མཐུད་མཐའ་ཁུལ་དེའི་གཞུང་ལམ་གྱི་རྒྱ་ཇེ་ཆེར་གཏོང་བ་དང་མཐའ་ཁུལ་དུ་མྱུལ་ཞིབ་བྱེད་བཞིན་འདུག ད་ལོའི་དགུན་དུས་བར་མཐའ་སྲུང་དམག་དཔུང་ཕྱིར་འཐེན་བྱ་འཆར་མི་འདུག ཡིན་ནའང་། རྒྱ་ནག་དམར་ཤོག་ཚོགས་ཆེན་འཚོགས་ལ་ཉེ་བའི་སྐབས་འདིར། རྒྱ་ནག་གི་མཐའ་སྲུང་དམག་དཔུང་གིས་འབྲོག་ལམ་དུ་འཁྲུག་རྩོད་སློང་གི་མ་རེད་བསམ་གྱི་འདུག ཅེས་བརྗོད་འདུག

ཕྱི་ཟླ་ ༩ ཚེས་ ༥ ཉིན་རྒྱ་ནག་ཞཱ་མིན་ (Xiamen) གྲོང་ཁྱེར་ནང་རྒྱལ་ཁབ་ལྔ་ཡི་རྒྱལ་དོན་གྲོས་མོལ་ཚོགས་ཆེན་ཐེངས་ ༩ པ་ཚོགས་སྐབས། རྒྱ་གར་སྲིད་བློན་མོ་ཌེ་དང་རྒྱ་ནག་སྲིད་འཛིན་ཞི་ཅིན་ཕིན་གཉིས་ཚོགས་ཆེན་ཟུར་དུ་ཐུག་འཕྲད་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་ཡར་རྒྱས་གཏོང་དགོས་སྐོར་བཤད་ཡོད་པ་དང་། ཚོགས་ཆེན་དེའི་སྔོན་ལ་ཕྱོགས་གཉིས་ཀྱི་ཕྱི་འབྲེལ་མི་སྣ་ཁག་ཅིག་ཐུག་འཕྲད་ཀྱིས་འབྲོག་ལམ་མཐའ་ཁུལ་གྱི་རྩོད་གླེང་གནས་སྐབས་ཞི་འཇགས་བཟོས་ཡོད་པ་རེད། རྒྱལ་སྤྱིའི་སྲིད་དོན་དབྱེ་ཞིབ་པ་ཚོས་དེ་ནི་རྒྱ་ནག་གཞུང་གིས་རྒྱལ་ཁབ་ལྔ་ཡི་རྒྱལ་དོན་གྲོས་མོལ་ཚོགས་ཆེན་ཐེངས་དགུ་པ་བདེ་ལེགས་ངང་འཚོགས་ཐབས་ཁོ་ནར་དམིགས་པ་ཞིག་ཡིན་སྐོར་བཤད་ཡོད་པ་རེད།

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

ཆུ་ཚོད་ ༡༥ སྔོན་ལ།
Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

༢༠༢༦/༠༢/༠༡
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠
གསར་འགྱུར།

འབའ་ཁྲི་བློ་བཟང་ལུང་རིགས་ལགས་འཛིན་བཟུང་བྱས་འདུག

༢༠༢༦/༠༡/༣༠
གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཞེ་ཆེན་དགོན་དུ་ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་པ། ༢༠༢༥།༡།༢༩ དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག 

༢༠༢༦/༠༡/༢༩
British Prime Minister Keir Starmer with Chinese President Xi Jinping. Image source - X/@EuroPostAgency
གསར་འགྱུར།

བོད་ནང་གི་བཅའ་སྡོད་སློབ་གྲྭའི་ལམ་ལུགས་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུ་ཡིག་ཕུལ།

༢༠༢༦/༠༡/༢༨

མཆན། 3

  1. རྒྱུད་གྲྭ་བློ་བཟང་དབང་འདུས། says:
    ལོ་ 8 སྔོན།

    ངས་ཅག་བོད་པ་ཚོ། ངེས་པར་དུ་བློ་ལ་འཇག་རྒྱུ།
    God is origin of Religions (Dharma). According History is also Origin of the Nation. So History is God. Then Tibet is part of History. And Himalaya is also part of History. Not India ?? Not China ??
    History is History. Very old and … Naturally history is unchangeability. So, now new history is Indo-China Scrabble Tibet. Wao…
    भगवान है धार्मिक का उत्पत्ति। जैसा इतिहास है राष्ट्र का मूल या उत्पत्ति।
    तो इतिहास है भगवान। तब, तिब्बत है इतिहास का भाग।और, हिमालय भी इतिहास का हिस्सा या भाग। न भारत।?? न चीन।??
    इतिहास है इतिहास। बहुत पुरानी और… स्वाभाविक रूप से इतिहास अविभाज्यता है। इसलिए, अब ये दिन नया इतिहास इंडो-चीन तिब्बत को तोहफे करते हैं। अनगिनत रूप से नया इतिहास। वाह वाह।
    上帝是宗教的起源. 根据历史也是国家的起源. 所以,历史是神. 那么西藏是历史的一部分. 喜马拉雅山也是历史的一部分. 不是印度 ?? 不是中国 ??
    历史是历史. 耆 和… 自然的历史是不可改变的. 所以,现在这些日子,新西兰中印争夺西藏. 令人难忘的新历史. 哈哈

    Reply
  2. Rocklion says:
    ལོ་ 8 སྔོན།

    སེམས་གཏམ་དམར་པོ།རྒྱ་དཀར་ནག་གཉིས་ཞི་བདེ་ཡོང་ན་བོད་ལ་ནམ་ཡང་ཉི་མ་མི་ཤར།ཁོ་གཉིས་འཐབ་ན་ད་གཟོད་བོད་ལ་རེ་བ་རྒྱག་ཡ་ཡོད་རེད།

    Reply
  3. སྲས་སྐུ་ངོ་། says:
    ལོ་ 8 སྔོན།

    རྒྱ་ནག་གིས་འབྲོག་ཁུལ་དམག་བརྒྱབ་ནས་བླངས་ན་ཏག་ཏག་རེད། དེ་ནས་རྒྱ་དཀར་ནག་གཉིས་བར་དམག་འཁྲུགས་ཞིག་བརྒྱབ་ན་གཞི་ནས་ཉི་མ་དྲོད་མོ་ཞིག་ཤར་བའི་རེ་བ་རྒྱག་གི་ཡོད།

    དེ་མིན་ཇག་དཔོན་མའོ་ཙེ་ཏུང་གིས་རྒྱ་གར་སྲིད་བློན་ནེའུ་རོབ་ལ་བཏོན་པའི་གཅིག་དོར་གཅིག་ལེན་སྲིད་བྱུས་ལ་ངོས་ལེན་མ་བྱས་པར་རྒྱ་ནག་གིས་ཤར་རྟ་དབང་དང་བྱང་ལ་དྭགས་ཁུལ་གྱི་ས་རྩོད་ཆུ་རྩོད་རྒྱག་རྒྱག་པ་རེད།

    ཨ་རིས་བྱང་ཀོ་རི་ཡའི་རྡུལ་མཚོན་དང་རྒྱང་སྐྱོད་མེ་ཤུགས་འཕུར་མདའ་ཚོད་ལྟ་ལ་བཀག་འགོག་བྱེད་པར་རྒྱ་ནག་མེད་དུ་མི་རུང་བ་ཆགས་པས། རྒྱ་ནག་གིས་གོ་སྐབས་དེ་དམ་བཟུང་བྱས་ཏེ་རྒྱ་དཀར་གཉིས་ཀྱི་ས་མཚམས་རྩོད་ཉོག་སེལ་འདོད་ཡོད། ལྷག་པར་དུ་རྒྱ་ནག་གིས་བྱང་ཀོ་རི་ཡའི་རྡུལ་མཚོན་གནད་དོན་སེལ་འདོད་གཏན་མེད། གནད་དོན་མུ་མཐུད་གནས་ཚེ། ཨ་རིས་རྒྱ་ནག་ལ་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་། ལྷག་པར་དུ་བོད་དང་ཡུ་གར་བཅས་ཀྱི་གནད་དོན་གླེང་སློང་བྱེད་མི་ཐུབ་པ་དང་། གཞན། རྒྱ་ནག་གིས་རྒྱ་གར་བྱང་ཤར་ཁུལ་གྱི་ས་མཚམས་བཙན་བཟུང་བྱས་ནའང་ཨ་རིས་རྒྱ་གར་གྱི་ཕྱོགས་སུ་ལངས་ནས་སྐད་ཆ་བཤད་ཁག་པོ་རེད་དང་། ཨ་རིའི་སྲིད་འཛིན་གླང་མགོ་དམར་པོས་ཀྱང་སྲིད་འཛིན་འོས་བསྡུ་སྐབས་རྒྱ་ནག་གི་དངུལ་གྱི་ཛ་ཐང་གཅོག་གི་ཡིན་པའི་འུར་བརྗོད་དེ། བྱང་ཀོ་རི་ཡའི་གནད་དོན་ཐུག་དུས་རྒྱ་ནག་ལ་སྐད་ཆ་དེ་བཤད་པའི་དཔའ་ཞུམ་པ་རེད།

    གང་ལྟར་བྱང་ཀོ་རི་ཡའི་གནད་དོན་ཐོག་ནས་ཨ་རིས་རྒྱ་ནག་ལ་བློས་བཏང་མང་པོ་བྱས་ཡོད། བྱང་ཀོ་རི་ཡའི་གནད་དོན་འདིས་གླང་མགོ་དམར་པོའི་ཕྱི་འབྲེལ་སྲིད་བྱུས་ལ་ཚོད་ལྟ་གཅིག་བྱས་པ་དང་དེ་ནས་ཨེ་རན་གྱི་རྡུལ་ཕྲན་གྱི་གླེང་རྙོག་ལྷོད་ལྷོད་ཡོང་གི་རེད།

    ཡ་ཡ་ཡ་དེ་ཙམ་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese