མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྙིང་རྗེ་ལབ་དུས་ཆོས་ལུགས་ཀྱི་སྐད་ཆ་མ་ཡིན་པར་ང་ཚོ་སྐྱེེས་དུས་ནས་ཨ་མའི་སྙིང་རྗེ་ཡིས་བསྐྱངས་ཏེ་ཡོང་བ་རེད།

བོད་ཀྱི་དུས་བབ།
༢༠༡༩/༠༧/༡༡
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་གིས་དབྱིན་ཡུལ་གྱི་སློབ་ཕྲུག་དང་རྒྱ་གར་གྱི་ཆེད་མཁས་པ་ཁག་ཅིག་ལ་མཇལ་ཁ་གནང་སྐབས་རྒྱ་གར་གྱི་ཤར་ལྷོ་ནུབ་བྱང་དབུས་བཅས་སུ་ཆོས་ལུགས་མི་འདྲ་བ་དང་སྐད་ཡིག་མ་འདྲ་བ་སོགས་ཡོད་ཀྱང་ང་ཚོ་ཚང་མ་མཐུན་སྒྲིལ་ངང་གནས་ཐུབ་ཀྱི་ཡོད་པ་རེད་ཅེས་གསུངས་འདུགཁ་སང་ཕྱི་ཚེས་ ༡༠ ཉིན་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ།  དབྱིན་ཇིའི་(King’s wood)སློབ་གྲྭའི་སློབ་ཕྲུག་གཞོན་སྐྱེས་ ༡༩ དང་། རྒྱ་གར་གྱི་ཆེད་མཁས་པ་ཁག་ཅིག་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་བཅར་ཞུས་ཡོད་པ་དང་། སྐབས་དེར་༧གོང་ས་མཆོག་ནས་དབྱིན་ཡུལ་ཡུ་རོབ་མཉམ་འབྲེལ་ཁོངས་སུ་བསྡད་ན་ཡག་པོ་ཡོད་པ་དང་། འཛམ་གླིང་ནང་དམག་ཆས་གཅིག་ཀྱང་བེད་སྤྱོད་མ་དགོས་པར་ལྷོ་ཨ་རི་དང་ནུབ་ཨ་ཧྥེ་རི་ཁ་སོགས་སུ་མཉམ་འབྲེལ་མཐུན་ཚོགས་འཛུགས་རྒྱུ་གལ་ཆེན་ཡིན་པ་སོགས་གསུངས་འདུག

ངོས་རང་རྒྱས་སྤྲོས་ཀྱི་ལམ་ལུགས་ལ་དགའ་པོ་མེད། དུས་རྒྱུན་སྟབས་བདེ་བྱས་ཏེ་འགྲོ་ཡི་ཡོད། རྒྱུ་མཚན་ནི། ང་ཚོའི་མི་ཚེའི་ནང་གལ་ཆེ་ཤོས་གཉིས་ཡོད་པ་ནི་སྐྱེ་བ་དང་འཆི་བ་རེད་ལ། སྐྱེས་དུས་དང་འཆི་དུས་རྒྱས་སྤྲོས་མེད་པ་རེད། ང་ཚོས་སྐྱེ་བ་དང་འཆི་བའི་བར་ནས་རྒྱས་སྤྲོས་བྱེད་པར་གལ་གནད་ཆེན་པོ་ཞེ་དྲགས་བྱེད་བཞིན་ཡོད། ངོས་དེ་ལ་དགའ་པོ་མེད། ངོས་རང་ལ་ཆ་མཚོན་ན། བོད་ནང་ཏྰ་ལའི་བླ་མའི་མིང་ཐོག་ནས་རྒྱས་སྤྲོས་ཀྱི་ལམ་ལུགས་ཞེ་དྲགས་ཡོད་ཀྱང་ངོས་དེ་ལ་དགའ་པོ་མེད། ད་ལྟ་དོན་དངོས་ཐོག་ང་ཚོ་ཚང་མ་ལུས་པོ་དང་སེམས་པ། སེམས་མྱོང་གི་ཐོག་ནས་འགྲོ་བ་མི་ཡིན་པ་གཅིག་མཚུངས་ཆགས་ཡོད། ད་ལྟ་ཚན་རིག་པས་འགྲོ་བ་མིའི་ལྷན་སྐྱེས་ནི་བྱམས་བརྩེ་རང་བཞིན་ལྡན་པ་རེད་ཟེར་གྱི་འདུག ངོས་ནས་བསམ་བློ་བཏང་ན་དེའི་རྒྱུ་མཚན་ནི་ང་ཚོ་སྤྱི་ཚོགས་སེམས་ཅན་ཡིན་པས་རེད། སྤྱི་ཚོགས་སེམས་ཅན་ཞིག་འཚོ་སྡོད་བྱེད་པར་ངེས་པར་དུ་སོ་སོས་ཚོགས་མི་གཞན་ལའང་བདག་སྐྱོང་བྱེད་དགོས་ཀྱི་ཡོད། རྒྱུ་མཚན་ནི་ཁོ་ཚོ་མེད་ཚེ་ཁྱེད་རང་ཡང་འཚོ་ཐུབ་ཀྱི་མེད། དེ་ནི་རང་བཞིན་རེད། ང་ཚོ་སྤྱི་ཚོགས་སེམས་ཅན་ཡིན་པའི་ཆ་ནས་སྐྱེས་པ་དང་ཨ་མས་བྱམས་བརྩེའི་འོག་བདག་སྐྱོང་བྱེད་བཞིན་ཡོད་པ་དང་། ང་ཚོ་སྐྱེས་མ་ཐག་མི་དེ་སུ་ཡིན་མིན་ཤེས་ཀྱི་མེད་ཀྱང་སེམས་ཚོར་དང་སྐྱེས་ཁམས་ཚན་རིག་གི་ཐོག་ནས་ལན་ཆ་ཚང་བ་སྤྲོད་པ་དེ་འགྲོ་བ་མིའི་རང་བཞིན་ཆགས་ཡོད་པ་རེད། དེ་ནས་ང་ཚོས་སྤྱི་ཚོགས་ཤིག་ལ་བདག་སྐྱོང་གི་འདུ་ཤེས་འཁུར་བསྡད་པ་ཡིན་ན་མི་དེ་སྔར་ལྷག་གིས་སྐྱིད་པ་ཡོད། ལོ་ན་དྲུག་བདུན་ཅན་གྱི་བྱིས་པ་ཞིག་གིས། མི་གཞན་གྱི་ཆོས་ལུགས་དང་རྒྱལ་ཁབ་གང་ཡིན་ལ་སྣང་བ་གཏོང་གི་མ་རེད་ལ། ངོས་ནས་བྱིས་པ་དེ་ལ་དྭངས་གཙང་ལྷད་མེད་ཀྱི་འགྲོ་བ་མི་གཅིག་གྱུར་ཡིན་པའི་འདུ་ཤེས་ཡོད་པ་ཚོར་ཐུབ་ཀྱི་ཡོད།

ཐུགས་བསྐྱེད་དམ་བཅའ་གསུམ་དང་འབྲེལ་བའི་བཀའ་སློབ་གནང་སྐབས་༧གོང་ས་མཆོག་གིས། ངོས་ཀྱི་དམ་བཅའ་དང་པོ་ནི། ངོས་རང་འཛམ་བུ་གླིང་འདིའི་ནང་ཡོད་པའི་འགྲོ་བ་མི་ཐེར་འབུམ་བདུན་ཡོད་པའི་ནང་གི་གཅིག་ཡིན་པ་དང་། བདེ་སྐྱིད་ནི་འགྲོ་བ་མི་ཐེར་འབུམ་བདུན་གྱི་གཞི་རྩའི་ཐོབ་ཐང་ཆགས་ཀྱི་ཡོད་ལ། མི་ཚེ་བདེ་སྐྱིད་དང་ལྡན་པ་ཞིག་སྐྱེལ་བར་སེམས་ཀྱི་ཞི་བདེ་གལ་ཆེན་པོ་ཞེ་དྲགས་ཆགས་ཀྱི་ཡོད། དངུལ་དང་སྲིད་ཀྱི་དབང་ཤུགས་ནི་ཆ་ཤས་ཙམ་ལས་གཙོ་བོ་ཀུན་སློང་ལ་རག་ལས་བསྡད་ཡོད། དེར་བརྟེན། ངོས་རང་འགྲོ་བ་མི་ཐེར་འབུམ་བདུན་གྱི་ཆ་ཤས་ཤིག་ཡིན་དུས། ངོས་ཀྱི་དམ་བཅའ་དང་པོ་སྟེ། མི་ཚེའི་བདེ་སྐྱིད་ཀྱི་འབྱུང་ཁུངས་ནི་སེམས་པ་ཞི་བདེའི་ངང་གནས་རྒྱུ་དེ་རེད་ཅེས་བཤད་ཀྱི་ཡོད། སེམས་པ་ཞི་བདེ་རུ་གནས་མ་ཐུབ་པའི་འགོག་རྐྱེན་ནི་ཁོང་ཁྲོ་ལས་ཡོང་གི་ཡོད་པ་དང་། ཁོང་ཁྲོ་ཞི་ཐབས་ཀྱི་སྨན་ནི་སྙིང་རྗེ་ཆགས་ཀྱི་ཡོད། སྙིང་རྗེ་ལབ་དུས་ཆོས་ལུགས་ཀྱི་སྐད་ཆ་མ་ཡིན་པར་ང་ཚོ་སྐྱེས་དུས་ནས་ཨ་མའི་སྙིང་རྗེ་ཡིས་བསྐྱངས་ཏེ་ཡོང་ཡོད་པ་རེད།

དམ་བཅའ་གཉིས་པ་ནི། ཆོས་ལུགས་མཐུན་སྒྲིལ་བཟོ་རྒྱུ་དེ་ཡིན། ངོས་རང་ནང་པ་ཞིག་ཡིན་པ་དང་། འཛམ་གླིང་ནང་ཆོས་ལུགས་ཀྱི་མིང་ཐོག་ནས་ཕན་ཚུན་གསོད་རེས་བྱེད་བཞིན་ཡོད། ཁྱིམ་མཚེས་རྒྱལ་ཁབ་ཨ་ཧྥི་གྷན་ནེ་སི་ཐན་ལྟ་བུའི་ནང་ཁ་ཆེ་ཆོས་ལུགས་གཅིག་པ་ཡིན་ཡང་ཤི་ཡ་(Shia)དང་སོ་ནེ(Sunni)བར་འཁྲུག་འཛིང་དང་། དཀྱིལ་ཤར་ཡུལ་གྲུའི་རྒྱལ་ཁབ་ཨེ་ཇིབ་ནང་ཡེ་ཤུ་ཆོས་ལུགས་དང་ཁ་ཆེ་ཆོས་ལུགས་བར་གྱི་རྙོག་དྲ།  སི་རེ་ཡའི་ཆོས་ལུགས་གཅིག་པ་ཤི་ཡ་དང་སོ་ནེ་བར་གསོད་རེས་བྱེད་བཞིན་པ་འཇིགས་སུ་རུང་བ་ཞིག་རེད། ཆོས་ལུགས་འདི་ཚོ་ཚང་མས་བརྩེ་བ་དང་བྱམས་པ། བཟོད་སྒོམ་བཅས་གཅིག་མཚུངས་ཀྱི་བསླབ་བྱ་སྤྲོད་ཀྱི་ཡོད་མོད། འོན་ཀྱང་། སྲོལ་རྒྱུན་མི་འདྲ་བའི་ཆོས་ལུགས་འདི་ཚོས་དབྱེ་འབྱེད་དང་གསོད་རེས་བྱེད་བཞིན་ཡོད་པ་རེད། བསམ་ཡུལ་ལས་འདས་པ་ཞིག་རེད། དེར་བརྟེན། ངོས་ཀྱི་དམ་བཅའ་གཉིས་པ་ནི་ཆོས་ལུགས་མཐུན་སྒྲིལ་བཟོ་རྒྱུ་དེ་ཡིན། ཆོས་ལུགས་མཐུན་སྒྲིལ་ནི་ཧ་ཅང་ཡོང་སྲིད་པ་ཞིག་ཡིན། རྒྱ་གར་ལ་ཆ་མཚོན་ན་འདས་པའི་ལོ་ངོ་ ༣༠༠༠ ལྷག་རིང་། རྒྱ་གར་རང་ནང་དར་ཁྱབ་བྱུང་བའི་ཆོས་ལུགས་ཁག་གི་ཐོག ཕྱི་ཕྱོགས་ནས་ཡོང་བའི་ཡེ་ཤུ་ཆོས་ལུགས་དང་ཁ་ཆེ་ཆོས་ལུགས།  ཇོ་ཌི་(judaism)ཆོས་ལུགས་སོགས་ཚང་མ་ད་ལྟ་རྒྱ་གར་ནང་དཀའ་ངལ་གང་ཡང་མེད་པར་གནས་ཐུབ་ཀྱི་ཡོད། རྒྱ་གར་ནི་རྒྱལ་ཁབ་ཆུང་ཆུང་ཞིག་མ་ཡིན་པར་རྒྱ་ནག་གི་རྗེས་ནས་འཛམ་གླིང་གི་མི་འབོར་མང་ཤོས་ཀྱི་རྒྱལ་ཁབ་ཆགས་ཀྱི་ཡོད། རྒྱ་གར་གྱི་ཤར་ལྷོ་ནུབ་བྱང་དབུས་བཅས་སུ་ཆོས་ལུགས་མི་འདྲ་བ་དང་སྐད་ཡིག་མ་འདྲ་བ་སོགས་ཡོད་ཀྱང་། ང་ཚོ་ཚང་མ་མཐུན་སྒྲིལ་ངང་གནས་ཐུབ་ཀྱི་ཡོད། ཅེས་གསུངས་འདུག

ཡང་འཛམ་གླིང་འདི་མཚོན་ཆ་མེད་པ་ཞིག་ཏུ་བསྒྱུར་རྒྱུ་གལ་ཆེན་ཡིན་སྐོར་ལ་ཁོང་གིས། རྒྱ་གར་གྱི་མཉམ་འབྲེལ་ཁག་ཧ་ཅང་ཡག་པོ་ཡོད། དེ་སྔོན་རྒྱ་གར་མངའ་སྡེ་ཨ་སམ་གྱི་གྲོང་ཁྱེར་མ་ནེ་པོར་རུ་གསར་འགོད་ལྷན་ཚོགས་ཤིག་གི་ཐོག མི་ཁག་ཅིག་གིས་ཁོ་ཚོར་རང་བཙན་དགོས་ཀྱི་ཡོད་ལབ་སོང་། ངོས་ནས་ཁྱེད་རང་གི་ཚོགས་སྡེ་ཆུང་ཆུང་ཞིག་རེད། ཡག་ཤོས་དེ་རྒྱ་གར་གྱི་མཉམ་འབྲེལ་ཁོངས་འདུག་རྒྱུ་དང་།  སྔོན་མ་ར་ཇ་ལབ་ནས་རྒྱལ་པོ་མང་པོ་ཡོད་པ་རེད། རྒྱལ་པོ་རེ་རེར་རང་བཙན་སྤྲད་པ་ཡིན་ན། ད་ལྟའི་རྒྱ་གར་འདི་ཡོང་ཐབས་ཡོད་པ་མ་རེད། ཅེས་བཤད་ཡོད་པ་ཡིན། དེར་བརྟེན། མཉམ་འབྲེལ་མཐུན་ཚོགས་ཟེར་བ་དེ་ཧ་ཅང་གི་གལ་ཆེན་པོ་རེད། ངོས་ནས་རྟག་པར་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ལ་བསྔགས་བརྗོད་བྱེད་ཀྱི་ཡོད། འཛམ་གླིང་དམག་ཆེན་དང་པོ་དང་གཉིས་པའི་སྐབས། ཡུ་རོབ་ནང་མང་ཆེ་བ་ཧྥ་རན་སི་དང་འཇར་མན་གཉིས་ཀྱིས་གསོད་རེས་བྱས་ཡོད། སྤྱིར་བཏང་རྒྱལ་ཁབ་ཀྱི་མངོན་འདོད་ནི་ཐུན་མོང་གི་མངོན་འདོད་གཞི་ལ་བཞག་པ་ཞིག་ཡིན་ཡང་། འཛམ་གླིང་དམག་ཆེན་གཉིས་པ་མཇུག་སྒྲིལ་རྗེས། ཌི་གྷ་སི་པ་རེ་(De Gasperi)དང་ཨན་ཌི་ན་(Konrad Adenauer)སོགས་ཀྱི་མགོ་འཁྲིད་འོག ཐུན་མོང་གི་མངོན་འདོད་ནི་རྒྱལ་ཁབ་ཀྱི་མངོན་འདོད་ལས་ཀྱང་གལ་ཆེ་བ་ཡོད་པར་ངོས་འཛིན་གྱིས་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་མགོ་བཙུགས་པ་རེད་ལ། ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ཡར་རྒྱས་འགྲོ་དགོས་དོན་ཡང་ཉེ་བའི་ལོ་ངོ་ ༥༠ རིང་ཡུ་རོབ་ཀྱི་མངའ་སྡེ་ཕན་ཚུན་བར་གསོད་རེས་མ་བྱས་སྟབས་བྱུང་བ་རེད། གལ་སྲིད་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་འཛུགས་ཐུབ་མེད་ན། འདས་པའི་ལོ་ངོ་ ༥༠ རིང་ཕལ་ཆེར་གསོད་རེས་ཀྱི་དོན་རྐྱེན་བྱུང་ཡོད་པ་རེད། དེར་བརྟེན། ངོས་ཀྱི་གནས་སྟངས་ལ་ཆ་མཚོན་ན། ངོས་ནས་རྒྱ་ནག་གཞུང་དང་ཁ་བྲལ་གྱི་འཐབ་རྩོད་བྱེད་ཀྱི་མེད།  རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནང་ལོགས་ནས་བསྡད་དེ་ང་ཚོར་རྒྱ་ནག་གི་རྩ་ཁྲིམས་ནང་ཡོད་པའི་ངེས་གཏན་གྱི་ཐོབ་ཐང་ཁག་དགོས་ཀྱི་ཡོད། ངོས་ནས་ནམ་རྒྱུན་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ལ་བསྔགས་བརྗོད་བྱེད་ཀྱི་ཡོད། ད་ལྟ་ཁྱེད་རང་ཚོ་དབྱིན་ཇི་བ་ཁག་ཅིག་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ནས་ཕྱིར་ཐོན་རྩིས་བྱེད་བཞིན་ཡོད་པ་རེད། དེ་ཁྱེད་རང་ཚོའི་དོན་དག་རེད་ངའི་ལས་ཀ་མ་རེད་དེ། ངོས་ནས་དབྱིན་ཡུལ་ཡུ་རོབ་ནང་བསྡད་ན་ཡག་པོ་ཡོད་པར་མཐོང་གི་ཡོད། ཡུ་རོབ་མཉམ་འབྲེལ་གྱི་བློ་སྟོབས་དེ་ཡུ་རོབ་ཁོ་ན་ཙམ་མ་ཡིན་པར་བྱང་ཨ་ཧྥེ་རི་ཁ་དང་ལཱ་ཊིན་ཨ་མི་རི་ཁའི་ནང་མགོ་འཛུགས་དགོས་ཀྱི་འདུག དེ་ནི་ང་ཚོ་འགྲོ་བ་མི་ཡིན་པ་དང་མཚོན་ཆ་གཅིག་ཀྱང་བེད་མ་སྤྱད་པར་དཀའ་ངལ་ཀུན་གྱི་གཞི་རྩ་སེལ་ཐབས་ཤིག་ཡིན་པ་རེད། དེ་ལྟར་བྱུང་ཚེ་འཛམ་གླིང་འདི་དམག་ཆས་མེད་པའི་འཛམ་གླིང་ཞིག་ཏུ་བསྒྱུར་ཐུབ་པ་རེད། ཅེས་གསུངས།

ངོས་ཀྱི་དམ་བཅའ་གསུམ་པ་ནི། བོད་ཀྱི་ཆབ་སྲིད་དང་འབྲེལ་བ་ཆགས་ཀྱི་ཡོད།  ༧གོང་ས་རྒྱལ་བ་སྐུ་ཕྲེང་དང་པོ་དང་གཉིས་པ། གསུམ་པ། བཞི་བ་ཚང་མ་ཆོས་ཕྱོགས་ཀྱི་བླ་མ་ཆགས་ཡོད། དཔེ་ཡག་པོ་རེད། དེ་ནས་༧གོང་ས་སྐུ་ཕྲེང་ལྔ་བས་གནད་དོན་ཁག་ཅིག་གི་རྐྱེན་པས་གནས་སྐབས་རིང་ཆབ་སྲིད་ཀྱི་འགན་དབང་བཞེས་པ་རེད།  དེ་ནས་བཟུང་དགའ་ལྡན་ཕོ་བྲང་གིས་ཆོས་དང་ཆབ་སྲིད་གཉིས་ཀྱི་འགན་དབང་འཁུར་བ་རེད། དེ་སྔོན་ངོས་རང་བོད་ལ་ཡོད་དུས་ནས་འགྲོ་ལུགས་དེ་ཡག་པོ་མཐོང་མ་སོང་། ངོས་ནས་དོ་དམ་པའི་དམངས་གཙོ་ལ་རྗེས་སུ་ཡི་རང་ཡོད། ཕྱི་ལོ་ ༡༩༥༠ ལོར་ངོས་ནས་བོད་ཀྱི་འགན་དབང་འཁུར་བ་དང་། ཕྱི་ལོ་ ༡༩༥༢ ལོར་ངོས་ནས་འགྲོ་ལུགས་དེ་བསྐྱར་བཅོས་ཀྱི་བསམ་བློ་བཏང་བ་ཡིན། ཕྱི་ལོ་ ༡༩༥༩ ལོར་རྒྱ་གར་ནང་ཡོང་སྟེ། དམངས་གཙོའི་གཞུང་བཙུགས་པ་དང་ཕྱི་ལོ་ ༢༠༠༡ ལོར་ངོས་རང་ཆབ་སྲིད་ཀྱི་འགན་དབང་ནས་དགོངས་པ་ཞུས་ཏེ། མི་མང་གིས་འོས་འདེམས་བྱས་པའི་ཆབ་སྲིད་ཀྱི་དབུ་འཁྲིད་བྱུང་ཡོད། དེར་བརྟེན། ད་ལྟ་ངོས་ཀྱི་དོ་འཁུར་བྱེད་ས་གཙོ་བོ་ནི་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཆགས་ཀྱི་ཡོད། བོད་ནི་འཛམ་གླིང་གི་ཡང་རྩེ་དང་སྐམ་གཤིས་ཆེན་པོ་ཡིན་སྟབས། སྣོད་བཅུད་རིག་པ་བ་ཁག་ཅིག་གིས། ས་མཐོ་དང་སྐམ་གཤིས་ཆེ་བའི་ཁོར་ཡུག་ཅིག་ལ་གཏོར་བཤིག་ཐེབས་ཚེ། དེ་སླར་གསོ་བྱེད་པར་དུས་ཚོད་མང་པོ་འགོར་གྱི་ཡོད་སྐོར་བརྗོད་ཡོད་པས། བོད་ཀྱི་ཁོར་ཡུག་ལ་དམིགས་བསལ་གྱི་བདག་སྐྱོང་དགོས་ཀྱི་ཡོད། ཅེས་གསུངས་སོང་།

ཡང་༧གོང་ས་མཆོག་གིས། རྒྱ་ནག་གི་ལྟ་མཁྲེགས་ཅན་གྱི་མགོ་འཁྲིད་ཁག་ཅིག་གིས། འདས་པའི་ལོ་ངོ་ ༧༠ རིང་བོད་མི་ཚོའི་སེམས་ཁ་བསྒྱུར་ཐབས་བྱས་ཡོད་ཀྱང་ཁོ་ཚོའི་དམིགས་འདུན་ལེགས་འགྲུབ་བྱུང་མེད། རྒྱུ་མཚན་ནི། བོད་མིའི་སེམས་ཁམས་ནང་ཆོས་དང་འབྲེལ་བསྡད་ཡོད་པས་རེད། ནང་པའི་ཆོས་ལ་དེང་སང་ཕྱི་ཕྱོགས་སུ་ཚན་རིག་པས་ཀྱང་དོ་སྣང་བྱེད་བཞིན་ཡོད། རྒྱ་ནག་གི་ལྟ་བ་མཁྲེགས་པོ་ཅན་གྱི་མགོ་འཁྲིད་ཚོས་ཆོས་ལུགས་ནི་རྨོངས་དད་ལ་ངོས་འཛིན་བྱེད་བཞིན་ཡོད་མོད། འོན་ཀྱང་། ད་ལྟ་ཁོ་རང་ཚོའི་དམར་ཤོག་གི་ལངས་ཕྱོགས་དེ་རྨོངས་དད་འདྲ་པོ་མཐོང་གི་འདུག ཅེས་སོགས་གསུངས་རྗེས། མཇལ་བཅར་བའི་དྲི་བར་བཀའ་ལན་གནང་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

The Chinese People’s Liberation Army (PLA) Photo:ORF
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་བསྐྱར་བཅོས་བྱས་པའི་རྒྱལ་སྲུང་གི་ཁྲིམས་ཡིག་ཅིག་ལག་བསྟར་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༡༦ སྔོན་ལ།
Joshua Wong gets arrested by the police after protesting along with other activists at the Golden Bauhinia for the release of Liu Xiaobo at the Hong Kong Convention and Exhibition Centre in Wan Chai. 28JUN17 SCMP / David Wong
Mobile App

ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་ལ་ཚེ་བཙོན་ཁྲིམས་ཆད་འཕོག་སྲིད་སྐོར་བརྗོད་འདུག

ཆུ་ཚོད་ ༡༧ སྔོན་ལ།
པར་བློ་བཟང་ལུང་རྟོགས་ལགས་ཀྱིས་མཁོ་འདོན་བྱས།
Mobile App

ཨོ་གླིང་གནས་མཁར་གསར་བོད་རིགས་མཐུན་ཚོགས་ཀྱིས་དམངས་གཙོའི་དུས་དྲན་སྲུང་གཙི་བྱས། 

ཆུ་ཚོད་ ༡༩ སྔོན་ལ།
དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། དུས་བབ་ཀྱི་པར།
Mobile App

དམངས་གཙོའི་དུས་དྲན་ཐེངས་ ༦༦ པ་སྲུང་གཙི་གནང་། 

༢༠༢༦/༠༩/༠༢
Mobile App

བལ་བོད་ས་མཚམས་ཀྱི་ཆུ་ལོག་ལས་བོད་ནང་གི་དངོས་ཡོད་གནས་ཚུལ་ཁ་གསལ་བཟོ་དགོས་པའི་འབོད་སྐུལ་ཞུས་སོང་།

༢༠༢༦/༠༩/༠༡
པར་མིས་བཟོས་རིག་ནུས་ཀྱིས་བསྒྲིགས།
Editorials

ཟ་བཅུག་ནས་ཁ་ལ་བལྟ། འགྲོ་བཅུག་ནས་རྗེས་ལ་བལྟ།

༢༠༢༦/༠༩/༠༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese