མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལུ་དི་ཡ་ན་དང་བོད་མི་དགུན་ཚོང་བའི་གནས་སྟངས་ལ་དཔྱད་པ།

བོད་ཀྱི་དུས་བབ།
༢༠༢༠/༠༢/༢༢
Share on FacebookShare on TwitterShare on EmailShare on Whatsapp

ལུ་དི་ཡ་ན་(Ludhiana)ནི་རྒྱ་གར་གྱི་པན་ཇབ་མངའ་སྡེའི་ཁོངས་བལ་གོས་ཀྱི་བཟོ་གྲྭ་ཆེས་མང་ས་ཞིག་ཡིན་པ་དང་། བོད་མི་དགུན་ཚོང་རྒྱག་མཁན་ཞིག་ཡིན་ན་ལུ་དི་ཡ་ན་གྲོང་འཁྱེར་ལ་རྒྱུས་མངའ་མེད་པ་ཡོད་མི་སྲིད། གང་ཡིན་ཟེར་ན། རྒྱ་གར་དུ་ཡོད་པའི་བོད་མི་བཙན་བྱོལ་བ་མང་ཆེ་བས་དགུན་དུས་སུ་སུད་ཚོང་གཉེར་གྱི་ཡོད་སྟབས། སུད་ཚོང་གཉེར་མཁན་ཚོ་ལུ་དི་ཡ་ན་ལ་ལོ་རེའི་མཚམས་སུ་ཐེངས་གཅིག་རེ་སླེབ་ཀྱི་ཡོད་པ་རེད། བོད་མི་རྒྱ་གར་དུ་བཙན་བྱོལ་ལ་འབྱོར་རྗེས་ཐོག་མར་ལམ་བཟོའི་ལས་ཀ་བྱས་པ་དང་། རིམ་གྱིས་དགུན་དུས་སུ་སུད་ཚོང་གཉེར་འགོ་བཙུགས་ཤིང་། བར་སྐབས་ནས་ཁེ་བཟང་ཆེ་ཆུང་ལ་མ་ལྟོས་པར་གང་ལྟར་རྒྱ་གར་གྱི་བོད་མི་བཙན་བྱོལ་བ་བྱིངས་ནས་དགུན་དུས་སུད་ཚོང་ལ་ཕྱིན་ཏེ་ད་ལྟ་དེ་ནི་འཚོ་བའི་རྟེན་གཞི་གཙོ་བོ་ལྟ་བུར་གྱུར་ཡོད།

ལུ་དི་ཡ་ན་ལ་འགྲོ་ལམ།ལུ་དི་ཡ་ན་གྲོང་འཁྱེར་གྱི་གནམ་ཐང་ཐག་ཉེ་ཤོས་ནི་༼Sahnewal༽སཱ་ནི་ཝལ་ཞེས་པ་དེ་ཡིན་པ་དང་། དེ་ནི་ལུ་དི་ཡ་ན་ནས་སྤྱི་ལེ་ ༡༢ ཙམ་འདུག འོན་ཀྱང་བོད་མི་སུད་ཚོང་བ་རེ་གཉིས་ཀྱིས་སྐབས་འགར་ཛ་དྲག་གནས་སྟངས་བྱུང་ན་མ་གཏོགས་གནམ་གྲུ་ནས་ལུ་དི་ཡ་ནར་སྐྱོད་མཁན་ཧ་ལམ་མེད་པ་འདྲ་བོ་ཡིན། བོད་མི་སུད་ཚོང་བ་ཚོས་ལུ་དི་ཡ་ན་ལ་ཚོང་ཟོག་འདོན་པར་མེ་འཁོར་ཡང་ན་སྤྱི་སྤྱོད་རླངས་འཁོར་བརྒྱུད་འགྲོ་བ་དང་། ལུ་དི་ཡ་ནའི་སྤྱི་སྤྱོད་རླངས་འཁོར་དང་མེ་འཁོར་འབབ་ཚུགས་གཉིས་ནི་ལུ་དི་ཡ་ནའི་བཟོ་གྲྭ་ནས་ཉེ་འགྲམ་དུ་ཡོད་ལ། འབབ་ཚུགས་དེ་གཉིས་ནས་ལུ་དི་ཡ་ནའི་བཟོ་གྲྭ་ཡོད་སར་རྐང་དྲུད་ལྕགས་རྟ་ལ་བསྡད་དེ་འགྲོ་ན་སྐར་མ་བཅུ་ཙམ་ལས་འགོར་གྱི་མེད།

ང་རང་ཟླ་བ་ ༢ ཕྱི་ཚེས་ ༡༠ ཉིན་སྔ་དྲོ་ཆུ་ཚོད་ ༧ པའི་ཐོག་ལྡི་ལི་གསར་པའི་མེ་འཁོར་འབབ་ཚུགས་ནས་ཤཱ་ཏབ་དི་(Shatabdi)ཞེས་པའི་མེ་འཁོར་ལ་བསྡད་ནས་ལུ་དི་ཡ་ནར་ཕྱིན་པ་དང་དེར་འབྱོར་སྐབས་ཉིན་དགུང་ཆུ་ཚོད་ ༡༢ ཟིན་འདུག ངས་མེ་འཁོར་ནས་མར་བབས་རྗེས་གཟབ་གཟབ་བྱས་པ་ཡིན། འདས་པའི་ལོ་ཤས་ནང་ལུ་དི་ཡ་ནར་དགུན་ཁའི་ཚོང་ཟོག་འདོན་པར་སླེབས་པའི་བོད་མི་ཁ་ཤས་ཀྱི་རྒྱུ་དངོས་འཕྲོག་བཅོམ་བྱས་པའི་དོན་རྐྱེན་བྱུང་ཡོད་པ་མ་ཟད། གནས་ཚུལ་དེ་དག་རྒྱ་གར་དང་བོད་པའི་གསར་འགྱུར་བརྒྱུད་ལམ་ཁག་ཏུའང་ཐོན་ཡོད་པ་རེད།

གཟབ་ནན་བྱེད་དགོས་ས།ལུ་དི་ཡ་ན་ནི་བཟོ་གྲྭ་མང་བའི་གྲོང་ཁྱེར་ཞིག་ཡིན་པ་དང་གནམ་གཤིས་ནི་ལྡི་ལིའི་ཚ་དྲོད་དང་ཁྱད་པར་ཆེན་པོ་མེད་ལ། ཁྱེད་རང་གྲོང་བརྡལ་དེར་འབྱོར་སྐབས་ཁ་རླུང་ཧ་ཅང་འབག་བཙོག་ལྡན་པ་ལམ་བཟང་ཚོར་ཐུབ་ངེས་ཡིན། དགུན་དུས་ཀྱི་ཚོང་ཟོག་འདོན་སའི་ས་ཆའི་མིང་ལ་མཱ་དའོ་པུ་རི་(Madhopuri)ཞེས་འབོད་པ་དང་། གྲོང་བརྡལ་དེ་ཆེན་པོ་ཡོད་སྟབས་མཱ་དའོ་པུ་རི་གསར་པ་དང་རྙིང་པ་ཞེས་གཉིས་སུ་བགོས་འདུག ཚོང་དཔོན་རྣམས་ས་ཆ་དེ་གཉིས་ཀྱི་ནང་གང་སར་ཡོད་པ་དང་། ཚོང་ཟོག་འདོན་པར་ཚོང་དཔོན་དེ་དག་གི་སར་འགྲོ་སྐབས། གནམ་གཤིས་ཀྱི་ཚ་དྲོད་དང་ཁ་དབུགས་བཙོག་པས་ནམ་རྒྱུན་དང་མ་འདྲ་བའི་ཚོར་སྣང་ཞིག་ངང་གིས་སྐྱེ་ཡོང་བ་མ་ཟད། གལ་ཏེ་ཟ་འཐུང་མ་འགྲིགས་ན་ལམ་སང་གྲོད་པ་བཤལ་བ་དང་འཆམ་པ་ན་གི་ཡོད་སྟབས། ས་གནས་དེར་ཐེངས་དང་པོར་སྐྱོད་མཁན་ཞིག་ཡིན་ན་ཟ་འཐུང་ལ་ངེས་པར་དུ་གཟབ་ནན་བྱེད་དགོས།

ཉེ་བའི་ལོ་ཤས་ནང་བོད་མི་རེ་གཉིས་ཀྱི་དངུལ་ཁུག་འཕྲོག་བཅོམ་བྱས་པའི་གནས་ཚུལ་བྱུང་བ་མ་ཟད། རྒྱ་གར་དང་བོད་པའི་གསར་འགྱུར་བརྒྱུད་ལམ་ཁག་ཏུའང་གནས་ཚུལ་དེ་ཐོན་ཡོད་སྟབས། ངས་ལུ་དི་ཡ་ན་འབྱོར་བའི་ཕྱི་ཉིན་དེར་ཝིས་ཡུ་(Vishnu)ཞེས་པའི་བཟོ་གྲྭའི་བདག་པོ་ལ་ “སྔར་ཡིན་ན་ལུ་དི་ཡ་ནར་ཚོང་ཟོག་འདོན་པར་སླེབས་སྐབས་འཕྲོག་བཅོམ་གྱི་གནས་ཚུལ་རིགས་ཐོས་མྱོང་མེད་ཀྱང་། ལོ་ཤས་ནས་གནས་ཚུལ་ངན་པ་དེ་འདྲ་ཡོང་བའི་རྐྱེན་གང་ཡིན།” ཞེས་དྲིས་པར་ཁོས། “དེང་སང་རྒྱ་གར་ནང་ལོ་རེ་ནས་ལོ་རེར་མྱོས་རྫས་སྤྱོད་མཁན་མང་དུ་འགྲོ་བཞིན་ཡོད་པ་མ་ཟད། ལྷག་པར་དུ་པན་ཇབ་མངའ་སྡེའི་ནང་མང་པོ་ཆགས་ཡོང་གི་འདུག་པས། མྱོས་རྫས་སྤྱོད་མཁན་རྣམས་ལ་ཕ་མ་སྤུན་མཆེད་ཚོས་དངུལ་སྤྲད་ཀྱི་མེད་སྟབས་འཕྲོག་བཅོམ་བྱེད་མཁན་ནི་ཁོང་ཚོ་གྲས་ཡིན།” ཞེས་བརྗོད་བྱུང་།

བོད་པའི་ཚོང་གི་གནས་སྟངས།དེང་སྐབས་རྒྱ་གར་གྱི་མངའ་སྡེའི་ཕལ་མོ་ཆེའི་གྲོང་ཁྱེར་ཆེ་ཁག་ཏུ་བོད་པའི་སུད་ཚོང་བ་ཡོད་ཅིང་། ཕྱི་ཟླ་ ༧ ནས་ཚོང་ཟོག་འདོན་པར་འགོ་བརྩམས་པ་དང་། ཕྱི་ཟླ་ ༡༠ པའི་མཇུག་ནས་ཕྱི་ཟླ་ ༢ པའི་ཟླ་མཇུག་བར་ཁྲོམ་གཤོམ་སྟོན་བྱེད་ཀྱི་ཡོད།

འཚོ་བ་དགུན་ཚོང་ལ་གཞི་རྟེན་གཙོ་བོ་བྱེད་པའི་རང་ལོ་ ༣༥ ཡིན་པའི་བུ་བསྟན་འཛིན་དགའ་ལྡན་ཞུས་པ་ཞིག་དང་ཐུག་ཕྲད་བྱུང་། ཁོའི་ཁྱིམ་དུ་སྤུན་མཆེད་མང་ཡང་ཁོང་ནི་བུ་ཆེ་ཤོས་དེ་ཆགས་འདུག ཁོང་གིས་གུས་པར། “ང་རང་ཆུང་དུས་ནས་ངའི་ཕ་མ་གཉིས་ཀྱིས་དགུན་ཚོང་བརྒྱབས་པ་རེད། འོན་ཀྱང་། སྐབས་དེར་ང་ཚོའི་ཁྱིམ་ཐབས་སྐྱོ་བའི་ཁར་ཕྲུ་གུ་མང་བས་དཀའ་ངལ་ཆེན་པོ་རེད། ད་ལྟ་སྔོན་མ་ནང་བཞིན་འཚོ་བ་ལ་དཀའ་ངལ་ཧ་ཅང་ཆེན་པོ་མེད་ཀྱང་། ང་ནི་ནང་གི་བུ་ཆེ་ཤོས་དེ་ཡིན་སྟབས། ཕ་མ་གཉིས་ལ་དགུན་ཁའི་རིང་ཚོང་རྒྱག་པར་རོགས་པ་བྱེད་ཀྱི་ཡོད།” ཅེས་དང་། ཡང་ཁོས། “དགུན་ཚོང་དེ་ཕར་ཕྱོགས་ནས་ལྟ་དུས་ལས་སླ་བོ་འདྲ་བ་ཞིག་ཡོད་ཀྱང་། དངོས་སུ་ཁྲོམ་རར་བསྡད་སྐབས་ཚོང་ཕོག་གི་ཡོད་མེད་ཀྱི་སེམས་ཁྲལ་གཅིག རྒྱ་གར་བ་ཚོང་ཉོ་མཁན་ཚོས་རྙོག་དྲ་དང་གཉིས། དེའི་ཐོག་དེང་སང་རྐུན་མར་དོགས་ཟོན་ཆེན་པོ་བྱེད་དགོས་ཀྱི་འདུག” ཅེས་བརྗོད་བྱུང་།

ཉེ་ལམ་བོད་པའི་དགུན་ཚོང་བའི་ཁང་པའི་ནང་རྐུན་མ་འཛུལ་སྟེ་སྒོར་མོ་དང་རྒྱུ་དངོས་སོགས་བརྐུས་པའི་གནས་ཚུལ་ཐོན་ཡོད་པ་མ་ཟད། བོད་པའི་ཁྲོམ་རའི་ཉེ་འགྲམ་གྱི་ཡུལ་མི་དང་རྒྱ་གར་བའི་ཚོང་བ་ཚོས་བོད་མི་སུད་ཚོང་བ་ཚོར་མི་དགའ་བའི་རྣམ་འགྱུར་མང་དུ་འགྲོ་ཞིང་ཡོད་པ་ནི་སུད་ཚོང་བར་འདྲི་ན་ཤེས་ངེས་ཡིན། དེ་ནི་རྒྱ་གར་བས་ཕྲག་དོག་བྱེད་པ་ཡིན་ནམ་བོད་པའི་བྱེད་སྟངས་མ་འགྲིགས་པ་ཡིན་ཞིག་ཡིན་ཤེས་ཚོད་ཁག་པོ་རེད། ལོ་ཤས་གོང་ཧཱ་རི་ཡ་ན་(Hariyana)མངའ་སྡེའི་ནང་གི་བོད་མི་སུད་ཚོང་བའི་ཁྲོམ་ར་ཞིག་གཏོར་ཤིག་བྱས་མྱོང་བ་དང་། དེ་འདྲ་བའི་གནས་ཚུལ་སྐྱོ་བོ་ས་གནས་གཞན་ལའང་བྱུང་བ་གོ་རྒྱུ་འདུགརང་ལོ་ ༤༨ སོན་ཞིང་དྷེ་ར་ལྡུན་(Dehradun)མངའ་སྡེའི་ཁོངས་ཡོད་པའི་བདེ་སྐྱིད་གླིང་གཞི་ཆགས་ཀྱི་བཅོས་མིང་ཨ་ཅག་བསྟན་འཛིན་ལགས་ཀྱིས། “བོད་ཀྱི་གཏམ་དཔེ་ལ། ཉི་མ་རིང་དུ་རིང་དུ། རྩམ་པ་ཞིམ་དུ་ཞིམ་དུ་ལབ་སྲོལ་ཡོད་ཀྱང་། ང་ཚོའི་དགུན་ཚོང་ནི་དེ་འདྲ་རེད་མི་འདུག ལོ་ཤས་ནས་སྔོན་མ་ནང་བཞིན་ཚོང་ཕོག་གི་མིན་འདུག་ལ། ད་ནི་ལོ་རེ་ནས་ལོ་རེ་བཞིན་ཚོང་སྡུག་ཏུ་སྡུག་ཏུ་འགྲོ་གི་འདུག སྔོན་མ་ཡིན་ན་ང་ཚོ་མང་ཆེ་བ་རྒྱ་གར་དང་དབྱིན་ཇི་སྐད་ཡིག་ཤེས་ཀྱི་མེད་པ་མ་ཟད། དེང་སང་ནང་བཞིན་ཁ་པར་མེད་པ་དང་ཕར་ཚུར་འགྲིམ་འགྲུལ་བྱེད་དུས་ཀྱང་དཀའ་ངལ་ཆེན་པོ་ཡོད། མཚམས་རེ་ལམ་ཁ་བརླག་འགྲོ་གི་བསམ་པའི་ཞེད་སྣང་ཡང་བྱས་མྱོང་ཡོད། ཡིན་ན་ཡང་། དེ་རིང་ཁ་སང་ནང་བཞིན་ཚོང་མ་ཕོག་པའི་དཀའ་ངལ་དང་སེམས་ཁྲལ་ཡོད་པ་དེ་འདྲ་དྲན་གྱི་མིན་འདུག” ཅེས་གསུངས་སོང་།

ཨ་ཅག་བསྟན་འཛིན་དང་ལྷན་དུ་ཕོ་གཞོན་ཞིག་འདུག ཁོ་བལྟས་ན་སློབ་སྦྱོང་གང་མཚམས་བྱས་མྱོང་བ་དང་དེང་དུས་ཀྱི་སྤྱི་ཚོགས་ལ་རྒྱུས་མངའ་ཆེན་པོ་འདུག ཁོས་གུས་པར། “སྤྱིར་ང་ཚོའི་མི་རབས་རྒན་པ་ཚོ་བཀའ་དྲིན་ཆེན་པོ་དང་། ལྷག་པར་དུ་བོད་ས་རྒྱ་འོག་ཏུ་ཤོར་ནས་ཉག་ཕྲ་བའི་དུས་དེར་ཁོང་ཚོས་སེམས་ཤུགས་མ་ཆག་པར། མི་ཡུལ་དུ་འཚོ་བའི་གཞི་རྟེན་ཆེད་ཐོག་མར་ལམ་བཟོའི་ལས་ཀ་བྱས་པ་དང་རྗེས་སུ་རིམ་གྱིས་དགུན་ཚོང་བརྒྱབས་པ་རེད། འོན་ཀྱང་། དེང་སང་འཕྲུལ་ཆས་རིགས་ཡར་རྒྱས་ཕྱིན་ཏེ་མི་རྣམས་ས་ཆ་གང་སར་འགྲིམ་འགྲུལ་བྱེད་ཐུབ་པ་དང་། དྲ་རྒྱའི་ཐོག་ཁྲོམ་ར་ཉིན་རེ་ནས་ཉིན་རེ་རྒྱ་སྐྱེད་འགྲོ་བཞིན་ཡོད་པས། དྲ་རྒྱའི་སྟེང་རྒྱུ་དངོས་སོགས་རིན་གོང་ཅུང་ཟད་ཆུང་བའི་ཐོག་འཚོང་བ་དང་། རང་གི་འདོད་མོས་ལྟར་ལས་སླ་མོའི་ངང་འཚོལ་སྒྲུབ་ཐུབ་ཀྱི་ཡོད། དེར་བརྟེན། རང་བཞིན་གྱིས་དྲ་རྒྱ་ལས་གཞན་པའི་ཁྲོམ་ར་ལ་ཤུགས་རྐྱེན་ཐེབས་འགྲོ་གི་ཡོད། ང་ཚོའི་ངེས་པར་དུ་དེའི་ཐོག་བསམ་བློ་བཏང་སྟེ་འཚོ་བའི་གཞི་རྟེན་གཞན་ཞིག་འཚོལ་ཐབས་བྱེད་དགོས། དེ་མིན་དགུན་ཚོང་གཅིག་པུར་བརྟེན་བསྡད་ན་མ་འོངས་པར་དཀའ་ངལ་ཞིག་འཕྲད་སྲིད་པ་རེད།” ཅེས་བརྗོད་སོང་།

ལྡི་ལིའི་གསར་འགོད་པ་ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

Wang made a research tour in Tibet from July 19 to 22. [Xinhua/Liu Bin]
Mobile App

རྒྱ་ནག་དམར་ཤོག་ཚོགས་པའི་དབུས་རྒྱུན་ཝང་ཧུའུ་ཉིང་ལྷ་ས་དང་མངའ་རིས་ཁུལ་དུ་ཕྱིན།

ཆུ་ཚོད་ ༡༣ སྔོན་ལ།
Mobile App

སྲིད་སྐྱོང་དང་སྤྱི་འཐུས་ཚོགས་གཙོ་རྣམ་གཉིས་ནས་དབྱིན་ཇིའི་སྲིད་བློན་གསར་བར་འཚམས་འདྲི་གནང་།

ཆུ་ཚོད་ ༡༣ སྔོན་ལ།
Mobile App

རྒྱ་ནག་གཞུང་གིས་རང་བཙན་བློ་དགའ་ལགས་ཀྱི་ཕ་ཡུལ་དུ་དམ་དྲག་ཆེན་པོ་བྱེད་བཞིན་འདུག

ཆུ་ཚོད་ ༡༤ སྔོན་ལ།
མཆོད་རྟེན་བྱ་རུང་ཁ་ཤོར། པར་ KLOOK
Mobile App

རྒྱ་ནག་གཞུང་ཚབ་པས་བོད་རིག་པའི་ཚོགས་འདུ་ལ་ཚོད་འཛིན་དགོས་ལུགས་བཤད།

༢༠༢༦/༠༧/༢༣
Advertisement for App

ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༧/༢༣
བསམ་ཚུལ།

བོད་པའི་འཐབ་རྩོད་ཀྱི་མ་རྩ།

༢༠༢༦/༠༧/༢༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese