མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཡང་ཁྲིམས་རྩོད་པ་བཀྲ་ཤིས་དབང་ཕྱུག་ལགས་ལ་ཐུག་ཏུ་བཅུག་མི་འདུག

བོད་ཀྱི་དུས་བབ།
༢༠༡༩/༠༨/༠༢
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་ཁྲིམས་ཆད་དྭང་ལེན་བྱེད་ཀྱི་མེད་པས་དམིགས་བསལ་སྟངས་འཛིན་འོག་ཡོད་སྐོར་བརྗོད་དེ་ཁྲིམས་རྩོད་པ་གཉིས་ལ་ཡང་ཐུག་ཏུ་བཅུག་མི་འདུགདེ་རིང་ཞོགས་པར་བོད་ཀྱི་སྐད་ཡིག་སློབ་གསོའི་ཐོབ་ཐང་དོན་གཉེར་བ་བཀྲ་ཤིས་དབང་ཕྱུག་ལགས་ཀྱི་ཁྲིམས་རྩོད་པ་ཉིང་ཞོ་ཅིན་(梁小军)ལགས་ཀྱིས། སྒེར་གྱི་ཊེ་ཊིར་སྤྱི་ཚོགས་དྲ་ལམ་དུ་ཁ་སང་ཞོགས་པར་ཁོང་དང་ཁོང་གི་ལས་རོགས་ཁྲིམས་རྩོད་པ་ལིན་ཆི་ལི་ (Lin Qilei)གཉིས། མཚོ་སྔོན་ཞིང་ཆེན་ཏོང་ཁྲན་(Dongchuan)བཙོན་ཁང་དུ་བཀྲ་ཤིས་དབང་ཕྱུག་ལགས་ལ་ཐུག་འཕྲད་ཆེད་ཕྱིན་ཡོད་ཀྱང་ཐུག་ཏུ་བཅུག་མེད་པའི་གནས་ཚུལ་སྤེལ་འདུག

ཁྲིམས་རྩོད་ཉིང་ཞོ་ཅིན་ལགས་ཀྱིས། བཀྲ་ཤིས་དབང་ཕྱུག་ལགས་ལ་ཐུག་འཕྲད་བྱེད་དུ་འཇུག་དགོས་པའི་རེ་བ་ཞུས་རྗེས། དོ་དམ་མི་སྣས་ཐུག་འཕྲད་དང་འབྲེལ་བའི་ཡིག་ཆ་འཁུར་ནས་ཡར་ཞུ་བྱས་ཡོད་པ་དང་། ཆུ་ཚོད་ཕྱེད་ལྷག་འགོར་རྗེས་པེ་ཅིན་ཁྲིམས་འཛིན་ལྷན་ཁང་ནས་རྒྱབ་གཉེར་ཡི་གེ་དགོས་པའི་ལན་སྤྲད་པར་བརྟེན། རྒྱ་ནག་གཞུང་གི་བྱ་སྤྱོད་དེ་ནི་ཁྲིམས་འགལ་ཡིན་ལུགས་གསལ་འདེབས་བྱས་པ་དང་། མཐའ་མ་དེར་མཚོ་སྔོན་ཞིང་ཆེན་བཙོན་ཁང་དོ་དམ་ཁང་ལ་ཞུ་སྐབས། སྲིད་དོན་བཙོན་པ་དོ་དམ་གྱི་མགོ་འཁྲིད་གཞོན་པས་རྣམ་འགྱུར་ལེགས་པོའི་ཐོག་ནས་ཚོར་བ་སྐྱེན་པའི་གྱོད་དོན་རིགས་ལ་དམིགས་བསལ་སྟངས་འཛིན་བྱེད་ཀྱི་ཡོད་པ་དང་། བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་བཙོན་ཁང་དུ་ཁྲིམས་ཆད་དྭང་ལེན་དང་། དོ་དམ་གཞོགས་འདེགས་བྱེད་ཀྱི་མི་འདུག་པས། ཁོང་ལ་ལྷག་པར་དུ་དམིགས་བསལ་གྱི་སྟངས་འཛིན་བྱེད་ཀྱི་ཡོད་སྐོར་བརྗོད་དེ་ཐུག་ཏུ་བཅུག་མེད་པ་བརྗོད་འདུག

བཀྲ་ཤིས་དབང་ཕྱུག་ལགས་ལ་ལོ་ལྔ་ཡི་བཙོན་འཇུག་ཁྲིམས་ཐག་བཅད་རྗེས།  ཁྲིམས་རྩོད་པ་ཁོང་ལ་ཐུག་ཏུ་མ་བཅུག་པ་ད་ལན་ཐེངས་དང་པོ་མ་རེད། འདི་ལོའི་ཕྱི་ཟླ་ ༢ པའི་ནང་བཀྲ་ཤིས་དབང་ཕྱུག་ལགས་ལ་ཁྲིམས་ཐག་བཅད་དེ་བཙོན་ཁང་དུ་བཅུག་ནས་ལོ་གཅིག་འགོར་བ་དང་བསྟུན། ཁྲིམས་རྩོད་པ་ཉིང་ཞོ་ཅིན་ལགས་བཙོན་ཁང་དུ་ཁོང་ལ་ཐུག་འཕྲད་བྱེད་པར་ཕྱིན་ཡོད་ཀྱང་། རྒྱ་ནག་གཞུང་གིས་བཀྲ་ཤིས་དབང་ཕྱུག་ལགས་ཀྱི་གྱོད་དོན་ནི་དམིགས་བསལ་སྟངས་འཛིན་དགོས་པའི་ཚོར་བ་སྐྱེན་པའི་རིགས་ཡིན་ལུགས་བརྗོད་དེ་ཐུག་ཏུ་བཅུག་མེད་པ་དང་། ཕྱིས་སུའང་ཁྲིམས་རྩོད་པ་ཁོང་གིས་ཐེངས་མང་ལ་ཐུག་འཕྲད་ཀྱི་རེ་སྐུལ་ཞུས་ཡོད་ཀྱང་ཐུག་ཏུ་བཅུག་མེད་འདུག

འདི་ལོའི་ཕྱི་ཟླ་ ༦ ནང་ཁྲིམས་རྩོད་པ་ལིན་ཆི་ལི་(Lin Qilei)ལགས་ཀྱིས། བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་ཉེས་པ་གང་ཡང་བསགས་མེད་ན་ཡང་། རྒྱ་ནག་གཞུང་གིས་ཁོང་ལ་ཁྲིམས་ཐག་བཅད་པ་ནི་ཁྲིམས་འགལ་ཡིན་པ་དང་། རྒྱ་ནག་གི་ཁྲིམས་ནི་ཆབ་སྲིད་ཁོ་ནའི་དབང་བསྒྱུར་འོག་ཡོད་སྐོར་སྐྱོན་བརྗོད་གནང་ཡོད་པ་དང་། དེ་བཞིན་ཨ་རི་སོགས་ཀྱི་རྒྱལ་སྤྱིའི་འགྲོ་བ་མིའི་ཚོགས་སྡེ་ཁག་ནས་ཀྱང་རྒྱ་ནག་གཞུང་གིས་བཀྲ་ཤིས་དབང་ཕྱུག་ལགས་ལ་དྲང་བདེན་མིན་པའི་ཁྲིམས་ཆད་བཏང་ཡོད་སྐོར་སྐྱོན་བརྗོད་གནང་བཞིན་ཡོད་པ་རེད།

ཕྱི་ལོ་ ༢༠༡༥ ལོར་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་པེ་ཅིན་དུ་གནས་སྡོད་ནེའུ་ཡོག་དུས་བབ་ཡན་ལག་གི་གསར་འགོད་པར་རྒྱ་ནག་གཞུང་གི་སྲིད་བྱུས་འོག བོད་ཁུལ་གྱི་སློབ་གྲྭ་ཁག་ཏུ་བོད་སྐད་ཡིག་སློབ་གསོ་རྩ་མེད་བཟོ་ཡི་ཡོད་པ་དང་། བོད་ཕྲུག་བྱིས་པའི་བོད་སྐད་ཡིག་གི་གནས་ཚད་ཉེན་ཚབས་ཅན་དུ་གྱུར་ཡོད་སྐོར་འགྲེལ་བརྗོད་བྱས་པར་བརྟེན། ཕྱི་ལོ་ ༢༠༡༦ ཟླ་༡ ཚེས་ ༢༧ ཉིན་རྒ་སྐྱེ་རྒུ་མདོའི་ཉེན་རྟོག་པས་ཁོང་འཛིན་བཟུང་བྱས་ཏེ་ལོ་གཉིས་ལྷག་རིང་བཀག་ཉར་འོག་བཞག་ཡོད་པ་དང་། ཕྱི་ལོ་ ༢༠༡༨ ཟླ་ ༥ ཚེས་ ༢༢ ཉིན་རྒ་སྐྱེ་རྒུ་མདོའི་འབྲིང་རིམ་མི་མང་ཁྲིམས་ཁང་ཟེར་བ་ཞིག་གིས། བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་རྒྱལ་ཁབ་ཁ་བྲལ་གཏོང་ཐབས་ཀྱི་བྱ་སྤྱོད་སྤེལ་བའི་ཉེས་མིང་གཡོགས་ཏེ་ལོ་ ༥ ཡི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

འབྲེལ་ཡོད་གསར་འགྱུར།

Mobile App

ཆབ་སྲིད་དགོད་བརྙན་དང་དམར་པོའི་ཞི་འཐབ། ཀྲུང་ནན་ཧེ་[i]ཡི་“འཐབ་ཇུས་སྦྲིད་སྨན”།

ཆུ་ཚོད་ ༧ སྔོན་ལ།
 ནང་སྲིད་བཀའ་བློན་དཔལ་ལྡན་དོན་འགྲུབ་མཆོག་གིསལན་འདེབས་གསལ་བཤད་གནང་བཞིན་པ།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

དྷ་སའི་སྡོད་ཁང་ ༢༡༨ ཀྱི་དཀའ་ངལ་གསལ་ཐབས་གནང་རྒྱུ་ཡིན་འདུག 

ཆུ་ཚོད་ ༧ སྔོན་ལ།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་གསུམ་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༩།༡༨
Mobile App

སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་གཉིས་ཟགས་པ་དང་གཅིག་སྤྱི་མོས་གཏན་འབེབས་བྱུང་། 

༢༠༢༦/༠༩/༡༨
ཕྱི་སྲིད་ལྷན་ཁང་གི་པར།
གསར་འགྱུར།

ཊོམ་དང་ཞི་གཉིས་ཀྱི་མཇལ་འཕྲད་སྐབས་གླེང་སློང་བྱེད་སྲིད་པའི་གནད་དོན་བཅུ།

༢༠༢༦/༠༩/༡༨
Anthropic-threat-intelligence-report-september-2026
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚམས་ལས་བརྒལ་བའི་དྲ་རྒྱའི་དྲག་གནོན་ལག་བསྟར་བྱེད་བཞིན་འདུག

༢༠༢༦/༠༩/༡༨
ནང་སྲིད་ལས་ཁུངས་ཀྱི་ལས་སྡོམ་སྙན་སྒྲོན་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

རྩིས་ལོ་ ༢༠༢༥-༢༠༢༦ ནང་རུབ་སྡོད་གཞིས་ཁང་གསར་རྒྱག་ཁྲོད་དེབ་བཀོད་ཟིན་པའི་ཁྱིམ་ཚང་གྲངས་ ༢༠༢༥ བྱུང་འདུག 

༢༠༢༦/༠༩/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese